མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

གསེར་གྱི་རྟགས་མས་བརྒྱན་པའི་བོད་ཀྱི་ལུས་རྩལ་པ་རྒྱལ་ཏོག་ནོར་བུ་རྒྱལ།

ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།  སྤེལ་དུས།:2019-03-05  རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

http://www.amdotibet.cn/files/Content/7-632073-3_%E5%89%AF%E6%9C%AC.jpg

    ཆུང་དུས་ནས་སྟག་གཞིས་ཞོལ་མའི་རི་བོ་དང་ནགས་ཚལ་བརྒལ་ནས་ཡོང་ཞིང་རྒྱུག་ན་འདོ་རིགས་རྟ་དང་འདྲ་ལ།ཟུངས་ཁྲག་གི་རྒྱུ་བ་རྒྱུན་ཆད་མེད་པར་ཚར་དུ་དངར་བའི་འབྲུ་གུ་རི་བོའི་ཕྱོགས་སུ་འཁོར་ཡོད་ཅིང་།དཀའ་བའི་རྔུལ་ཆུ་རེ་རེ་ཡང་རང་ཡུལ་གྱི་རི་བོ་དང་ཆུ་བོའི་དཀྱིལ་དུ་བཞུར་ཡོད།འདི་ནི་འབྲུ་གུ་རི་བོའི་ལུས་རྩལ་པ་རྒྱལ་ཏོག་ནོར་བུ་རྒྱལ་རེད།ཁོང་ནི་པོ་ལང་རི་བོའི་བྱེས་བགྲོད་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་དེ་ཡིན་པར་མ་ཟད།དྲ་ཐོག་ཏུ་སྐད་གྲགས་ཆོད་པའིཀྲུང་གོའི་བྱེས་བགྲོད་ཀྱི་གསར་རྒོད་དང་པོདེའང་རེད།
   
ཟླ2པའི་ཚེས20ཉིན།གསར་འགོད་པ་འཇུ་ལག་ཧེས་རིགས་རང་སྐྱོང་རྫོང་འབྲུ་གུ་ཞང་གི་ཞང་ཀྲང་དབྱང་སྐལ་བཟང་དང་མཉམ་དུ་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་དང་།བྱེས་བགྲོད་འགྲན་བསྡུར་གྱི་ཨང་དང་པོ་ལེན་མཁན་རྒྱལ་ཏོག་ནོར་བུ་རྒྱལ་གྱི་ཕ་ཡུལ་འབྲུ་གུ་ཞང་སྟོང་ཤུལ་སྡེ་བར་བཅར་འདྲིར་བསྐྱོད་པ་ཡིན།
   
འབྲུ་གུ་ཞང་སྲིད་གཞུང་བརྒྱུད་དེ་རི་བོ་ཞིག་ལ་སྐོར་བ་རིང་པོ་ཞིག་བརྒྱབ་རྗེས་མིང་ལསྟག་གཞིས་ཞོལ་མཟེར་བའི་སྡེ་བ་ཞིག་མཐོང་ཐུབ་པ་དེ་ནི་རྒྱལ་ཏོག་ནོར་བུ་རྒྱལ་གྱི་ཕ་ཡུལ་རེད།ཨར་འདམ་གྱི་ལམ་དེ་གུ་དོག་ཅིང་གཟར་ལ། སྡེ་བའི་ལམ་ཁ་ནས་ལེ་བར་གཅིག་ལྷག་གི་གྱེན་ལམ་ཞིག་ལ་བསྐྱོད་རྗེས།རྒྱལ་ཏོག་ནོར་བུ་རྒྱལ་ཚང་གི་ཁང་བའི་འགྲམ་དུ་སླེབས་བྱུང་།རྫ་གཡམ་ཅན་གྱི་ཁང་བ་དེ་ནི་བྱང་གི་ཕྱོགས་སུ་ཡོད་པ་དང་ཁང་བའི་ཁ་ལྷོ་ཕྱོགས་སུ་འཁོར་ཞིང་རི་རྐེད་དུ་ཆགས་ཡོད་པས།མཐོ་སར་འཛེགས་ནས་རྒྱང་ལྟ་བྱས་ན་ཡུལ་ལྗོངས་ལྟ་ན་སྡུག་ཅིང་།མི་མཐོང་ས་གཅིག་ཀྱང་མེད་པ་ཞིག་རེད།སྒོ་ཆེན་ལས་ཡར་འཛུལ་བ་ན་གཙང་ཞིང་གྲལ་དག་པའི་ར་སྐོར་ཞིག་ཡོད་ཅིང་།སྒོ་ཕྱེས་ནས་ནང་དུ་བལྟས་པ་ན་གཟི་བརྗིད་དཔང་ཡིག་དང་གཟེངས་བསྟོད་རྟགས་མ་མང་པོ་མིག་གི་རྒྱན་དུ་མངོན་ཡོང་།
   
རྒྱལ་ཏོག་ནོར་བུ་རྒྱལ་གྱི་ཨ་མ་ལིག་སྐྱིད་མོས་ང་ཚོར་སྣེ་ལེན་བྱས་ཤིང་།ཁོའི་ཨ་ཕ་ཁ་ལོ་པའི་འཛིན་ཡིག་ལེན་དུ་སོང་བས་ཡུལ་ན་མི་འདུགཁོའི་ཨ་ཁུ་ཡིས་ང་ཚོ་ལ་རྒྱལ་ཏོག་ནོར་བུ་རྒྱལ་གྱི་མི་ཚེའི་བརྒྱུད་རིམ་དང་འཚོ་བའི་ཉམས་མྱོང་སྐོར་ནས་གླེང་མོལ་བྱས་བྱུང་།
    “
ཁོ་ལོ་བརྒྱད་དགུ་ཙམ་ལ་སླེབས་སྐབས་ནས་བཟུང་རི་ཁུལ་དུ་རྒྱུག་གི་ཡོད་ཅིང་།སུ་ཚང་གི་བ་གླང་དང་ར་མ་སོགས་བོར་བ་ཐོས་ཚེ་ཁོ་རང་འགུལ་ངང་རྒྱུག་ནས་འཚོལ་གྱིན་ཡོད།རི་མགོ་འདི་ནས་ལ་མགོ་གན་གི་བར་ལ་སྐབས་རེར་དུས་ཚོད་འགའི་ལམ་ཐག་དང་ལན་རེར་ཉིན་གཅིག་གི་དུས་ཚོད་དགོས་ཀྱང་ནོར་ལུག་དེད་ནས་ཕྱིར་ཐོན་ངེས་ཡིན།ལས་ལ་བརྩོན་ཞིང་དཀའ་སྡུག་ཆེ་བའི་གཤིས་ཀ་དེ་ཆུང་དུས་ནས་ཆགས་པ་ཡིནཞེས་བཤད།དེས་ན། ཁོའིཀྲུང་གོའི་བྱེས་བགྲོད་སྐྱེས་པ་ཨང་དང་པོཞེས་པའིགཞི་རྩའི་རྩལདེ་ཇི་ལྟར་སྦྱང་བ་ཡིན་ནམ་ཞེ་ན།

http://www.amdotibet.cn/files/Content/7-086533-4_%E5%89%AF%E6%9C%AC.jpg

    ད་ལོར་ལོ25ལ་སོན་པའི་རྒྱལ་ཏོག་ནོར་བུ་རྒྱལ་ནི1994ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་རྫོང་འབྲུ་གུ་ཞང་སྟོང་ཤུལ་སྡེ་བར་སྐྱེས་པ་དང་།བྱིས་དུས་ཀྱི་ལོ་ཟླ་ནི་ནོར་ལུག་དང་ལྷན་དུ་བསྐྱལ་བ་ཞིག་ཡིན།ཁོ་རང་ཆུང་དུས་ནས་རི་ཁུལ་དུ་ཡར་རྒྱུག་མར་རྒྱུག་བྱེད་པར་དགའ་ཞིང་།ལུག་ཁྱུ་དེད་ནས་སྐྱིད་པོ་གཏོང་རྒྱུར་དགའ།འདི་ནི་ཁོའི་ཆུང་དུས་ཀྱི་འཚོ་བའི་རྣམ་པ་ཙམ་ཡིན། སྐབས་དེར། རྒྱལ་ཏོག་ནོར་བུ་རྒྱལ་གྱིས་རང་ཉིད་ལ་རྒྱུག་རྩལ་ཕྱོགས་ཀྱི་ལྷན་སྐྱེས་ནུས་བླ་ན་མེད་པ་ཞིག་ལྡན་པ་ད་དུང་ཤེས་རྟོགས་བྱུང་མེད།མཐོ་འབྲིང་ལ་སླེབས་པའི་སྐབས་ཤིག་ལ།རྒྱལ་ཏོག་ནོར་བུ་རྒྱལ་སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོའི་ཚུལ་གྱིས་རྫོང་མཁར་དུ་སྤེལ་བའི་གྲོང་ཁྱེར་སྐོར་རྒྱུག་འགྲན་སྡུར་ལ་ཞུགས།འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་དེ་རུ་ལས་སླ་མོའི་སྒོ་ནས་ཨང་དང་པོ་བླངས།
   
དྲང་མོར་བཤད་ན་རྒྱལ་ཏོག་ནོར་བུ་རྒྱལ་ཨང་དང་བོའི་བགྲོད་ལམ་འདིར་ཞུགས་པར་ཧ་ཅང་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ཡོད་པ་ནིརྒྱུན་འཁྱོངས་རེད།རི་ནང་གི་བྱིས་པ་ཞིག་ལ་མཚོན་ན་རྒྱུག་ཐུབ་མཁན་མི་ཉུང་བ་ཞིག་ཡོད་མོད།རང་ཉིད་ཀྱི་ཕུགས་འདུན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་མཁན་མང་པོ་མི་འདུགཞང་ཀྲང་དབྱང་སྐལ་བཟང་གིསངས་རྒྱུས་ལོན་བྱས་པའི་རྒྱལ་ཏོག་ནོར་བུ་རྒྱལ་ཐེངས་འདིའི་གྲོང་སྐོར་འགྲན་བསྡུར་ལ་ཞུགས་རྗེས་ད་གཟོད་རང་ཉིད་ལ་འགྱུར་མེད་ཀྱི་ཕུགས་བསམ་ཞིག་མངོན་བྱུང་བ་རེད།ཅེས་གསར་འགོད་པར་བཤད།
   
རྒྱུག་ན་རྒྱུག་ནས་མིང་གྲགས་ཅན་ཞིག་ཏུ་འགྱུར་དགོས་པས་རྒྱལ་ཏོག་ནོར་བུ་རྒྱལ་གྱིས་སྦྱོང་བརྡར་བྱེད་དུས་ཀྱང་རྐང་བའི་རྗེ་ངར་སྟེང་དུ་བྱེ་ཁུག་བསྡམས་ནས་རྒྱུག་རྩལ་སྦྱོང་བརྡར་བྱེད་ལ།རྒྱུན་དུ་ཆུ་དམར་མདོ་ནས་ར་རྫི་ཐང་བར་རྒྱུག་པ་དང་དེ་ནས་ཡང་རྒྱུག་ནས་ཁྱིམ་དུ་ལོག་པས་ཕར་ཚུར་གྱི་ལམ་ཐག་ནི་སྤྱི་ལེ་བཅུ་ལྷག་ཙམ་ཞིག་རེད།
    “
ཁོ་དམའ་འབྲིང་འགྲིམས་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ངའི་སེམས་སུ།གལ་ཏེ་ཁོའི་ལྟོ་བརྒྱབ་ཙམ་གསོ་ཐུབ་སོང་ན་བཟང་སྙམ་ནས་རྒྱུག་རྩལ་གྱི་བྱ་བ་འདིར་ནམ་ཡང་རེ་བ་བཅངས་མ་མྱོང་།མཐོ་འབྲིང་མཐར་ཕྱིན་རྗེས་ཁོས་ཙུན་དབྱི་དགེ་ཐོན་སློབ་གླིང་དུ་རྒྱུགས་འཕྲོད་སོང་ལ།གོ་ཐོས་སུ་སློབ་གྲྭའི་ལུས་རྩལ་འགྲན་བསྡུར་ལ་ཞུགས་པ་དང་ཟིན་ཐོ་གསར་བ་བརྒལ་སོང་བས།རྒྱུག་རྩལ་ལ་སྤྲོ་བ་ཆེན་པོ་སྐྱེ་ནས་འགྲན་བསྡུར་གང་མང་ཞིག་གི་ནང་དུ་ཞུགས་པར་མ་ཟད།ད་དུང་བྱ་དགའི་བུམ་པ་དང་གཟེངས་བསྟོད་རྟགས་མ། གཟི་བརྗིད་དཔང་ཡིག་ཀྱང་འགའ་ཤས་བླངས་ཡོད་པ་རེད།བྱིས་པའི་རྔུལ་ཆུ་དང་ལེགས་འགྲུབ་གླེང་དུས་རྒྱལ་ཏོག་ནོར་བུ་རྒྱལ་གྱི་ཨ་མ་ལིག་སྐྱིད་མོའི་མིག་མདངས་ལ་སྤོབས་ཉམས་ཤིག་དང་སྙིང་རྗེ་ཞིག་མངོན་ཡོད།
   
རྒྱལ་ཏོག་ནོར་བུ་རྒྱལ་ཚང་གི་འགྲུལ་ཁང་གི་གྱང་ངོས་སུ་ཁོ་རང་འགྲན་བསྡུར་ལ་ཞུགས་ནས་ཐོབ་པའི་གཟེངས་བསྟོད་རྟགས་མ37ལྷག་ཙམ་བཀལ་ཡོད།བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་གཟེངས་བསྟོད་རྟགས་མས་མི་རྣམས་མིག་འཁྲུལ་བར་བྱེད་ལ་ལྗིད་ཏིག་ཏིག་གི་གཟེངས་བསྟོད་རྟགས་མ་དེ་དག་མང་ཆེ་བ་ནི་ཨང་དང་པོ་ཐོབ་པའི་གཟེངས་བསྟོད་རྟགས་མ་རེད།རྒྱུས་ལོན་པ་ལྟར་ན། 2016ལོ་ནས2017ལོའི་བར་གྱི་ལོ་གཉིས་ཙམ་གྱི་དུས་ཚོད་ནང་།ཁོ་སྔ་ཕྱིར་ཁྱོན་བསྡོམས་ཐེངས80ལྷག་ཙམ་གྱི་འགྲན་བསྡུར་ལ་ཞུགས་པ་དང་ཨང་དང་བོའི་རྟགས་མ50བླངས་པ་རེད།བར་སྐབས་ཤིག་ལལྷ་ཡི་སྲས་པོདངཀྲུང་གོའི་བྱེས་བགྲོད་ཀྱི་གསར་རྒོད་དང་བོའི་ཁྲོད་སྨྱན་སྦྱོར་མང་པོ་ཞིག་གི་ལུས་རྩལ་གསར་འགྱུར་དང་བོའི་གོ་གནས་བཟུང་ལ་རྒྱལ་ཏོག་ནོར་བུ་རྒྱལ་གྱི་མིང་ཡང་སྔར་ལས་ལྷག་པར་དྲ་ལམ་ཡོངས་སུ་ཁྱབ།གཟི་བརྗིད་དང་བསྔགས་བརྗོད་གཅིག་རྗེས་གཉིས་མཐུད་དུ་བྱས་ནའང་ཁོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་ལ་འགྱུར་བ་་གཏན་ནས་མེད་པ་རེད།
   
ཁོ་རང་ཉིད་ཀྱིས་བཤད་པ་ལྟརབྱ་བ་གང་བྱས་ཀྱང་ཚང་མ་རྨི་ལམ་དང་འདྲ།རི་རྩེ་རེ་རེ་བརྒལ་བ་ནི་རྨི་ལམ་གྱི་མཐའ་མ་ཡིན་པར།གོམ་སྟབས་མཚམས་མ་བཞག་པར་མདུན་དུ་སྐྱོད་ན་མཐའ་མཇུག་དེ་ནམ་ཡིན་ཡང་མཐོ་སར་གནས་ཡོད།ཟེར།
   
ཐོག་མར་དཀའ་བ་སྤྱད་ན་རྒྱལ་ཁམས་རང་གི་ལག་ན་ཡོད་ཅེས་པ་བཞིན་སྐབས་འདིའི་རྒྱལ་ཏོག་ནོར་བུ་རྒྱལ་ནི་བློ་དཀར་གཞུང་དྲང་གི་དཔའ་རྒོད་ཅིག་དང་འདྲ་བར།རང་གིས་རང་ལ་ཐོད་བརྒལ་བྱེད་འདོད་ཀྱི་ཕུགས་བསམ་ཞིག་གི་ཕྱིར་དུ།འགྲན་སྡུར་ཆེ་མ་ཆུང་གསུམ་མང་བོ་བརྒྱུད་ནས་རང་ཉིད་ཀྱི་འཇོན་ནུས་བདེན་དཔང་བྱེད་ཀྱིན་ཡོད།སྤྱི་ལོ2016ལོར་ཁོ་རང་སྔ་གཞུག་ཏུ་འགྲན་སྡུར46ལྷག་ལ་ཞུགས་པའི་ནང་སྤྱི་ལེ50ཅན་གྱི་འགྲན་སྡུར15ཡོད་ཅིང་འགྲན་སྡུར་ཆེས་མང་དུས་སུ་ཟླ་བ་གཅིག་གི་ནང་འགྲན་སྡུར7ལྷག་ལ་ཞུགས་དགོས་ཀྱང་ཁོས་ཚང་མ་ཨང་དང་བོ་འཆོར་མེད་དུ་བླངས་པ་ཡིན་ཟེར།
   
འདི་ལྟར་ཁོས་རྒྱུན་ཆད་མེད་པར་ཉམས་མྱོང་དང་གོ་སྐབས་བཙལ་ནས་ལོ་ཐུང་ངུ་འདིའི་རིང་ལ་རྒྱུག་རྒྱུར་དགའ་མཁན་ཞིག་ནས་ཆེད་ལས་རྒྱུག་མཁན་ཞིག་གི་གོ་རིམ་བརྒྱུད་དེ་ནམ་རྒྱུན་འགྲན་སྡུར་ལ་འགྲོ་ཐེངས་རེར་ཕ་ཡུལ་མི་དམངས་ལ་རེ་བ་གསར་བ་ཞིག་དང་གྲུབ་འབྲས་གསར་བ་ཞིག་གི་ལེགས་སྐྱེས་འབུལ་དང་དབུལ་བཞིན་ཡོད་པས་ཕ་ཡུལ་དང་མི་དམངས་ཀྱིས་ཁོ་ལ་རེ་སྒུག་གི་མིག་ཟུང་གཅིག་དུ་གཏད་ཡོད་པའི་མཚམས་འདིར།ཏག་ཏག་ཁོས་གོམ་པ་ཇེ་དལ་དུ་བཏང་བྱུང་། ཁོས་བཤད་རྒྱུར།སྔོན་ཆད་ངས་གང་ལ་འང་མ་བལྟས་པར། ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་རྒྱུག་པ་ཡིན་པས།ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ངོ་མ་སྐྲག་ནི་ཞིག་རེད།དེ་བས་ངས་གོམ་ཁ་ཇེ་དལ་དུ་བཏང་ནས་རང་གི་ལུས་རྩལ་གྱི་འཚོ་བ་དང་མི་ཚེ་འདིར་གཅེས་སྤྲས་བྱེད་ཀྱི་ཡོད།ན་ནིང་ལྟ་བུར་མཚོན་ན་ཁོ་རང་འགྲན་སྡུར་བཅུ་ལྷག་ལ་མ་གཏོགས་མ་ཞུགས་ཟེར།
   
ད་ལྟའི་རྒྱལ་ཏོག་ནོར་བུ་རྒྱལ་ནི་ཆེད་ལས་ལུས་རྩལ་པའི་སེམས་ཁམས་དང་མཐོང་རྒྱ་ལྡན་འདུག་པས་ཁོས་གོམ་པ་རེ་རེའང་བརྟན་འཇགས་དང་ཡིད་ཆེས་ཀྱིས་སྤོ་བཞིན་འདུགཁོས་བཤད་རྒྱུར། རང་ཉིད་ཀྱི་གསེར་དང་འདྲ་བའི་ལང་ཚོའི་དུས་འདིར་ཅིས་ཀྱང་སྔར་ལས་ཆེ་བའི་འགྲན་སྡུར་དག་ལ་ཞུགས་རྒྱུ་ཡིན་ཟེར།
   
ཁོ་ནི་མི་ཁ་བརྡ་ཅན་ཞིག་ཡིན།ནམ་རྒྱུན་མི་དང་ཁ་བརྡ་བཤད་སྐབས་ཞི་འཇམ་ཁེངས་སྐྱུང་གི་སྒོ་ནས་མི་རྣམས་ལ་ནམ་ཡང་བྱམས་བརྩེའི་ཚོར་སྣང་ཞིག་སྦྱིན་ཐུབ།ཁེངས་སྐྱུང་དང་གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ་དང་མི་གཤིས་བཟང་བའི་ཐོག་ལ་ཁོང་རང་གི་འབད་པ་དང་ཧུར་བརྩོན།དེ་མིན་ཁོའི་བཀའ་དྲིན་ཅན་གྱི་དགེ་རྒན་དབྱང་ཅ་ཀེན་གྱི་མཛུབ་ཁྲིད་ཀྱིས་དེ་རིང་གི་གྲུབ་འབྲས་འདི་ཐོབ་པ་ཡིན་ཞེས་དབྱང་སྐལ་བཟང་གིས་བཤད་བྱུང་།
   
ཁོས་དངོས་གནས་སྡུག་མྱངས་སོང་།ནམ་རྒྱུན་ཡུལ་ལ་ལོག་ཐེངས་རེར་ཁོའི་ལུས་པོ་ཉིན་རེ་བཞིན་རིད་ཀྱིན་འདུགཁོའི་རྐང་བར་ངས་ཀྱང་བལྟ་མི་ཕོད།རྐང་མཐིལ་གྱི་སྐྱི་མོ་རིམ་པ་དང་རིམ་པ་བྱས་ནས་ལྷུང་བ་དང་།མཐེ་བོང་གི་སེན་མོ་བརྡར་ཚར་འདུགསྦྱོང་བརྡར་གྱི་དཀའ་ཚད་ཆེ་བས་ངོ་མ་སྙིང་རྗེ་སྟེ་སེམས་ཀྱིས་བཟོད་ཐུབ་མི་འདུགལོ་འདི་དག་གི་སྔོན་ལ་ཨང་དང་པོ་ལེན་མ་ཐུབ་དུས་ང་ཚོར་སྐད་འཕྲིན་གྱིས་ལམ་ནས་སྐད་ཀྱང་མི་བསྐུར་བ་དང་།ཨང་དང་པོ་བླངས་ན་ད་གཟོད་ང་ཚོར་གཏམ་བཟང་བསྒྲགས་ཡོང་།ཞེས་གཟུགས་གཞི་སྐམ་ལ་ཆུང་བའི་ཨ་མའི་གདོང་ནས་བུ་ལ་གནང་བའི་བྱམས་བརྩེ་དེ་མངོན་ཡོད།
   
ཨང་དང་པོ་ནམ་ཡང་མ་བླངས་ན་ཡང་།ཨང་དང་པོ་ཐོབ་འདོད་ཀྱི་སེམས་ཞིག་ནམ་ཡང་དོར་མ་མྱོང་།ཁོས་བསམ་འདུན་འཚོལ་སྙེག་གི་སྙིང་སྟོབས་ཤིག་ནམ་ཡང་རྒྱུད་ལ་བཅངས་ནས་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ར་བར་བསྐྱོད་པ་ཡང་།ལུས་རྩལ་པ་མང་པོ་ཡོད་པའི་མཐར་ཐུག་གི་བསམ་འདུན་དེ་མ་ཡིན་ནམ། ཨོ་རྩལ་འགྲན་ཚོགས་ནི་ཚང་མའི་ཕུགས་འདུན་ཡིན།ང་ཡང་དེ་ལས་མ་འདས། 2020ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ལ་ཞུགས་པའི་འདུན་པ་ཤིན་ཏུ་ཆེ་བས།ད་ལོར་ནུས་ཤུགས་ཡོད་རྒུས་འདེམས་སྒྲུག་འགྲན་བསྡུར་ལ་ཧུར་བརྩོན་བྱས་པ་ཡིན། ཞེས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཏོག་ནོར་བུ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

གོང་མ།:བཅོས་སྒྱུར་སྒོ་འབྱེད་ལོ་ངོ40འཁོར་བར་ཕུལ་བྱུང་བྱས་རྗེས་བྱ་དགའ་ཐོབ་མཁན་རྒྱས་བཟང་བསོད་ནམས་དར་རྒྱས།

ཞོལ་མ།:༄༅།།རྡོ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235