མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
མི་སྣ་ངོ་སྤྲོད།
 

མོ་ཐྲོལ་རིན་ཆེན་སྒྲོལ་མ་འཛམ་གླིང་གི་གར་སྟེགས་སུ་བུད་པ།

ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།  སྤེལ་དུས།:2019-03-05  རྩོམ་པ་པོ།:མཚོ་སྔོན་པོ་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

http://www.amdotibet.cn/files/Content/18-308501-5.jpg
མོ་ཐྲོལ་རིན་ཆེན་སྒྲོལ་མ།

http://www.amdotibet.cn/files/Content/18-640637-3.jpg
མོ་ཐྲོལ་རིན་ཆེན་སྒྲོལ་མ།

http://www.amdotibet.cn/files/Content/18-069464-2.jpg
མོ་ཐྲོལ་རིན་ཆེན་སྒྲོལ་མ།

http://www.amdotibet.cn/files/Content/18-504209-11.jpg
མོ་ཐྲོལ་རིན་ཆེན་སྒྲོལ་མ།

http://www.amdotibet.cn/files/Content/18-091038-4.jpg
མོ་ཐྲོལ་རིན་ཆེན་སྒྲོལ་མ།

    རིན་ཆེན་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་སྦྲེལ་ནག་སྡེ་བར་སྐྱེས།ལོ15སྟེང་ནས་གླུ་དང་བྲོ་གར་འཁྲབ་སྟོན་བྱེད་པའི་མགོ་བརྩམས་ཤིང་།བོད་ལྗོངས་ཡུལ་སྐོར་སྣང་བརྙན་འཐུས་ཚབ་ཀྱི་གཟེངས་རྟགས་ཐོབ་རྗེས་ཡུན་རིང་ལ་ཆེད་ལས་ཀྱི་བྲོ་གར་འཁྲབ་སྟོན་གནང་སྟེ།ཆེད་ལས་ཀྱི་སྐད་ངག་སྦྱོང་བརྡར་བྱས་པ་མ་ཟད་མི་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་ཀྱང་སྤེལ་ལ།2009ལོ་ནས་བཟུང་ཀོང་ཀྲིག་ཏུ་བདེ་བླག་ངང་རིན་ཆེན་སྒྲོལ་མའི་མི་སྒེར་གླུ་གཞས་ཆེད་ཚོགས་བསྡུས།ཀོང་ཏུང་ཞིང་ཆེན་སྐབས་བཅུ་བའི་ཀྲུང་ཧྭའི་བསྟོད་གླུ་བརྒྱ་བའི་གླུ་ལེན་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་།2008ལོ་ནས་བཟུང་ས་གནས་ཀྱི་མི་རིགས་གླུ་གཞས་བཅུད་ལེན་གནང་ལ། 2016ལོར་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་སྦྱོང་བ་བྱས་ཏེ་གླུ་གཞས་རིག་གནས་མི་དམན་པ་ཚུར་ལེན་དང་།གནའ་བོའི་བོད་རིགས་ཀྱི་ས་གནས་དམངས་གླུ་ལེགས་སྒྲིག་རྒྱུན་འཁྱོངས་སྒོས་གླུ་གར་གྱི་སྟེགས་བུ་ཆེ་འབྲིང་ཆུང་གསུམ་དུ་འཁྲབ་སྟོན་གནང་བ་རེད།
    2018
ལོའི་ཟླ11པའི་ཚེས9ཉིན།ལོ་རེའི་རྒྱལ་སྤྱིའི་མོ་ཐྲོལ(model)འགྲན་བསྡུར་གྱི་ཡ་གླིང་སྤྱིའི་རྟིང་རྩོད་དེ་ཧང་ཀྲིག་ཏུ་བསྡུས་ཤིང་།ཀྲུང་གོ་དང་ཉི་ཧོང་། ཐའེ་ལན་སོགས་རྒྱལ་ཁབ་མང་པོའི་འགྲན་ཞུགས་པ60ལྷག་ཞུགས་ཡོད་པ་དང་།དེར་སྤྱིའི་རྟིང་རྩོད་ཀྱི་ཕུལ་བྱུང་ལྔན་ལས།སི་ཁྲོན་དཀར་མཛེས་ས་ཁུལ་གྱི་ཡོན་ཏན་དབང་རྒྱལ་ལ་ཕུལ་བྱུང་ཚོང་སྤྱོད་རིན་ཐང་བྱ་དགའ་ཆེན་མོ་དང་སི་ཁྲོན་དཀར་མཛེས་ཀྱི་རྟ་མགྲིན་ཟླ་བ་ལ་ཕུལ་བྱུང་ཡ་གླིང་སྐར་བཀྲ་བྱ་དགའ་ཆེན་མོ།བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཚེ་དབང་ཁྲོ་ཟེར་ལ་ཕུལ་བྱུང་གཟུགས་མཛེས་ཀྱི་བྱ་དགའ།སྤྱིའི་རྟིང་རྩོད་ཀྱིTསྟེགས་ཚན་ཆུང་གི་ཕུལ་བྱུང་བཅུ་ལས།ཡུན་ནན་སེམས་ཀྱི་ཉི་ཟླའི་ཚེ་དབང་ཆོས་སྒྲོན་ལ་ཕུལ་བྱུང་མཛེས་ལྡན་བྱ་དགའ།སྤྱིའི་རྟིང་རྩོད་ཀྱི་ངོས་མཉམ་ཚན་ཆུང་གི་ཕུལ་བྱུང་བཅུ་ལས།མཚོ་སྔོན་མང་རྫོང་གི་རིན་ཆེན་སྒྲོལ་ལ་ཕུལ་བྱུང་ཚོང་སྤྱོད་རིན་ཐང་གི་བྱ་དགའ་བཅས་ཐོབ་པ་རེད།
   
དེ་མིན་རིན་ཆེན་སྒྲོལ་མ་ནི2018ལོའི་འཛམ་གླིང་ཡུལ་སྐོར་སྒེག་མའི་རྒྱལ་སྤྱིའི་འགྲན་བསྡུར(ཀྲུང་གོའི་འགྲན་ཁུལ)དུ་ཚུད།འཛམ་གླིང་ཡུལ་སྐོར་སྒེག་མའི་རྒྱལ་སྤྱིའི་འགྲན་བསྡུར(MissTourism of the Globe)ནི1971ལོར་ཨ་རིའི་ཧོ་ལེ་ཝུའུ་མཛེས་སྡུག་གཟབ་ཚོགས་རྩ་འཛུགས(FestivalOf Beauty)ཀྱི་ཀྲུའུ་ཞི་ཁྲ་ལེ་སེCharlie Seeཡིས་བཙུགས་པ་དང་།འགྲན་བསྡུར་འདིའི་དམིགས་ཡུལ་ནི་རྒྱལ་ཁབ་འདི་དང་ས་ཁུལ་གྱི་ཡུལ་སྐོར་སྣང་བརྙན་འཐུས་ཚབ་འདེམ་རྒྱུ་དེ་ཡིན་ལ།འགྲན་བསྡུར་འདི་ནི་རྒྱལ་ཁབ60ལྷག་ཏུ་ཁས་ལེན་ཐོབ་ཅིང་།འཛམ་གླིང་དུ་ལོ་རྒྱུས་རིང་ལ།དབང་གྲགས་རང་བཞིན་ཆེས་ཆེར་ལྡན་པའི་ཡུལ་སྐོར་སྒེག་མའི་འགྲན་བསྡུར་གྱི་གྲས་ཤིག་ཡིན།འདི་ནི་འཛམ་གླིང་ཡོངས་ཡུལ་སྐོར་སྒེག་མ་དང་། རྒྱལ་སྤྱིའི་ཡུལ་སྐོར་སྒེག་མ།འཛམ་གླིང་ཡུལ་སྐོར་སྒེག་མ་བཅས་དང་སྡེབ་སྟེ་འཛམ་གླིང་ཡུལ་སྐོར་སྒེག་མའི་འགྲན་བསྡུར་རྩེར་སོན་ཆེན་མོ་བཞི་རུ་གྲགས།

གོང་མ།:དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་ཡི་ལོ་རྒྱུས།

ཞོལ་མ།:བཅོས་སྒྱུར་སྒོ་འབྱེད་ལོ་ངོ40འཁོར་བར་ཕུལ་བྱུང་བྱས་རྗེས་བྱ་དགའ་ཐོབ་མཁན་རྒྱས་བཟང་བསོད་ནམས་དར་རྒྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235