མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དྲུག་བསྡུས་པ།

ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།  སྤེལ་དུས།:2015-11-04  རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  ཉེ་ལམ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་དྲུག་པ་དེ་ཝུའུ་ལུའུ་མུའུ་ཆི་རུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། རང་སྐྱོང་ཁུལ14ཡི་མི་རིགས20ལྷག་དང་སྐད་ཡིག19ཡི་འཐུས་ཚབ་དང་འབྲེལ་ཡོད་ཆེད་མཁས་པ་དག་གིས་རང་རྒྱལ་མི་རིགས་སྐད་ཡིག་གི་སྲིད་ཇུས་དང་། ལོ་ཙཱའི་གཞུང་ལུགས་དང་ལག་ལེན། མིག་སྔའི་ལོ་ཙཱ་ཁྲོད་འཕྲད་པའི་གོ་སྐབས་དང་འགྲན་རྩོད་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་བྱས།
    རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རང་རྒྱལ་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་སུ་ལོ་གཉིས་ལ་ཐེངས་རེར་སྤེལ་བའི་ཚོགས་འདུ་ཆེན་མོ་ཞིག་ཡིན་ཞིང་། ཀྲུང་གོའི་ལོ་ཙཱའི་མཐུན་ཚོགས་མི་རིགས་སྐད་ཡིག་ལོ་ཙཱ་ཨུ་ཡོན་ལྷན་ཚོགས་ཀྱིས་བློ་བཏོན་པ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་གཙོ་སྒྲུབ་གནང་བ་ཞིག་ཡིན། བགྲོ་གླེང་ཚོགས་འདུ་ནི1985ལོའི་ཟླ8པར་ཝུའུ་ལུའུ་མུའུ་ཆི་རུ་ཐེངས་དང་པོར་བསྡུས་པ་ནས་བཟུང་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མཐོང་ཆེན་ཆེན་མོ་བྱས་ལ། ཞིན་ཅང་དང་། བོད་ལྗོངས། མཚོ་སྔོན། ནང་སོག ཅི་ལིན། ཧེ་ལུང་ཅང་། ཀོང་ཞི། ཡུན་ནན། སི་ཁྲོན། ཀོས་ཀྲིག ཀན་སུའུ་སོགས་འབྲེལ་ཡོད་ཞིང་ལྗོངས་ཀྱིས་སྔ་གཞུག་ཏུ་འགན་སྒྲུབ་གནང་བ་དང་། བགྲོ་གླེང་ཚོགས་འདུ་འདི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་སུ་མིང་དུ་གྲགས་པའི་རིག་གཞུང་མཚན་རྟགས་ཤིག་ཏུ་གྱུར།

གོང་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚོགས་ཆེན་གྱི་གཏམ་བཤད་སྤེལ་བ་དང་ཡུས་ཀྲིན་ཧྲིན་ཚོགས་ཆེན་ལ་ཞུགས།

ཞོལ་མ།:ཚྭ་འདམ་བོད་ཡིག་དྲ་ཚིགས་ཀྱི་པར་གཞི་གསར་བ་བཟོས་ཤིང་ལེ་ཚན་གསར་བ་ཁ་སྣོན་མཛད་པའི་བརྡ་སྦྱོར།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235