མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞིས་ཅིན་ཕིང་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འབྱོར་ནསAPECགྲོས་ཚོགས་སུ་ཞུགས།

ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས།:2015-11-18  རྩོམ་པ་པོ།:བཀྲ་རྒྱལ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཤིན་ཧྭ་དྲ་བར་མ་ནི་ལ་ནས་ཟླ ༡༡ པའི་ཚེས ༡༧ ཉིན་གློག་འཕྲིན་འབྱོར་གསལ། ཕྱི་ཚེས ༡༧ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འབྱོར་ཞིང་། དེ་ག་ནས་འཚོགས་གྲབས་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གསུམ་པ་ཞུགས་རྒྱུ་རེད།

 ས་གནས་དེ་གའི་ཉིན་གུང་ཆུ་ཚོད ༡༢ ཙམ་དུ། ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མ་ནི་ལའི་ཉི་ནོ་ཨ་ཅི་ནོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། ཧྥི་ལི་ཕིན་གྱི་ནོར་སྲིད་བློན་ཆེན་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ནས་གནམ་ཐང་དུ་བསུ་མ་མཛད་ཡོད་ལ། སྲོལ་རྒྱུན་གྱོན་ཆས་གྱོན་པའི་ཧྥི་ལི་ཕིན་གྱི་གཞོན་ནུས་ཞིས་ཅིན་ཕིང་ལ་མེ་ཏོག་གི་དོ་ཤལ་ཕུལ་ཡོད་འདུག ཝང་ཧུའུ་ཉིང་དང་ལི་ཀྲན་ཧྲུའུ། ཡང་ཅེ་ཁྲི་སོགས་སྐུ་འཁོར་མི་སྣ་དག་ཀྱང་ལྷན་དུ་གནམ་ཐང་ལ་འབྱོར་ཡོད་པ་རེད།

 ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འགན་འགོ་གཙོ་ལེང་ཀྲེང་ཡིང་དང་ཧྥི་ལི་ཕིན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་པོ་ཀྲའོ་ཅན་ཧྭ་ཡང་གནམ་ཐང་དུ་བསུ་མ་བྱེད་པར་ཕེབས་འདུག

 ཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི"ཁོད་ཡངས་རང་བཞིན་གྱི་དཔལ་འབྱོར་གསར་གཏོད་བརྒྱུད། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ"ཞེས་པ་དེ་ཡིན་ལ། ཚོགས་ཞུགས་ཁོངས་མི་སོ་སོའི་འགོ་ཁྲིད་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཁེ་ལས་ཆུང་འབྲིང་། མི་ཤུགས་ཐོན་ཁུངས་གསར་སྤེལ། རྒྱུན་མཐུད་ངང་འཕར་སྣོན་སོགས་ཀྱི་གྲོས་གཞི་གཞིར་བཟུང་ནས་གྲོས་བསྡུར་བྱེད་རྒྱུ་རེད་ལ། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་རེད། དེ་ལས་གཞན། ཚོགས་ཞུགས་རིང་ཞིས་ཅིན་ཕིང་ལགས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་རྒྱུ་མ་ཟད་གཙོ་དོན་གསུངས་བཤད་གནང་རྒྱུ་དང་། འགོ་ཁྲིད་པ་དང་བཟོ་ཚོང་བློ་འདྲིའི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གླེང་མོལ་དུའང་ཞུགས་རྒྱུ་རེད།

 ཞིས་ཅིན་ཕིང་ཐེངས་བཅུ་པའི་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཀྱི་མཐོ་རིམ་གྲོས་ཚོགས་མཇུག་རྫོགས་རྗེས་མ་ནི་ལར་འབྱོར་བ་རེད། ས་གནས་དེ་གའི་དུས་ཚོད་ཚེས ༡༦ ཉིན་གྱི་དགོང་མོར་ཞིས་ཅིན་ཕིང་ཐུར་ཁེའི་ཨན་ཐ་ལི་ཡ་དང་བྲལ་པ་ཡིན་ཏེ། ཐུར་ཁེའི་དཔལ་འབྱོར་བློན་ཆེན་ཙིག་ཡེ་པེ་ཁུ་ཆེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ནས་གནམ་ཐང་དུ་སྐྱེལ་མ་ཞུས་འདུག

གོང་མ།:ཞི་ཅིན་ཕེན་གྱིས་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་ལ་མཇལ་འཕྲད་གནང་།

ཞོལ་མ།:བོད་ལྗོངས་ཀྱི་དྲ་ཐོག་བརྙན་འཕྲིན་ནོར་ནོར་དང་ཁ་པར་གྱི་པར་གཞི་བོད་ལ་གཅེས་ཞེས་པ་དངོས་སུ་ཤར་གཏོང་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235