མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕེན་གྱིས་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་ལ་མཇལ་འཕྲད་གནང་།

ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ།  སྤེལ་དུས།:2015-12-04  རྩོམ་པ་པོ།:བཀྲ་ཤིས་འབུམ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གསུམ་ཉིན་ཡོ་ཧན་ནེ་སི་པོ་ནས་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལོས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རི་ལ། ཀྲུང་གོ་དང་ཐོ་ཀོའི་མངའ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཐོ་ཀོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

   ཧྥུའུ་ལོས་ཀྱིས་བཤད་རྒྱུར། ཐོ་ཀོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་གནས་བབ་གསར་བ་དང་འཕྲད་ཡོད་པས། འབྲུ་རིགས་བདེ་འཇགས་དང་གྲུ་ཁ། ལྕག་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དངོས་རྫས་འཁོར་རྒྱུག་སོགས་མངའ་ཁོངས་མང་པོ་ནས་ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་བོ་བྱེད་པར་ཤུགས་སྣོན་པ་དང་ཀྲུང་གོས་ཐོ་ཀོ་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བར་དགའ་བསུ་ཞུ་བ་ཡིན་ཟེར།

གོང་མ།:ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཞོལ་མ།:ཞིས་ཅིན་ཕིང་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འབྱོར་ནསAPECགྲོས་ཚོགས་སུ་ཞུགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235