མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕེན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ།  སྤེལ་དུས།:2016-01-19  རྩོམ་པ་པོ།:བཀྲ་ཤིས་འབུམ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།

ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་མགོ་བརྩམས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།ཁོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་གཅིག་སྡུད་ཤུགས་འདོན་བྱེད་ན།ཐོག་མར་ངེས་པར་དུ་ཤུགས་བསྐྱེད་དེ་གོ་བ་ཟབ་མོ་ལེན་དགོས།དེ་ནི་ཏང་ཀྲུང་དབྱང་གིས་ཚང་མ་མཉམ་དུ་བསྡུས་ནས་སློབ་སྦྱོང་དང་བགྲོ་གླེང་བྱེད་པར་བསམ་གཞིགས་བཏང་བ་རེད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་ལྷག་པར་དུ་གསར་གཏོད་དང་མཐུན་སྦྱོར།ལྗང་མདོག སྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གསར་བའི་འདུ་ཤེས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་།དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲང་ཏི་ཅང་དང་ཡུས་ཀྲིན་ཧྲིན།ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་མཛད་སྒོར་ཞུགས།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ།རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ནི་རྒྱུན་རྣམ་གསར་བར་བསླེབས་པ་དེ་ཡིན།དེ་ནི་རང་རྒྱལ་གྱི་དཔལ་འབྱོར་དེ་རྣམ་པ་ཆེས་བཟང་ཞིང་ལས་བགོས་སྔར་ལས་ལེགས་སྒྱུར་ཡིན་པ་དང་གྲུབ་ཚུལ་སྔར་ལས་ལུགས་མཐུན་ཡིན་པའི་དུས་སྐབས་སུ་ཅིས་ཀྱང་བརྒྱུད་པའི་གོ་རིམ་ཡིན་ལ།རྒྱ་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་མངོན་འགྱུར་བྱེད་པ་དེ་ང་ཚོར་མཚོན་ན་འགྲན་རྩོད་གསར་བ་ཞིག་ཡིན།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་སྐབས།རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་རྒྱུན་རྣམ་གསར་བ་གསལ་བོར་ཤེས་པར་བྱེད་པ།རྒྱུན་རྣམ་གསར་བར་སྣེ་ཁྲིད་བྱེད་པ་དེ་ཁྱོན་ཡོངས་འཕེལ་རྒྱས་དང་བརྒྱུད་རིམ་ཡོངས་སུ་ལག་བསྟར་བྱེད་པའི་གཏན་ཚིགས་ཆེན་པོ་ཞིག་ཡིན།ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་བོར་བལྟས་ན།རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱུན་རྣམ་གསར་བ་དང་རྣམ་པ་གསར་བ།དུས་སྐབས་གསར་བ་མུ་མཐུད་དུ་ཆགས་པར་བྱེད་པ་དང་།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་ནི་བརྒྱུད་རིམ་རིང་བོ་དེའི་དུས་སྐབས་ཤིག་ཡིན།དེ་དངོས་རྫས་འཕེལ་རྒྱས་དུང་འཁྱིལ་བཞིན་དུ་འཕར་བའི་འགུལ་སྐྱོད་ཆོས་ཉིད་དང་ཡོངས་སུ་མཐུན་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་གསར་བ་ཆགས་པར་བྱེད་དགོས།ལག་ལེན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་རང་འགུལ་སྒོས་དཔལ་འབྱོར་འཛམ་གླིང་ཅན་གྱི་རླབས་རྒྱུན་དང་མཐུན་པར་བྱེད་པ་དང་།ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱིས་སྤྱི་ཚོགས་གསར་གཏོད་བྱས་པའི་སྔོན་ཐོན་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དང་ཕན་འབྲས་ལྡན་པའི་དོ་དམ་ཉམས་མྱོང་བཀོལ་སྤྱོད་བྱེད་དགོས།ལག་ལེན་ལ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ།རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་ཆེན་པོ་གཉིས་ཀྱི་རང་རྟོགས་རང་བཞིན་དང་ནུས་པ་ཇེ་ཆེར་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་ང་ཚོར་གསལ་བོར་བསྟན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།ཏང་གི་ལས་བྱེད་པ་ནི་ཏང་གི་ལས་དོན་གྱི་རྐང་འཛིན་པ་ཡིན་པས།ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ་དང་གནད་ཕིགས་ཅན་གྱི་རིགས་གཞུང་གསོ་སྦྱོང་དང་སྲིད་ཇུས་གསོ་སྦྱོང་།ཚན་རྩལ་གསོ་སྦྱོང་། དོ་དམ་གསོ་སྦྱོང་།ཁྲིམས་སྲོལ་གསོ་སྦྱོང་བཅས་སྤེལ་ནས་གནས་བབ་གསར་བ་དང་ལས་འགན་གསར་བ་དང་མཐུན་པའི་ཡིད་ཆེས་ཇེ་བརྟན་དང་ནུས་པ་ཇེ་ཆེར་གཏོང་དགོས།ལས་བྱེད་པར་དོ་དམ་ནན་མོ་བྱེད་པ་དང་ལས་བྱེད་པར་སེམས་ཁུར་ཆེན་པོ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པར་སྤྲོ་སེམས་ཆེ་ཞིང་ཡིད་ཆེས་ཀྱིས་ཁེངས་བར་སྐུལ་འདེད་གཏོང་བ་དང་སྤོབས་པ་ཆེན་པོས་འགན་འཁུར་ཕོད་པར་བྱེད་དགོས།སྤྱོད་ཚུལ་ལེགས་ཤིང་གསར་གཏོད་བརྩོན་ལེན་བྱེད་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ་དང་།ཚད་ཆེན་པོའི་སྒོ་ནས་རྒྱ་ཆེའི་ལས་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ནས།ཁོ་ཚོས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་ལས་སྒྲུབ་ལས་སྤེལ་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་སྐབས་གསུངས་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རིགས་གཞུང་དང་ལག་ལེན།ལོ་རྒྱུས་དང་དངོས་ཡོད་བཅས་ཟུང་འབྲེལ་བྱེད་པ་གཞིར་བཟུང་སྟེ་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་ཅན་དང་འཕེལ་རྒྱས་གསར་བའི་འདུ་ཤེས།མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སོགས་གནད་དོན་གལ་ཆེན་རྒྱས་བཤད་བྱས་པར་མ་ཟད།འཕེལ་རྒྱས་གསར་བའི་འདུ་ཤེས་དངོས་འབེབས་བཟང་བོ་བྱེད་པའི་ཐད་ལ་རེ་བ་གསལ་བོ་བཏོན་ཡོད།གསུང་བཤད་དེ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རྒྱུན་རྣམ་གསར་བའི་འོག་གི་འཕེལ་རྒྱས་ཆོས་ཉིད་ལ་གོ་བ་ཟབ་མོ་ལེན་པ་དང་།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས།བློ་མཐུན་ཡོངས་ཀྱིས་སློབ་སྦྱོང་བཟང་བོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ་ངོས་ཟིན་སྔར་ལས་གསལ་བོ་བྱེད་པ་དང་འགུལ་སྐྱོད་ཐད་ནས་སྔར་ལས་རང་རྟོགས་བྱེད་དགོས་ལ་བྱ་བའི་ཐད་ནས་སྔར་ལས་ཧུར་བརྩོན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ།རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ།དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

གོང་མ།:གཏེར་ལམ་རྫོང་གིས་བོད་རབ་རྒྱན་མེ་ཕོ་སྤྲེལ་ལོའི་ལོ་སར་སྤྲོ་ཚོགས་བསྡུས་པ།

ཞོལ་མ།:ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235