མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན«གླིང་རྗེ་གེ་སར་རྒྱལ་བོ»ཕབ་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   སྤེལ་དུས།:2016-06-27  རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

«གླིང་རྗེ་གེ་སར་རྒྱལ་པོ»ཡི་སྤྱིའི་ཇུས་འགོད་པའམ་འཁྲབ་གཞུང་རྩོམ་པ་པོ།ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ།

ཀྲུང་གོ་ཧྭ་ཞ་རིག་གནས་ཤུལ་བཞག་ཐེབས་རྩའི་གཙོ་སྐྱོང་གནང་བ་དང་། པེ་ཅིན་གསེར་མདོག་སྒྲོལ་མ་གློག་བརྙན་ཚད་ཡོད་ཀུང་ཟིས་ལག་བསྟར་བྱས་པའི«གླིང་རྗེ་གེ་སར་རྒྱལ་པོ»ཞེས་པའི་གློག་བརྙན་དེ་ཚེས21ཉིན་ཕྱོགས་ཡོངས་ནས་ཕབ་སྐྲུན་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།གློག་བརྙན་འདིའི་མ་དངུལ་སྒོར་དུང་ཕྱུར1.5ལས་བརྒལ་ཡོད་པ་དང་།བོད་ལྗོངས་དང་ཟི་ཁྲོན།མཚོ་སྔོན།ཀན་སུའུ།ཡུན་ནན་སོགས་བོད་ཁུལ་དང་འབྲེལ་བའི་ཞིང་ལྗོངས་དག་གིས་རོགས་སྐྱོར་ཐོབ་ནསསོར་གདུདང་ཐི་ལའོ་དབྱིལྟ་བུའི་ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཞིག་ཕབ་སྐྲུན་བྱ་རྒྱུ་རེད།

གླིང་རྗེ་གེ་སར་རྒྱལ་པོཡི་སྤྱིའི་ཇུས་འགོད་པའམ་འཁྲབ་གཞུང་རྩོམ་པ་པོ།ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོས་མཚམས་སྦྱོར་བྱེད་རྒྱུར།གླིང་རྗེ་གེ་སར་རྒྱལ་བོནི་ཀྲུང་གོའི་བོད་རིགས་མི་དམངས་ཀྱིས་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རླབས་ཆེན་ཞིག་ཡིན་པ་དང་།དེས་གནའ་བོའི་བོད་རིགས་མི་དམངས་ཀྱི་རིག་གནས་ཀྱི་གྲུབ་འབྲས་མཚོན་ཞིང་།གནའ་བོའི་བོད་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཤེས་བྱ་ཀུན་འདུས་རང་བཞིན་གྱི་རླབས་ཆེ་བའི་བརྩམས་ཆོས་ཤིག་ཡིན།རྒྱལ་སྤྱིའི་རིག་གཞུང་ཐད་དུའང་སྙན་གྲགས་ཆེན་པོ་ལྡན་པས་ཤར་ཕྱོགས་ཀྱི་ཧི་མའི་ལོ་རྒྱུས་སྙན་རྩོམ་ཞེས་པའི་མཚན་སྙན་ཡོད་པ་དང་།རིག་གཞུང་གི་རིན་ཐང་དང་མཛེས་རིག་གི་རིན་ཐང་ཆེན་པོ་ཡོད།

འཇམ་དཔལ་རྒྱ་མཚོས་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན།ཏང་དང་རྒྱལ་ཁབ་ཀྱིསགེ་སརགྱི་དཔེ་ཆ་འཚོལ་སྡུད་དག་སྒྲིག་དང་རིག་གཞུང་ཞིབ་འཇུག་ལ་སྔར་བས་ཐུགས་ཁུར་དང་དོ་སྣང་བྱས་པས་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་།དུས་རབས་བརྒལ་བའི་རིག་གནས་བཟོ་འགོད་ཆེན་པོ་འདིའི་གཞི་ཁྱོན་ཆེ་བ་དང་དུས་ཡུན་རིང་བ།ལས་གཞི་ལ་ཞུགས་པའི་མི་གྲངས་མང་བ།གྲུབ་འབྲས་མངོན་གསལ་ཡིན་པ།ཁྱབ་རྒྱ་ཆེ་བ།ཤུགས་རྐྱེན་ཆེ་བ།དོན་སྙིང་ཆེ་བ་བཅས་ནི་བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་ཁྲོད་སྔ་ན་མེད་པ་ཞིག་ཡིན་པར་བསྟན།

འཇམ་དཔལ་རྒྱ་མཚོས་བཤད་རྒྱུར།གྲུབ་འབྲས་འདི་དག་གིས་རིག་གཞུང་གྲུབ་འབྲས་དེ་སྒྱུ་རྩལ་བརྩམས་ཆོས་དང་རིག་གནས་ཐོན་ལས་སུ་བསྒྱུར་བ་དང་།ང་ཚོས་གློག་བརྙན་དུ་ཕབ་སྐྲུན་བྱེད་པར་རིག་གནས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱས་ཡོད་ཟེར་བ་དང་།ད་ལྟ་ནི་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཆེན་མོགླིང་རྗེ་གེ་སར་རྒྱལ་བོཕབ་སྐྲུན་བྱེད་པའི་གོ་སྐབས་བཟང་བོ་ཡིན་པར་བསྟན།

པེ་ཅིན་གསེར་མདོག་སྒྲོལ་མ་གློག་བརྙན་སྨྱན་བྱེད་ཚད་ཡོད་ཀུང་ཟིའི་ལས་འཛིན་ཚོགས་གཙོ་བདེ་གཡང་གིས་བཤད་རྒྱུར།མིག་སྔའི་གནས་བབ་འོགགེ་སརགློག་བརྙན་དུ་ཕབ་སྐྲུན་བྱས་ཏེ་ལྟ་མཁན་དུང་ཕྱུར་མང་པོར་བལྟ་རུ་འཇུག་པ་ནི་རྒྱལ་ཡོངས་དང་འཛམ་གླིང་མི་དམངས་ལ་ཀྲུང་ཧྭའི་རིག་གནས་མཚམས་སྦྱོར་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ལ།རྒྱ་བོད་མི་རིགས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་སྐུལ་འདེད་དང་ཤུགས་སྣོན་པ་དང་།རྒྱལ་ནང་གི་རིགས་སོ་སོའི་མི་རིགས་བར་གྱི་རིག་གནས་བརྗེ་རེས་དང་།མཐུན་སྒྲིལ་དང་མཛའ་བརྩེ་ལ་ཤུགས་སྣོན་པའི་བྱེད་ཐབས་བཟང་བོ་ཞིག་ཀྱང་ཡིན་ཟེར།

པེ་ཅིན་གསེར་མདོག་སྒྲོལ་མ་གློག་བརྙན་སྨྱན་བྱེད་ཚད་ཡོད་ཀུང་ཟིའི་ལས་འཛིན་སྤྱི་གཉེར་བ་ཅང་ཧུང་གིསགླིང་རྗེ་གེ་སར་རྒྱལ་བོནི་རང་རྒྱལ་གྱི་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཆེན་མོ་ཐོག་མ་ཡིན་ལ།ང་ཚོས་སྤུས་ཚད་ལེགས་ཤིང་ཆུ་ཚད་མཐོ་བ།རིག་གནས་ནང་དོན་ཟབ་པའི་གློག་བརྙན་ཆེན་མོ་ཞིག་ཏུ་ཕབ་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན།གློག་བརྙན་གྱིས་ཚོང་ལས་ལའང་ཁ་ཕྱོགས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་མིང་གྲགས་ཆེ་བའི་འཁྲབ་སྟོན་པ་གདན་ཞུ་བྱ་རྒྱུ་ཡིན་པ་མ་ཟད།ཧའོ་ལེ་ཝུ་ཡི་ཚོགས་པ་ལ་བརྟེན་ནས་སྒྲིག་སྦྱོར་བྱས་ཏེ་ཚོང་ར་ལྡན་པའི་རིག་གནས་ཀྱི་ཉིང་བཅུད་གསར་སྐྲུན་དང་བོད་ཀྱི་རིག་གནས་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་རྒྱུ་རེད།

མིག་སྔར།ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན་ཆེན་མོགླིང་རྗེ་གེ་སར་རྒྱལ་བོལ་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་ཐོབ་པ་དང་།ཕབ་སྐྲུན་བྱ་ཆོག་པའི་དཔང་ཡིག་བླངས་ཡོད་ལ།ཀྲུང་གོའི་ཐང་ག་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་རིག་གཞུང་རོགས་སྐྱོར་འོག་ཕབ་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་ཡོད།

གོང་མ།:མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བགྲོ་གླེང་ཚོགས་འདུ་བསྡུས།

ཞོལ་མ།:ལིས་ཁི་ཆང་གིས་འཛམ་གླིང་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་འཐུས་མི་དང་བཞུགས་མོལ་མཛད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235