མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བགྲོ་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2016-07-05  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སོག་རིགས་སྐད་ཡིག་གི་ལས་དོན་ཚོགས་འདུའི་ཡུལ་དངོས།

     ཟླ་བདུན་པའི་ཚེས་གཉིས་ཉིན།  མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མིན་ཁི་པཱ་ཡཱ་དང་ཀྲུའུ་རིན་གཞོན་པ་ཚེ་ལྷ་གཉིས་ཀྱིས་རྩ་འཛུགས་སྒོས་མཚོ་ནུབ་ས་ཁུལ་གྱི་སོག་རིགས་སྐད་ཡིག་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་བསྡུས།  མིན་ཀྲུའུ་རིན་གྱིས་ཚོགས་ཐོག་ཏུ་མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་བྱ་བའི་གནས་ཚུལ་ངོ་སྤྲོད་ཞིབ་མོ་མཛད་པ་དང་དེ་དང་བསྟུན་ནས་ཚོགས་ཞུགས་མི་སྣའི་བསམ་འཆར་བསྡུ་ལེན་བྱས་ཏེ་མ་འོངས་པའི་བྱ་བར་བཀོད་སྒྲིག་མཛད།  

  བོད་སྐད་ཡིག་གི་ལས་དོན་ཚོགས་འདུའི་ཡུལ་དངོས།

 ཟླ་བདུན་པའི་ཚེས་གསུམ་ཉིན།   སྔོན་གྱི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྩ་འཛུགས་སྒོས་མཚོ་ནུབ་བོད་སྐད་ཡིག་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་བསྡུས།   ཚོགས་ཐོག་ཏུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བསྟན་དོན།  ཉེ་བའི་ལོ་འདི་འགའི་རིང་དུ་མི་རིགས་སྐད་ཡིག་ལས་དོན་ཁྲོད་འབྲེལ་ཡོད་འགོ་ཁྲིད་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར།  དེ་མིན་མི་རིགས་སྐད་ཡིག་བྱ་བའི་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བླངས་པའི་གྲུབ་འབྲས་རེ་རེ་བཞིན་ངོ་སྤྲོད་གསལ་བོ་བྱས་པ་སྟེ།  ངེད་ལས་ཁུངས་ཀྱིས་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་གྲོས་ཚོགས་དང་སྲིད་ཇུས་བཅའ་ཁྲིམས། སྒྲིག་སྲོལ་བཅས་རྩོམ་བསྒྱུར་གྱི་འགན་འཁྲི་དང་ལེན་བྱེད་པའི་ཞོར་དུ་མི་རིགས་སྐད་ཡིག་རིག་གནས་ལས་དོན་གང་མང་སྤེལ་བཞིན་ཡོད་དེ།  དམངས་ཁྲོད་རྩོམ་རིགས་ཕྱོགས་ནས།བོད་ཡིག་གིམཚོ་ནུབ་ཁུལ་བོད་ཀྱི་དམངས་ཁྲོད་རྩོམ་རིག་གཡང་ཊི་ཕྲེང་བདང་སོག་ཡིག་གིསྟོད་སོག་ཆོས་ལུགས་རིག་གནས།དང ཁྱད་མཚར་བའི་མཚོ་སྔོན་པོ།》《སྟོད་སོག་ལོ་རྒྱུས་ཡིག་ཆ་ཕྱོགས་བསྡུས།མཚོ་སྔོན་སོག་རིགས་དམངས་ཁྲོད་ངག་རྩོམ་གཅེས་བསྡུས སོགས་མཚོ་ནུབ་ཁུལ་གྱི་བོད་སོག་རིག་གནས་མཚོན་པའི་དཔེ་དེབ་འགྲེལ་སྤེལ་བྱས་ཡོད།  གནའ་གཞུང་ཡིག་ཚང་གི་སྐོར་ནས།བོད་རྒྱ་སོག་གསུམ་གྱི ཚྭ་འདམ་བྲག་རིས།ཞེས་པའི་དཔེ་དེབ་འདི་པར་བསྐྲུན་བྱེད་པར2010ལོ་ནས་བཟུང་འཆར་གཞི་འཐེན་ཞིང2013ལོའི་ཟླ7པའི་ནང་དུ་མངོན་འགྱུར་ཐུབ་པའི་གོ་སྐབས་བསླེབས་སོང་། སྔོན་གྱི་མཚོ་ནུབ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་དང་ཀྲུའུ་རིན་གཞོན་པ་པཱ་ཡེ་གཉིས་གཙོ་བྱས་ཏེ།  གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་རྒྱལ་མཚན་དང་འབྲེལ་ཡོད་ལས་བྱེད་མི་སྣ་སྐོར་ཞིག་ཐེམ་ཆེན་རྫོང་གི་ཀླུ་མང་དང་ཀླུ་སྲིན། གཏེར་ལམ་རྫོང་གི་ཀླུ་སྲིན་དང་ཚ་ཚ་ཞིང་ཁའི་རྟ་ཕུར་ལུང་བ། ན་གོར་མོའི་འབྲོང་ལུང་། གཏེར་ལེན་ཁའི་ཧའེ་ཐི་ཐཱ་ལ་དང་པཱ་ཧན་མའོ་ལི་བཅས་ཀྱི་ཡུལ་དངོས་སུ་སོང་ནས་ཟླ་བ་གཅིག་གི་རིང་ལ་པར་བརྒྱབ་པའི་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱུང་ཏེ་པར་སྐྲུན་གྱི་ལས་ལ་མཐུན་རྐྱེན་གྱ་ནོམ་པ་ཞིག་བསྐྲུན། ས་གནས་དེ་དག་གི་སྔོན་བྱོན་བྲག་བརྐོས་རི་མོ་ལས་ༀ་ཡིག་དང་མ་ཎི་ཡིག་དྲུག་བོད་ཡིག་གི་གསལ་བཤད་སུམ་བཅུ་ལས་ཀ་ཁ་ག་ང་དང་མཆོད་ཁྲི།  རྡོ་རྗེ། ཉི་ཟླ།  ས་ཞིང་རྨོ་བྱེད་ཀྱི་མཐོང་གཤོལ། གཡུལ་འགྱེད་བྱེད་པ། ཤིང་རྟ། རི་དྭགས་ཀྱི་མགོ་སུག  ལྤགས་པ།  སྨྱུག་ས།  སྐྱ་མི།  རྔོན་པ།  ཤྭ་ཁྱི།   དེ་མིན།  འབྲོང་དང་གཙོད།  གླ།  རྐྱང་།  ཤྭ།  རྟ་ནོར་ལུག་གསུམ། མཛོ།  སྤྱང་།  ཝ། རྔ་མོང་ལ་སོགས་པ་མཐོ་སྒང་གི་འཚོ་བའི་རིག་གནས་དང་རང་བྱུང་གི་རིག་གནས་མཚོན་བྱེད་ཀྱི་བྲག་བརྐོས་རི་མོ་ཕུན་སུམ་ཚོགས་པ་ཞིག་འདུས་པའི་དཔེ་དེབ་དེ་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་།   བོད་རྒྱ་དང་སོག་རྒྱ་སྐད་གཉིས་ལམ་ནས་དཔར་བསྐྲུན་བྱེད་གྲབས་ཡོད་པའིམཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལདངམཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས།དཔར་སྐྲུན་བྱེད་པར་ཞིང་ཆེན་གྱི་འབྲེལ་ཡོད་ཆེད་མཁས་པར་སྤྲད་ནས་ཞུ་དག་མཛད་དེ་སྤྱི་ཚོགས་སུ་བཀྲམ་པར་རྨང་གཞི་བརྟན་པོ་བཏིངས་ཡོད།    དྲ་རྒྱའི་བཟོ་སྐྲུན་ཐད་ནས།  མི་རིགས་དྲ་རྒྱ་རིག་གནས་དར་སྤེལ་གཏོང་ཆེད་བོད་སོག་ཚྭ་འདམ་དྲ་ཚིགས་ཀྱི་པར་གཞི་གསར་བ་ཇུས་འགོད་བྱས་ཏེ་བཟོ་བསྐྲུན་འགྲུབ་ཡོད་པ་མ་ཟད། ལེ་ཚན་ཡང་རྒྱ་ཆེའི་དམངས་ཚོགས་ཀྱི་དངོས་ཡོད་འཚོ་བ་དང་ཁེ་ཕན་སྲུང་བ་བཅས་ལ་ཁ་འཕྲོད་པ་དང་ན་གཞོན་སྨྱུག་ཐོགས་པ་ཡོངས་ཀྱི་རྩོམ་རིག་དང་སྒྱུ་རྩལ་ཐད་ཀྱི་བླ་མེད་གྲུབ་འབྲས་ངོམ་པའི་སེམས་འདུན་དང་འཚམ་པར་ཁ་སྣོན་བྱས་ཡོད་པ་རེད།  དྲ་སྟེང་དུ་མཚོ་ནུབ་ཀྱི་ས་ཁུལ་བརྒྱད་དུ་མི་རིགས་སྐད་ཡིག་ལམ་ནས་འབྲེལ་ཡོད་སྲིད་ཇུས་བཅའ་ཁྲིམས་དང་ཚན་སྤེལ་ཤེས་བྱ། བདེ་ཐང་གི་ཤེས་བྱ་བཅས་དུས་ཐོག་ཞབས་ཞུ་བསྒྲུབ་བཞིན་ཡོད། ཞོར་དུ་ལོ་གཉིས་ཀྱི་ནང་དུ་རྒྱལ་ཡོངས་མི་རིགས་དྲ་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཏེ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། ལས་ཁུངས་དང་མི་སྒེར་བཅས་ཀྱིས་བསྐུར་འོངས་པའི་རྩོམ་ཡིག་བརྒྱ་ལྷག་ཁྲོད་དུ་གཟེངས་སུ་ཐོབ་པ་རེ་བདམས་ནས་བྱ་དགའ་བསྩལ་ཏེ་མི་རིགས་རིག་གནས་དང་ཁྱད་པར་དུ་རྩོམ་རིག་ལ་དགའ་ཞེན་ཆེ་བ་དག་ལ་སྐུལ་སློང་དང་བག་ཆགས་ཟབ་མོ་བཞག་ཡོད།   དེ་མིན་རྒྱ་ཆེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་དམིགས་ཏེ་སོག་རྒྱ་དང་བོད་རྒྱའི་ལོ་སྟོད་ལོ་སྨད་ཀྱིམཚོ་ནུབ་སྲིད་དོན།དཔར་སྐྲུན་བྱས་ཏེ་མང་ཚོགས་ལ་བཀྲམས་བཞིན་ཡོད།    མི་རིགས་སློབ་གསོ་གཞི་རྩར་བཟུང་སྟེ།  ཚྭ་འདམ་གཞོང་བོད་སོག་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་བྱ་འགུལ་ལོ་རེ་བཞིན་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ལོ་མར་སྣེ་འཁྲིད་དེ་མཚོ་ནུབ་ཁུལ་སློབ་གསོ་ཅུའུ།  ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས།  ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་སྒོས་ལོ་རེར་བྱ་འགུལ་སྤེལ་ཡུལ་གྱི་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྒྲུབ་འོག་ཉིས་སྟོང་བཅུའི་ལོ་ནས་བཟུང་སྤེལ་མགོ་བརྩམས་པའི་རྒྱུན་མཐུད་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་ལ།  ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་ཀྱི་བྱ་འགུལ་འདི་ལ་དགེ་སློབ་དང་ཁྱིམ་བདག་གི་དགའ་བསུ་ཐོབ་པ་དང་།  སྤྱི་ཚོགས་སུ་ཕན་འབྲས་བཞག་སྟེ།  ཀུན་གྱིས་གདེང་འཇོག་ཐོབ་པའི་འབྲས་བུ་ལེགས་པོ་ཞིག་བླངས་ཡོད་པའི་ཁར་རྗེས་རབས་པ་ཚོས་སྔར་ཡོད་ཀྱི་བདེ་སྐྱིད་འཚོ་བ་དམ་དུ་བཟུང་ཞིང་། ཕ་སྐད་རིག་གནས་དང་ལོ་རྒྱུས་ལ་གཅེས་འཛིན་བྱེད་པར་དྲན་སྐུལ་དང་སེམས་སུ་བག་ཆགས་ཟབ་མོ་བཞག་ནས།རང་རིགས་ཀྱི་རིན་བྲལ་གསེར་ལས་དཀོན་པའི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས། དམངས་སྲོལ་བཅས་འཛིན་སྐྱོང་སྤེལ་ཐུབ་པ་མ་ཟད། ཁྱད་པར་དུ་བཅུ་ཕྲག་རིག་པའི་ཤེས་བྱར་སྦྱང་བརྩོན་ལྷོད་མེད་བྱེད་པར་དགའ་བ་སྐྱེད་ཅིང་རང་རིགས་ལ་ཤ་ཞེན་ཆགས་པའི་དུང་བ་འདྲེན་པའི་དགེ་མཚན་བཅས་ལ་དམིགས་ནས་སྤེལ་བའི་བྱ་འགུལ་ཞིག་ཡིན་ཞིང་།  ད་སྔ་སྤེལ་རིམ་སྐབས་དྲུག་པར་བསླེབས་ཡོད།  གཞི་རིམ་གྱི་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྐབས་ཐོག་གི་སྲིད་ཇུས་རབ་དང་རིམ་པ་ཆད་ལྷག་འགལ་འཛོལ་མེད་པར་གོ་བ་ལོན་པར་ཞབས་ཞུ་ལེགས་པོ་བསྒྲུབས་ཕྱིར་ལོ་རེ་རེར་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས་གཙོ་སྒྲུབ་སྒོས་གཞི་རིམ་ལས་བྱེད་པའི་སྐད་གཉིས་ལས་བྱེད་པར་གསོ་སྦྱོང་སྤེལ་བཞིན་ཡོད།  

 སོག་རིགས་སྐད་ཡིག་གི་ལས་དོན་ཚོགས་འདུའི་ཟུར་ཞིག

བོད་སྐད་ཡིག་གི་ལས་དོན་ཚོགས་འདུའི་ཟུར་ཞིག

       ཚོགས་ཐོག་ཏུ་ཁུལ་དམངས་ཆེན་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ།  ཁུལ་མི་ཤུགས་ཐོན་ཁུངས་ཅུའུ།  ཁུལ་ཞིང་ཕྱུགས་ཅུའུ།  ཁུལ་བོད་སྐད་བརྙན་འཕྲིན་སྡེ་ཁག    ཁུལ་རྩོམ་རིག་སྒྱུར་རྩལ་མཉམ་འབྲེལ་ལྷན་ཚོགས།      ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་མི་སྣ50ལྷག་ཞུགས་ཤིང་།འབྲེལ་ཡོད་འགོ་ཁྲིད་དག་གིས་རྗེས་ཕྱོགས་ཀྱི་མི་རིགས་སྐད་ཡིག་འཕེལ་རྒྱས་ལས་དོན་ཐད་དུ་བསམ་འཆར་ལྷུག་པོ་བརྗོད་པ་དང་མཛུབ་སྟོན་གང་མང་མཛད།  དེ་བས་མ་འོངས་པར་མཚོ་ནུབ་ས་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་སྔར་བས་འཕེལ་རྒྱས་སུ་གཏོང་བ་དང་དེའི་ཁྲོད་ཀྱི་དཀའ་གནད་སེལ་པར་སེམས་ཤུགས་གཅིག་ཏུ་སྒྲིལ་བ་མ་ཟད། མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་བསྐྲུན་པ་དང་སྤྱི་ཚོགས་དཔལ་འབྱོར་གོང་སྤེལ་གཏོང་བར་ནུས་པ་བླ་ལྷག་ཐོན།  

གོང་མ།:ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གནད་དོན་ཐད་ཀྱི་རྩ་བའི་ལངས་ཕྱོགས་དང་སྲིད་བྱུས།

ཞོལ་མ།:ལྷ་སྒྲུང་ལོ་རྒྱུས་སྙན་རྩོམ་གློག་བརྙན«གླིང་རྗེ་གེ་སར་རྒྱལ་བོ»ཕབ་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235