མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ལག་པ་དམ་ལྷོད་བྱེད་མི་རུང་།མཚོ་ནུབ་ཀྱིས་ཐབས་ལམ་སྣ་ཚོགས་བཏོན་ནས་མང་ཚོགས་ལ་ཐོབ་སེམས་བརྩོན་ལེན་བྱས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  དངོས་ནསཏན་ཏིག་བཞིའིབླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་དགོས་པ་དང་།བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྒྲིབ་དངོས་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་ཆེད།མཚོ་ནུབ་ཁུལ་གྱིསམཚོ་ནུབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱ་ཐབས(ཚོད་ལྟའི་ལག་བསྟར)( གཤམ་དུ་བསྡུས་མིང་ལབྱ་ཐབསཞེས་འབོདགཏན་འཁེལ་བྱས་ཏེ་དངོས་སུ་བཏོན་ཞིང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔྱད་ཞིབ་བྱ་ཡུལ་དང་དཔྱད་ཞིབ་ནང་དོན།དཔྱད་ཞིབ་ཕན་འབྲས་བཀོལ་སྤྱོད་སོགས་ཀྱི་ནང་དོན་ཁ་གསལ་དུ་བཏང་།

01བྱ་ཐབསཀྱི་བླང་བྱ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དང་དཔྱད་ཞིབ་ཀྱིས་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱེད་པ་དང་།   རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱ་དགོས།ལོ་ལྔ་དཔྱད་ཞིབ་ཀྱི་དུས་སྐབས་ཤིག་དང་།གདེང་འཇོག་དང་དཔྱད་ཞིབ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ལོ་འཁོར་གདེང་འཇོག་དང་།ལོ་གསུམ་གྱི་དུས་རིམ་བར་མར་དཔྱད་དཔོག་དང་ལོ་ལྔའི་ལོ་མཇུག་ལ་དཔྱད་ཞིབ་བྱ་དགོས།ལོ་འཁོར་གྱི་གདེང་འཇོག་གིས་ས་ཁུལ་སོ་སོ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་འཕེལ་རིམ་གྱི་སྤྱི་ཡོངས་གནས་ཚུལ་གཙོ་གནད་དུ་བཞག་སྟེ་དཔྱད་དཔོག་བྱ་རྒྱུ་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  དུས་རིམ་བར་མའི་དཔྱད་དཔོག་ནི་ལོ་འཁོར་ལྔའི་འཆར་འགོད་དུས་ཡུན་གྱི་ལོ་འཁོར་གསུམ་པ་ཡིན་ལ།ཕྱོགས་གསུམ་པའི་ལས་ཁུངས་ལ་མངག་བཅོལ་བྱས་ཏེ་ས་ཁུལ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པའི་དམིགས་ཚད་ལས་འགན་སྒྲུབ་ཚུལ་དང་གནས་པའི་གནད་དོན་སོགས་ལ་དུས་རིམ་བར་མའི་དཔྱད་དཔོག་བྱ་དགོས།ལོ་ལྔའི་དཔྱད་ཞིབ་གཙོ་བོ་ས་ཁུལ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་པར་དམིགས་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་ཕུང་འགན་འཁྲི་འཁུར་བ་ཇེ་དྲག་ཏུ་གཏོང་དགོས།

02བྱ་ཐབསཀྱི་ངེས་གསལ།

སྐྱེ་ཁམས་དཔལ་ཡོན་དཔྱད་ཞིབ་བྱེད་པའི་ནང་དོན་ཐད་གཙོ་བོ་མཚོ་ནུབ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད་ཁྲོད་གཏན་འཁེལ་བྱས་པའི་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དང་།དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ལེགས་སྒྲུབ་བྱས་ཚུལ་དང་།སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱས་པའི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཕན་འབྲས་འབུར་དོད་དང་། དེ་མིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྒྱུད་དེ་མི་དམངས་མང་ཚོགས་ལ་དངོས་གནས་དྲང་གནས་ཀྱི་ཕན་ཆ་ཐོབ་པ་དང་ཐོབ་སེམསསྟེར་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གདེང་འཇོག་བྱ་རྒྱུ་ནི་བསྡོམས་རྩིས་དང་འཕེལ་སྒྱུར་དང་།ཁོར་ཡུག་སྲུང་སྐྱོང་སྡེ་ཚན་བཅས་ཀྱིས་ལོ་འཁོར་ལྟར་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་རྒྱུ་མ་ཟད། ད་དུང་དམིགས་འབེན་གཏན་འཁེལ་བྱས་ཏེ་གདེང་འཇོག་ཕན་འབྲས་དེ་ལོ་རྗེས་མའི་གྲོང་ཁྱེརརྫོང་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི(གྲུབ་འབྲས)དཔྱད་ཞིབ་དུ་འཇོག་དགོས་ལ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམིགས་ཚད་ཀྱི་མཐའ་མའི་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་འཇོག་དགོས། དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་དེ་བསྡོམས་རྩིས་དང་།འཕེལ་སྒྱུར་དང་།ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་སྡེ་ཁག་གིས་གཏན་འཁེལ་བྱས་ཤིང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད་ལ་གཞིགས་ནས་དེ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་སྐབས་བསྟུན་ལེགས་སྒྲིག་བྱ་དགོས། དཔྱད་ཞིབ་ཀྱིས་ལོ་ལྔའི་འཆར་འགོད་དུས་སྐབས་མཇུག་སྒྲིལ་རྗེས་ཀྱི་ཕྱི་ལོར་སྤེལ་ཞིང་། རང་ལ་གདེང་འཇོག་དང་ས་གནས་དེ་གར་ཞིབ་བཤེར།ཕྱོགས་བསྡུས་དཔྱད་ཞིབ་བཅས་བྱེད་དགོས་པ་དང་དཔྱད་ཞིབ་གདེང་འཇོག་གིས་སྐར་གྲངས་བརྒྱའི་འགོད་ཐབས་ཀྱི་སྐར་གྲངས་དཔྱད་བསྡུར་དང་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལེགས་གྲུབ་སོགས་ཀྱི་གནས་ཚུལ་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ་། དཔྱད་ཞིབ་བྱས་འབྲས་ནི་ཕུལ་བྱུང་དང་བཟང་པོ།ཚད་དང་མཐུན་པ།ཚད་ལོན་མིན་པའི་རིམ་པ་བཞི་རུ་བགོས།

03བྱ་ཐབསཀྱི་གཏན་འཁེལ།

དཔྱད་ཞིབ་རིམ་པ་ཕུལ་བྱུང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་མངོན་གསལ་ཡིན་པའི་ས་ཁུལ་ལ་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱེད་པ་དང་།འབྲེལ་ཡོད་ས་ཁུལ་གྱི་ཏང་སྲིད་འགན་འཁུར་བ་དམིགས་བསལ་གྱིས་སྔོན་ལ་གོ་གནས་སྤར་ནས་བེད་སྤྱོད་བྱ་དགོས།དཔྱད་ཞིབ་རིམ་པ་ཚད་གཞིར་མ་སླེབས་པའི་ས་ཁུལ་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ་མ་ཟད།ད་དུང་དེའི་ཏང་སྲིད་འགན་འཁུར་བ་གཙོ་བོ་དང་ཁ་ཆད་གླེང་མོལ་བྱས་ཏེ།དུས་བཅད་ནང་དག་ཐེར་བྱེད་པའི་རེ་བ་འདོན་དགོས།སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པ་མངོན་གསལ་ཡིན་ཞིང་འགན་འཁྲི་དོན་རྐྱེན་མང་པོ་འབྱུང་བ།གནས་ཚུལ་ཚབས་ཆེན་ཡིན་པ།  ཤུགས་རྐྱེན་ངན་པ་བཟོས་པའི་ས་ཁུལ་ལ་དེའི་ཏང་སྲིད་འགན་འཁུར་བ་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་བསདེའི་ལས་གནས་སྤར་བ་དང་གོ་གནས་སྤར་བ།ལས་འཁྱུར་བཅས་འདུ)འབྲེལ་ཡོད་གཏན་འབེབས་ལྟར། འགན་འཁྲི་རྩད་གཅོད་བྱ་དགོས།  

གོང་མ།:ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་དང་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ཤེས་ཡོད་ཅན། ན་གཞོན་ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

ཞོལ་མ།:མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་ཕུལ་བྱུང་གི་སྒྲོག་ཡིག་ཚིག་བརྒྱ་མ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235