མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་དང་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ཤེས་ཡོད་ཅན། ན་གཞོན་ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:ཞིན་ཧྭ་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ལམ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་དང་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ཤེས་ཡོད་ཅན།ན་གཞོན་ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས། ཚང་མས་བཤད་རྒྱུར། བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ནི་མི་སེམས་འགུལ་བ་ཞིག་ཡིན་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ལྟར།རྒྱལ་གཅེས་བརྩེ་སེསམ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་རེ་བ་དེ་མེས་རྒྱལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རླབས་ཆེན་ལས་དོན་དང་མཉམ་བསྲེས་བྱེད་པ་དང་མི་དམངས་ཀྱིས་ལོ་རྒྱུས་གསར་སྐྲུན་བྱེད་པའི་རླབས་ཆེན་འབད་འཐབ་དང་མཉམ་བསྲེས་བྱེད་པ་ཡིན་ཟེར།

དགེ་རྒན་ཆེན་མོ་ཧོང་ཏ་ཉན་སྐུ་གཤེགས་རྗེས།མ་ཡུམ་སློབ་གྲྭ་སྟེ་ཅི་ལིན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་ཁོ་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་།བྱས་རྗེས་ཡར་ཞུ་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ་བསྡུས་པར་མ་ཟད།རྣམ་པ་སྣ་ཚོགས་བརྒྱུད་དེ་ཁོའི་བླ་མེད་སྙིང་སྟོབས་ལ་རྗེས་དྲན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་དགེ་རྒན་ཆེན་མོ་ཧོང་ཏ་ཉན་འཚོ་གནས་སྐབས་ཀྱི་དགེ་གྲོགས་དང་སློབ་མ་རྣམས་ལ་སྐུལ་མ་ཆེན་པ་ཐེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་སྟེ།དགེ་རྒན་ཆེན་མོ་ཧོང་ཏ་ཉན་གྱིས་ནམ་ཡང་མེས་རྒྱལ་བསམ་པ་དང་ལྷག་བསམ་སྒོས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་རྒྱལ་གཅེས་བརྩེ་སེམས་ལ་སློབ་སྦྱོང་བྱེད་པ་དང་།སློབ་གསོར་བརྟེན་ནས་མི་སྐྱེད་སྲིང་བྱེད་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ།མཚན་སྙན་དང་ཁེ་ཕན་མི་བསམ་པར་སྤོབས་པ་ཆེན་པོས་བྱས་རྗེས་བཞག་པའི་བླ་མེད་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དེས་རྒྱ་ཆེའི་ཚན་རིག་ལག་རྩལ་བྱ་བ་སྒྲུབ་མཁན་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

གོང་མ།:ཚྭ་འདམ་གཞོང་གིས་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་བྱས་པ།

ཞོལ་མ།:སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ལག་པ་དམ་ལྷོད་བྱེད་མི་རུང་།མཚོ་ནུབ་ཀྱིས་ཐབས་ལམ་སྣ་ཚོགས་བཏོན་ནས་མང་ཚོགས་ལ་ཐོབ་སེམས་བརྩོན་ལེན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235