མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཚྭ་འདམ་གཞོང་གིས་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་བྱས་པ།

ཡོང་ཁུངས།:ཚྭ་འདམ་གཞོང་གིས་ལེགས་ཆར་བརྟེན་  སྤེལ་དུས།:2017-06-08  རྩོམ་པ་པོ།:ཚྭ་འདམ་གཞོང་གིས་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་བྱས་པ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ།དེ་མིནརྒྱུད་གཅིག་ལམ་གཅིགགི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་པར་བརྟེན་ནས།ཉེ་བའི་ལོ་འདི་འགར་ཚྭ་འདམ་གཞོང་གིས་ས་ཁོངས་ཀྱི་མཉམ་ལས་བརྒྱུད་དེ་ཐོན་ལས་དང་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་བཏང་སྟེ་ནུབ་རྒྱུད་ལ་སྒོ་མོ་འབྱེད་པའི་རང་རྒྱལ་གྱི་སྦྲེལ་མཐུད་གྲོང་རྡལ་གལ་ཆེན་འཛུགས་སྐྲུན་བྱས་ཏེརྒྱུད་གཅིག་ལམ་གཅིགགི་དཔལ་འབྱོར་ཁུལ་དང་མགྱོགས་མྱུར་ངང་འབྲེལ་མཐུད་བྱེད་པར་གོ་སྐབས་ལེགས་པོ་བསྐྲུན།

འཁོར་རྒྱུག་དཔལ་འབྱོར་གྱིསརྒྱུད་གཅིག་ལམ་གཅིགདང་འབྲེལ་མཐུད་བྱེད་པར་ཐོན་ལས་ཀྱི་རྨང་གཞི་བཏིང་།

འབྲེལ་ཡོད་གཞི་གྲངས་ལྟར་ན། ནོར་གཞོངཞེས་གྲགས་པའི་ཚྭ་འདམ་གཞོང་གི་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་དེ་སྒོར་དུང་ཕྱུར་ས་ཡ་གཅིག་འབུམ་ལྔ་ལྷག་ཟིན་གྱིན་ཡོད་ལ།རྒྱལ་ཡོངས་སུ་བཀོད་སྒྲིག་བྱས་པའི་མཚོ་བོད་ས་མཐོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་གཅིག་པུ་དེའང་གནས་འདིར་ཡོད།
ངོ་སྤྲོད་བྱས་པ་ལྟར་ན།ཉེ་བའི་ལོ་ལྔའི་རིང་།ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་སྟོང་གཅིག་དགུ་བརྒྱ་ལྷག་ཟིན་པའི་ནང་།བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར་སྟོང་གཅིག་བདུན་བརྒྱ་ལྷག་ཟིན་ཡོད།ད་ལྟ་ཚོད་ལྟའི་ཁུལ་དུ་གཏན་སྡོད་བཟོ་ལས་ཁེ་ལས་བཞི་བརྒྱ་གྱ་གཉིས་ཡོད་པའི་ནང་།གཞི་ཁྱོན་ཅན་གྱི་བཟོ་ལས་ཁེ་ལས་ཆིག་བརྒྱ་སོ་བཞི་ཡོད།

ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་གཙོ་བཟུང་ནས་གཏེར་རྒྱུ་ཅཱ་དང་།ནཱ། མཱེ། ལི། ཚྭ་ལ་སོགས་ཐོན་ཁུངས་རིམ་བཞིན་གསར་སྤེལ་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད།ཚྭ་འདམ་གཞོང་སའི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་ཐད་ཐོན་ལས་མང་པོ་མཉམ་འབྲེལ་ངང་འཕེལ་རྒྱས་དང་།འཁོར་སྐྱོད་ཐོན་ལས་ཀྱི་སྦྲེལ་ཐག་འཁོར་སྐྱོད་ལེགས་པོ་བྱུང་ཡོདཅེས་ཚྭ་འདམ་གཞོང་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མོ་ཀྲུང་མེན་གྱིས་དེ་ལྟར་བཤད་བྱུང་།ཁོས་ད་རུང་ཚྭ་འདམ་གཞོང་སའི་ཁིལ་འགྱུར་ཅཱ་གཙོ་བྱས་པའི་ཅཱ་ཁོངས་ཀྱི་ཐོན་ནུས་ཏུན་ཁྲི་སྟོང་གཅིག་ལས་བརྒལ་བ་ནི་རྒྱལ་ཡོངས་སུ་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཤིག་ཡིན་པ་རེད་ཅེས་བཤད།

ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པའི་ཚྭ་འདམ་གཞོང་ས་དེརྒྱུད་གཅིག་ལམ་གཅིགགི་དཔལ་འབྱོར་ཐོན་ལས་མཉམ་ལས་དང་སྦྲེལ་མཐུད་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོདཅེས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོན་ཧྥེང་ཅང་གིས་དེ་ལྟར་བཤད་བྱུང་།ཁོས་བཤད་རྒྱུར། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྦྲེལ་མཚམས་གལ་ཆེན་ཞིག་བསྐྲུན་པའི་ཐད་ཚྭ་འདམ་གཞོང་ལ་ཐོན་ལས་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད་ཟེར།

ལམ་བཞིརབརྟེན་ནསརྟེན་གཞི་ལྔསྐྱེད་སྲིང་བྱས།

ཚྭ་འདམ་གཞོང་དེ་ནུབ་ཕྱོགས་ཞིན་ཅང་ནས་ཨེ་ཤ་ཡ་དབུས་མར་འགྲོ་ས་དང་།ལྷོ་ཕྱོགས་བོད་ནས་ཨེ་ཤ་ཡ་ལྷོ་མར་འགྲོ་ས་དང་འབྲེལ་བས།གནའ་སྔ་མོ་ནས་དར་གོས་ལྷོ་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་རེདཅེས་ལོན་ཧྥེང་ཅང་གིས་དེ་ལྟར་བཤད་བྱུང་།ཁོས་བཤད་རྒྱུར།ཕྱོགས་ཀུན་འབྲེལ་བའི་འགྲིམ་འགྲུལ་དྲ་རྒྱ་ཞིག་བསྐྲུན་ནས་ཚྭ་འདམ་གཞོང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའིརྒྱུད་གཅིག་ལམ་གཅིགགི་དཔལ་འབྱོར་ཁུལ་གྱི་ལམ་བཞི་གཉེར་སྐྱོང་ཡག་པོ་བྱེད་ངེས་ཡིན་པ་རེད་ཅེས་བཤད།

ངོ་སྤྲོད་བྱས་པ་ལྟར་ན། ལམ་བཞི་པོ་དེ་ནིལན་ཀྲིག་ནས་མཚོ་སྔོན་བར་གྱི་ལྕགས་ལམ་དང་མཚོ་བོད་ས་མཐོའི་ལྕགས་ལམ།དེ་མིན་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལ་བརྟེན་ནས།རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དང་།ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་དང་འབྲེལ་བའི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ་དང་།གོར་མོ་ནས་ཁོར་ལེའི་བར་གྱི་ལྕགས་ལམ་ལ་བརྟེན་ནས་ཞིན་ཅང་དང་།ཨེ་ཤ་ཡ་དབུས་མ་དང་ནུབ་མའི་བར་བརྗེ་རེས་མཉམ་ལས་ཀྱི་བགྲོད་ལམ་གཏོད་རྒྱུ། ཚྭ་འདམ་གཞོང་ནས་རྨ་ནུབ་དོག་ལམ་དང་ཧོའར་ཀོ་སིའི་གཞུང་ལམ་སོགས་ལ་བརྟེན་ནས་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་རྒྱལ་ཁབ་ལ་སྒོ་མོ་འབྱེད་པའི་བགྲོད་ལམ་ཤར་གཏོང་བྱེད་རྒྱུ།མཚོ་བོད་གཞུང་ལམ་དང་མཚོ་བོད་མྱུར་བགྲོད་གཞུང་ལམ་ལ་བརྟེན་ནས་བོད་ནས་རྒྱ་གར་དང་ནེ་པ་ལ་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ལ་སྒོ་མོ་འབྱེད་པའི་བགྲོད་ལམ་གཏོད་རྒྱུ་བཅས་རེད།

མཚོ་ནུབ་ཁུལ་གྱི་ཁུལ་དཔོན་མིན་ཧའེ་ཡིས་བཤད་རྒྱུར།ལམ་བཞི་ཤར་གཏོང་ཐུབ་པ་དེས་ནུབ་རྒྱུད་ལ་སྒོ་མོ་འབྱེད་པའི་ཚྭ་འདམ་གཞོང་གི་འཐབ་ཇུས་ཀྱི་རྟེན་གཞིའི་གནས་བབ་སྔར་བས་མངོན་གསལ་དུ་གྱུར་ནས་ལག་རྩལ་དང་ཁྲོམ་ར་སོགས་ཀྱི་ཐོན་ཁུངས་བསྡུ་རུབ་བྱེད་ཐུབཅེས་ཟེར།

གོར་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡོན་ཐིན་ཡུན་གྱིས་བཤད་རྒྱུར།དུས་འགོའི་རྟོག་ཞིབ་བྱས་པའི་གནས་ཚུལ་ལ་བལྟས་ཚེ། ཨེ་ཤ་ཡ་ལྷོ་མ་དང་། དབུས་མ།ནུབ་མ་བཅས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་དམའ་བ་དང་།འགྱིག་བཟོས་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་རྫས་དང་ཁྱད་ལྡན་ལག་རྩལཕྱིར་འདྲེན་པའིམདུན་ལྗོངས་ལེགས་པོ་ཡོད་པས།ཐོན་ལས་ཕན་ཚུན་གསབ་རེས་དང་མཉམ་འདྲེས་བྱ་གཞི་ཆེན་པོ་ལྡན་ཡོད་ཟེར།

ཁུལ་དཔོན་མིན་ཧའེ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའིསྐབས་སུ། ཚྭ་འདམ་གཞོང་གིས་རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་པའི་ཕྱི་ཕྱོགས་ཁེ་ལས་དང་དེ་མིན་ཕྱི་དངུལ་ཁེ་ལས་གཙོ་གནད་དུ་བཟུང་ནས་འདེགས་སྐྱོར་དང་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་ཕྱིར་གཏོང་རྟེན་གཞི་དང་།ཚོང་འགྲེམ་རྟེན་གཞི། ནུས་རྒྱུ་གཙང་མ་ཕྱིར་གཏོང་རྟེན་གཞི། ཆ་འཕྲིན་ཞབས་ཞུའི་རྟེན་གཞི།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་འདྲེས་ཀྱི་རྟེན་གཞི་བཅསརྟེན་གཞི་ལྔའཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བྱས་ཡོད་ཟེར།
རིམ་པ་གསུམ་གྱི་ཐོག་ནསརྒྱུད་གཅིག་ལམ་གཅིགགི་མཉམ་ལས་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱས།

རྒྱུད་གཅིག་ལམ་གཅིགགི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་ཟབ་མོ་ཡོང་ཆེད།འདྲ་མཉམ་གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་ཡོང་བའི་ནང་རྐྱེན་འཛུགས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཚྭ་འདམ་གཞོང་དེ་རིམ་པ་གསུམ་ལ་བགོས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་མཉམ་ལས་ལམ་སྲོལ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད།

གཅིག ཚྭ་འདམ་གཞོང་གི་ཐོན་ཁུངས་དང་ཐོན་ལས་ཀྱི་ལེགས་ཆ་བསྡུ་སྒྲིག་བྱས་ནས་ལན་ཀྲིག་ནས་ཟི་ལིང་བར་གྱི་དཔལ་འབྱོར་ཁུལ་དང་།དེ་མིན་ཞིན་ཅང་དང་བོད་སོགས་དང་མཉམ་འདྲེས་དང་ཕན་ཚུན་ཁ་གསབ་བཅས་བྱས་ནས་མཚོ་སྔོན་དེརྒྱུད་གཅིག་ལམ་གཅིགདང་མཉམ་འདྲེས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་ཆགས་པར་བྱེད་རྒྱུ་དང་།

ད་ལོའི་ཟླ་བཞི་བར་ཚྭ་འདམ་གཞོང་ས་ཁུལ་གྱིས་ཀན་སུའུ་ཅིག་ཆོན་དང་ཞིན་ཅང་གི་པྭ་དབྱིན་ཀའོ་ལིན་ས་ཁུལ་དང་ཡུལ་སྐོར་མཉམ་ལས་འབྲེལ་བ་བཙུགས་ནས་ལེགས་ཆ་ཕན་ཚུན་ཁ་གསབ་ཀྱིསཀན་སུའུ་དང་། མཚོ་སྔོན། ཞིན་ཅང་བཅས་ཀྱི་སྐོར་ལམགྱི་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས།

གཉིས། རྒྱལ་ནང་གིརྒྱུད་གཅིག་ལམ་གཅིགརྒྱུད་དང་། པེ་ཅིན་དང་། ཐེན་ཅིན།ཧོ་པེ་བཅས་ཀྱི་དཔལ་འབྱོར་ཁུལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ།ཀྲུའུ་ཅང་ཟུར་གསུམ་དཔལ་འབྱོར་རྒྱུད་སོགས་དང་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ནས།ཐོན་ལས་ཕྱོགས་སྒྱུར་དང་ས་ཁོངས་མཉམ་ལས་སྦྲེལ་མཐུད་ཐད་ཁྱད་སྟོབས་ཁ་གསབ་དང་མཉམ་ལས་གཉིས་ཕན་ཡོང་བར་བྱས

གསུམ།ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་རྗེས་ན་གོར་མོསརྒྱུད་གཅིག་ལམ་གཅིགའཐབ་ཇུས་ཀྱི་རྒྱལ་སྤྱིའི་ཚོང་འགྲེམས་ལྟེ་གནས་ལ་རྨང་གཞིའི་སྒྲིག་བཀོད་སྟེ།མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་འགག་སྒོ་བསྐྲུན་རྒྱུར་གཞོགས་འདེགས་བྱས་ནས་ཐོན་ལས་དང་ཚོང་འགྲེམས་ཐད་ནུབ་བྱང་ཆེན་མོ་དང་ཉེ་འཁོར་ས་ཁུལ་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱས།

བཞི།ཕྱི་ཕྱོགས་ཁྱད་སྟོབས་ཐོན་ལས་དང་ལག་རྩལ་ཕྱིར་གཏོང་ཐད་འཚོལ་ཞིབ་བྱས་ནསརྒྱུད་གཅིག་ལམ་གཅིགརྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་འགག་སྒོ་ཞིབ་བཤེར་གྱི་མཉམ་ལས་རྐྱེན་སྲོལ་དང་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ།ཕྱིར་བསྐྱོདདངནང་འདྲེནབྱེད་པར་མཉམ་ལས་སྤེལ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་པ་རེད།

གོང་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གནས་ཡུལ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཞོལ་མ།:ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་རྒྱ་ཆེའི་ཚན་རིག་ཞིབ་འཇུག་དང་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ཤེས་ཡོད་ཅན། ན་གཞོན་ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235