མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གནས་ཡུལ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:མཚོ་སྔོན་གསར་འགྱུར་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གནས་ཡུལ་ལས་ཁུངས་ཀྱིས་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས། ཆེད་དོན་སློབ་སྦྱོང་གྲོས་ཚོགས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གྲོས་ཚོགས་སོགས་ཀྱི་རྣམ་པ་སྤྱད་དེ། ནན་ཏན་སྒོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། སྡེ་ཁག་སོ་སོའི་དངོས་ཡོད་དང་ཟུང་དུ་སྦྲེལ་ནས། བསམ་བློ་དང་སྦྱོར་བ་གཉིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཇུས་ཆོད་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། འདུ་ཤེས་གསར་བའི་སྣེ་ཁྲིད་བྱེད་ཕྱོགས་བཟུང་ནས། སློབ་སྦྱོང་མཐར་ཕྱིན་གྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པར་འབད་དེ། མགོ་རྕོམས་ས་གསར་བའི་སྟེང་དུ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

   ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་དང་ཁྱད་པར་དུ་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལོན་མིན་ལ་ཕུ་ཐག་གཅོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་བྱ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པའི་འོས་འགན་གལ་ཆེན་ཞིག་ཡིན་པ་དང་། བསྒྱུར་བ་བཞིའི་འཕེལ་རྒྱས་ལམ་ཕྱོགས་ཆེར་བཏོད་ནས། ཚན་རིག་གི་ལམ་ནས་མ་འོངས་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་འོས་འགན་གཙོ་བོར་འཆར་འགོད་འཐེན་ནས། དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། སྐབས་གསར་བའི་སྟོབས་ལྡན་འགྱུར་མེད་ཀྱི་མགོ་ཁྲིད་ཚན་ཆུང་བདམས་ཐོན་བྱུང་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་དང་དུས་མཉམ་གཅིག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་སྟོབས་ཤུགས་ཆེན་པོ་གསར་བཏོད་བྱས་ནས། ང་ཚོ་མུ་མཐུད་དུ་མདུན་ནས་མདུན་དུ་སྐྱོད་པར་ཁ་ཕྱོགས་གསར་བ་དང་མིག་རྒྱང་གསར་བ། གོ་སྐབས་གསར་བ་བཅས་བསྐྲུན་ཟེར།

   ཚང་མས་མགྲིན་གཅིག་ཏུ་བཞེད་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཐུན་མོང་ལྟ་བ་དང་ཤེས་རབ་ནུས་པ་སྔར་ལས་གཅིག་བསྡུས་བྱས་ཏེ། ཤུགས་ཆེན་པོས་ཏན་ཏན་ཏིག་ཏིག་བཞིའི་བྱེད་ཕྱོགས་དར་སྤེལ་བྱེད་དགོས་ཤིང་། སྙིང་སྟོབས་ཀྱི་རྣམ་པ་བཟང་བོ་དང་དངོས་གཉེར་གྱི་བྱེད་ཕྱོགས་ལེགས་པོ། ལས་ཆོད་མཐོ་བའི་སྒྲུབ་སྟངས་བཅས་སྤྱད་དེ། གོམ་གང་མདུན་སྤོས་སྒོས་དམིགས་འབེན་ཡོད་ཚད་མངོན་འགྱུར་ཡོང་བར་འབད་མཐར། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ཐུབ་དགོས་ཟེར།

གོང་མ།:ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གནད་དོན་བཅོས་སྒྱུར་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་བསྡུས།མེང་ཧའེ་མཚོ་ནུབ་ཡན་ལག་ཚོགས་རར་ཞུགས།

ཞོལ་མ།:ཚྭ་འདམ་གཞོང་གིས་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235