མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གནད་དོན་བཅོས་སྒྱུར་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་བསྡུས།མེང་ཧའེ་མཚོ་ནུབ་ཡན་ལག་ཚོགས་རར་ཞུགས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་བ།  སྤེལ་དུས།:2017-06-08  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གནད་དོན་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མདོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནངས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱ་དགོས་པར་ནན་གྱིས་བསྟན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀོད་འདོམས་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཙིག་འཛིན་བྱས་ནས་ངེས་པ་དོན་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏང་དགོས་ཤིང་།  དམིགས་འབེན་བྱེད་ཕྱོགས་དང་གནད་དོན་ཐག་གཅོད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་བཞིན་འགན་བབས་དང་ལེན་དང་འགན་ལེན་ཕོད་པའི་སྙིང་སྟོབས་དང་དོན་དམ་གྱི་བྱ་བ་སྒྲུབ་སྟངས། ནུས་ལྡན་གྱི་བྱ་བའི་བྱེད་ཐབས་བཅས་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་པར་དམིགས་ནས། ཧུར་ཐག་འབད་ཐག་བྱས་གིས་རང་ཞིང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྤྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཁ་ལོན་ཤ་སྟག་གི་ཆོད་སེམས་དང་ལག་ལེན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་འདོད་བློ་ཚིམ་པའི་བྱས་རྗེས་འཇོག་དགོས།

ཧྲིན་ཀྲང་ཝང་ཅན་ཅོན་གྱིས་དབུལ་སྐྱོར་མཁྲེགས་གཏོར་གནད་དོན་བཅོས་བསྒྱུར་བྱ་བའི་བཀོད་སྒྲིག་མཛད།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུས་པའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོའི་ཞིང་ཆེན་རིམ་པའི་ཏང་ཨུའི་དང་སྲིད་གཞུང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་དཔྱད་ལེན་གནས་ཚུལ་སྙན་ཞུར་གསན་སྐབས་གསུང་བའི་གཏམ་བཤད་ཀྱི་དགོངས་དོན་བསྒྲགས་ཤིང་། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་ཧའོ་ཁྲང་ཧྲིན་གྲོས་ཚོགས་སུ་ཞུགས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཁྲིན་ཁྲང་། ཁུལ་ཨུའི་རྒྱུན་ཨུ་རྡོ་རྗེ་དང་ཆའོ་ཝུན་ལི། ཁུལ་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ། ཁུལ་ཐད་གཏོགས་དབུལ་སྐྱོར་སྦྲེལ་གནས་ལས་ཁུངས་ཀྱི་གཙོ་འགན་བློ་མཐུན་དག་མཚོ་ནུབ་ཡན་ལག་ཚོགས་རར་ཞུགས།

གོང་མ།:སི་ཐན་ཉི་སི་ལའོ.པཱ་ཙི་ཁུའུ་ལ་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གསུམ་པའི་བྱ་དགའ་ཨང་དང་པོ་ཐོབ།

ཞོལ་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གནས་ཡུལ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235