མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
ཆེད་དོན་ལེ་ཚན།
 

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་བྱས།

ཡོང་ཁུངས།:མཚོ་སྔོན་རླུང་འཕྲིན་དྲྭ་བ།  སྤེལ་དུས།:2017-07-20  རྩོམ་པ་པོ།:མཚོ་སྔོན་རླུང་འཕྲིན་དྲྭ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

习近平同巴勒斯坦国总统阿巴斯举行会谈.jpg

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གིས་བཤད་རྒྱུར།ཀྲུང་གོ་དང་ཕ་ལེ་སི་ཐན་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ཆུ་བོའི་རྒྱུན་བཞིན་རིང་ལ།རྒྱལ་ཁབ་གཉིས་ནི་ཕན་ཚུན་ལ་བཟོད་སྒོམ་བྱེད་པ་དང་ཕན་ཚུན་ལ་ཡིད་རྟོན་རུང་བ།ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན།ཉེ་བའི་ལོ་འགའི་རིང་ལ།ཀྲུང་གོ་དང་ཕ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་ལ་སོང་བ་དང་།ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བར་མ་ཟད་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་མཉམ་དུ་འབད་བརྩོན་བྱས་ཏེ།ཆབ་སྲིད་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་ཞིང་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་།རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གནད་དོན་ཐག་གཅོད་པའི་ཐད་ལ་འདོད་ཚུལ་བཞི་བཏོན།གཅིགབློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་རྨང་གཞི་བྱེད་པའི་ཆབ་སྲིད་ཐག་གཅོད་ལག་བསྟར་བྱེད་དགོས།གཉིས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས།རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། གསུམ།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་བྱེད་པར་མཐུན་སྦྱོར་བྱས་ཏེ་མཉམ་ཤུགས་ཇེ་ཆེར་གཏོང་དགོས།བཞི།ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་ཞི་བདེ་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ཨ་པ་སི་ཡིས་བཤད་རྒྱུར།ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བར་མ་ཟད་ཡིད་སྨོན་བྱེད་བཞིན་ཡོད།ཕ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་པར་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ།ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་པ་དང་། ཕ་ལེ་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་དང་ཚན་རྩལ།རྨང་གཞིའི་སྒྲིག་ཆས། བཟོ་ལས་ས་ཁུལ། གནས་སྐོར་སོགས་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ།ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པ་སི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།

གོང་མ།:ཁོར་ཡུག་སྲུང་སྐྱོབ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་པེ་ཅིན་ནས་མཉམ་ལས་གྲོས་མཐུན་བཀོད།

ཞོལ་མ།:སི་ཐན་ཉི་སི་ལའོ.པཱ་ཙི་ཁུའུ་ལ་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གསུམ་པའི་བྱ་དགའ་ཨང་དང་པོ་ཐོབ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235