མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཁོར་ཡུག་སྲུང་སྐྱོབ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་པེ་ཅིན་ནས་མཉམ་ལས་གྲོས་མཐུན་བཀོད།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2017-07-20  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ7པའི་ཚེས18ཉིན།ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན།ཧྲིན་ཀྲང་ཝང་ཅན་ཅུན་སོགས་ཀྱིས་པེ་ཅིན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་ལྡན་དུ་གཏོང་དགོས་པའི་སྐོར་ནས་མཉམ་དུ་གྲོས་མོལ་བྱས།ལིས་ཀན་ཅེ་དང་ཝང་ཅན་ཅུན་གཉིས་ཀྱིས་སོ་སོར་ཁོར་ཡུག་སྲུང་སྐྱོབ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ།མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཡར་སྐུལ་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད།

ལིས་ཀན་ཅེ་ཡིས་མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།ཁོས་བཤད་རྒྱུར།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་ནན་ཏན་བྱས་ཏེ།ཧུར་བརྩོན་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་བྱ་བ་སྤེལ་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་ཞིབ་དཔྱོད་ལས་སྒོ་སྤེལ་བ་བརྒྱུད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས།མཚོ་སྔོན་ནི་རྒྱལ་ཁབ་སྐྱེ་ཁམས་ཀྱི་བདེ་འཇགས་ལ་མཚོན་ནས་བཤད་ན་གོ་གནས་གལ་ཆེན་ཟིན་ཡོད་ཅིང་།རང་སྟེང་གི་དགེ་མཚན་རྩལ་དུ་འདོན་དགོས་པར་མ་ཟད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚོད་གནས་དཔེ་སྟོན་ཕྱོགས་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པར་འབད་ནས།མཁོ་འདོན་དང་གཡར་ལེན།མཆན་བཀོད་བྱས་ཆོག་པའི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་གསར་གཏོད་བྱེད་དགོས།ཆུ་འབག་བཙོག་བཅོས་སྐྱོང་དང་འགོག་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས།སྐྱེ་ཁམས་སྲུང་སྐྱོབ་ཉེན་གནས་ས་ཁོངས་ཀྱི་འཆར་འགོད་བྱ་བ་མགྱོགས་མྱུར་ངང་བཟོས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་རིགས་ཁག་སོ་སོའི་བཅོས་སྒྱུར་ཐབས་ལམ་ལག་ལེན་མཐའ་འཁྱོལ་བྱེད་དགོས།ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་སྔར་མུར་བཞིན་མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྒྱབ་སྐྱོར་དང་དོ་ཁུར་བྱས་ཏེ།ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱས་ནས།རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་དགོས་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་སྣེ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་སྐྱོད་འདུ་ཤེས་ཡིད་ལ་བརྟན་པོར་ཉར་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཉིད་ཞིང་ཆེན་ཡོངས་ཀྱི་གལ་གནད་དུ་བརྩིས་ཏེ་ཐབས་ཇུས་རབས་དང་རིམ་པ་འཐེན་མཐར།དེ་བསྟུན་གྱི་ཕན་འབྲས་ཀྱང་མངོན་གསལ་བླངས་ཡོད།ང་ཚོས་ཐེངས་འདིའི་མཉམ་ལས་གྲོས་མཐུན་བཀོད་པའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་།འདུ་ཤེས་བཞི་རྒྱུན་ཆད་མེད་པའི་ངང་ཇེ་དྲག་ཏུ་བཏང་ནས།ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ཀྱི་རང་རྟོགས་སྦྱོར་བ་རུ་བསྒྱུར་དགོས།ང་ཚོས་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་སྒྲིག་ལུགས་གསར་གཏོད་བྱེད་པ།བྱེད་ནུས་ཆུ་ཚད་ཇེ་མཐོར་གཏོང་བ། དངོས་འཛིན་བདེན་གཉེར་བྱེད་པ།འབད་བརྩོན་ཧུར་བསྐྱེད་བྱེད་པ་བཅས་བྱས་ནས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་མཐར།ཧུར་བརྩོན་ཆེན་པོས་དཔལ་འབྱོར་ཞིང་ཆེན་ཆུང་གྲས་ནས་སྐྱེ་ཁམས་ཞིང་ཆེན་ཆེ་གྲས་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ངོ་སྤྲོད་བྱེད་སྐབས་བཤད་རྒྱུར།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ།འཐབ་ཇུས་གསར་བ་བཅས་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཅས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཡོད་ལ།མཚོ་སྔོན་གྱི་ཆེས་རིན་ཐང་ཆེ་བ་སྐྱེ་ཁམས་དང་ཆེས་ནུས་ཁོངས་ཆེན་པོ་སྐྱེ་ཁམས།ཆེས་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་པ་བཅས་ཀྱི་གནས་བབ་དངོས་ནས་རྐང་བཙུགས་ཏེ།ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱས་མཐར། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྐྲུན་བཞིན་ཡོད།མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་ཏན་ཏན་ཏིག་ཏིག་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཟབ་སྤེལ་བྱེད་པ་དང་།དཔལ་འབྱོར་གྱི་ཞིང་ཆེན་ཆུང་གྲས་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་གྲས་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་དགོས་པའི་ལམ་ཕྱོགས་དང་སྦྱོར་བ་དངོས་ཀྱི་ཐབས་ཇུས་གསལ་སྟོན་བྱས།ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ལས་རིམ་གནད་ས་ཁག་གི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་རྒྱུ་དམ་འཛིན་བྱས་ཏེ།མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཧུར་བརྩོན་ཆེན་པོས་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་བར་འབད་འབུངས་ཧུར་ཐག་བྱེད་དགོས་ཟེར།

ཉིན་དེར་བཀོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཡར་སྐུལ་བྱེད་པའི་མཉམ་ལས་གྲོས་མཐུན་ལྟར་ན།ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་གཤམ་གསལ་ཕྱོགས་ལྔའི་ཐད་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཏེ།གཅིག་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཀྱི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་དང་།གཉིས་ནས་མདོ་ལ་རི་བོ་སོགས་གནད་སའི་ཁྱབ་ཁོངས་ཀྱི་རི་ཆུ་ནགས་གསུམ་དང་ཞིང་ས།མཚེའུ་བཅས་ཀྱི་སྐྱེ་ཁམས་བསྐྱར་གསོའི་བྱ་བར་ཤུགས་སྣོན་པ།གསུམ་ནས་ཆུ་དང་རླུང་ཁམས་ཆེན་མོ།ས་རྒྱུ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ཡར་ལྡན་དུ་སྤེལ་རྒྱུ་རེད།བཞི་ནས་ཤུགས་ཆེན་པོས་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་རྒྱུ་རེད།ལྔ་ནས་འཇོན་ཐང་མི་སྣ་དང་ལག་རྩལ་པའི་རོགས་སྐྱོར་འགན་སྲུང་བྱ་བ་སྟོབས་ལྡན་དུ་བསྒྱུར་རྒྱུ་རེད།

ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ།ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་བཅས་གོང་གསལ་བྱ་འགུལ་ལ་ཞུགས།   །

གོང་མ།:ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི་ཆེ་གྲས《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས》ཞེས་པ་བསྟན་འགོ་ཚུགས་པ།

ཞོལ་མ།:ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་གྲོས་མོལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235