མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་གྲལ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གཟབ་རྒྱས་ཀྱི་མཛད་སྒོའི་ཐད་གཏོང་ལ་བལྟས།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2017-10-20  རྩོམ་པ་པོ།:བྱང་མོ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཟླ10བའི་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་།མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་གྲལ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གཟབ་རྒྱས་ཀྱི་མཛད་སྒོའི་ཐད་གཏོང་ལ་བལྟས།བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི་སྙན་ཞུར་ཉན་པའི་དུས་མཚུངས་སུ་ཏང་ཙུའུ་ཧྲུའུ་ཅི་ཆིན་ཅན་ཝུན་གྱིས་ཏང་ཡོན་ལས་བྱེད་སྐོར་ཞིག་འཁྲིད་དེ་དབུལ་སྐྱོར་འབྲེལ་གནས་སྡེ་བ་སྟེ།གཏེར་ལམ་རྫོང་ཤངས་སྡེ་གྲོང་རྡལ་ཚེ་ཡོན་སྡེ་བ་གོང་མར་ཕྱིན་ཏེ་མང་ཚོགས་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་བའི་ཐད་གཏོང་ལ་བལྟས་པ་མ་ཟད། དབུལ་ཐར་ཁྱིམ་ཚང་ལ་ཁམས་འདྲི་དང་ཏང་གི་བརྩེ་བ་སྐྱེལ་བ་སོགས་ཀྱི་བྱ་འགུལ་སྤེལ།

   ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུར་རྒྱ་ཆེ་ལས་བྱེད་མང་ཚོགས་ཁྲོད་དུ་དགའ་བསུ་བླ་མེད་ཐོབ་པ་དང་མགྲིན་གཅིག་ཏུ་སྙན་ཞུའི་བརྗོད་བྱ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ཤིང་།གསར་གཏོད་རང་བཞིན་གྱི་བསམ་བློ་གསར་བ་དང་ལྟ་བ་གསར་བ།  དམིགས་འབེན་གསར་བ། བྱེད་ཐབས་གསར་བ་རབ་དང་རིམ་པ་བཏོན་ཡོད་པས། ཏང་ཡོངས་དང་དམངས་ཡོངས་ཀྱི་འདོན་བློ་ཚིམ་པའི་སྙན་ཞུ་ཞིག་ཡིན་པར་འདོད།ཚང་མས་རྗེས་ཕྱོགས་སུ་ཏང་འཐུས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་ལག་ལེན་སློབ་སྦྱོང་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བཟུང་སྟེ།ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་ཚོར་དང་སྤྲོ་སེམས་ཁོལ་བའི་སློབ་སྦྱོང་གི་འདུན་པ་བསྐྱེད་དེ་ཏང་འཐུས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོགལག་ལེན་བཅས་བྱས་ཏེ།  ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་པའི་འདུ་ཤེས། སྒྲོག་ཤིང་གི་འདུ་ཤེས།  སྤྱི་མཐུན་གྱི་འདུ་ཤེས་བཅས་ཆགས་སུ་བཅུག་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ།ཏན་ཏིག་བཞིའི་བླང་བྱ་གལ་ཆེན་ལྟར། ནམ་རྒྱུན་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་སྐུལ་ཕྱོགས་ལ་རྒྱུན་འཁྱོངས་སྒོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལོ་ཙཱ་བྱེད་པའི་གྲ་སྒྲིག་ལེགས་པོ་བྱས་ཏེ། མུ་མཐུད་དུ་རྒྱ་ཆེའི་གྲངས་ཉུང་མི་རིགས་ལས་བྱེད་མང་ཚོགས་ཀྱིས་ཏང་འཐུས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཀློག་པའི་འདོད་བློ་བསྐང་དགོས།  

གོང་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་ཐག་གཅོད་གསར་པ་དང་གླེང་ཚུལ་གསར་པ།གོ་དོན་གསར་པ།

ཞོལ་མ།:མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྨང་གཞི་ཟེར་དགོས་དོན་ཅི།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235