མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་ཐག་གཅོད་གསར་པ་དང་གླེང་ཚུལ་གསར་པ།གོ་དོན་གསར་པ།

ཡོང་ཁུངས།:ཞིན་ཧྭ་དྲ་བ།  སྤེལ་དུས།:2017-10-25  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ་རབ་དང་རིམ་པའི་ཐག་གཅོད་གསར་པ་དང་། གླེང་ཚུལ་གསར་པ། གོ་དོན་གསར་པ། བླང་བྱ་གསར་པ། བཀོད་སྒྲིག་གསར་པ་བཅས་བཏོན་ཡོད།

640.webp.jpg

      ཐག་གཅོད་གསར་པ།

1ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར།  ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བའི་ལོ་ལྔའི་རིང་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་རེད། ང་ཚོས་བརྟན་པོའི་ཁྲོད་དུ་འཕེལ་རྒྱས་འགྲོ་བའི་བྱ་བ་སྤྱིའི་དོན་སྙིང་རྒྱུན་འཁྱོངས་བྱས་ནས། དཀའ་ངལ་ཁྱད་བསད་དང་གསར་འབྱེད་སྔོན་སྐྱོད་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་རེད།

   ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་།གསར་གཏོད་རང་བཞིན་ཡིན་ལ།ལོ་ལྔའི་རིང་གི་འཕོ་འགྱུར་ནི་གཏིང་ཟབ་དང་རྩ་བའི་རང་བཞིན་ཡིན། ལོ་ལྔའི་རིང་ལ། ང་ཚོ་ཏང་གིས་ཁྱབ་ཆེ་བའི་ཆབ་སྲིད་བློ་སྟོབས་དང་ཤུགས་དྲག་པའི་འགན་འཁྲིའི་ཁག་ཁུར་གྱིས་རབ་དང་རིམ་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།འཐབ་ཇུས་གསར་པ་བཏོན་པ་དང་།རབ་དང་རིམ་པའི་བྱེད་ཕྱོགས་དང་སྲིད་ཇུས་ཆེན་པོ་དངོས་སུ་དོན་ཞིང་། རབ་དང་རིམ་པའི་བྱེད་ཐབས་གལ་ཆེན་བཏོན་ལ། རབ་དང་རིམ་པའི་བྱ་བ་གལ་ཆེན་དག་སྐུལ་འདེད་བྱས་པ་མ་ཟད། ཡུན་རིང་དུ་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱས་ལ།སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་ལས་དོན་ཆེན་པོ་ཁག་ཅིག་འགྲུབ་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལ། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འདི་དག་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་གལ་ཆེ་ཞིང་རྒྱུན་རིང་པོའི་དགེ་མཚན་ལྡན།

2ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། དུས་ཡུན་རིང་པོའི་འབད་བརྩོན་བརྒྱུད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད།འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་སྟངས་གསར་བ་ཞིག་ཡིན།

3རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར།    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་།རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་འཕར་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་། དོ་མཉམ་མིན་པ་དང་གང་ལེགས་མིན་པའི་འཕེལ་རྒྱས་བར་གྱི་འགལ་བར་འགྱུར། རང་རྒྱལ་གྱིས་གཏན་འཇགས་ངང་མི་གྲངས་དུང་ཕྱུར་བཅུ་ཁའི་ལྟོ་གོས་གནད་དོན་ཐག་བཅད་པ་དང་། སྤྱིའི་ཆ་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱུང་ལ།   མི་འགྱངས་པར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས།མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཉིན་རེ་བཞིན་རྒྱ་ཆེར་འགྲོ་བ་དང་། དངོས་པོའི་རིག་གནས་འཚོ་བར་རེ་འདུན་མཐོན་པོ་བཏོན་པ་མ་ཟད།  གཞན་ཡང་དམངས་གཙོ་དང་ཁྲིམས་སྐྱོང་། དྲང་གཞག    དྲང་བདེན། བདེ་འཇགས།ཁོར་ཡུག་སོགས་ཕྱོགས་ཀྱི་རེ་འདོད་ཉིན་རེ་བཞིན་འཕར་བ་རེད།   དུས་མཉམ་དུ།  རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱིའི་ཆ་ནས་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་།སྤྱི་ཚོགས་ཐོན་སྐྱེད་ནུས་པ་ཕྱོགས་མང་པོ་ཞིག་ནས་འཛམ་གླིང་གི་སྔོན་གྲལ་དུ་བསྐྱོད་ལ། སྔར་ལས་འབུར་དུ་ཐོན་པའི་གནད་དོན་ནི་འཕེལ་རྒྱས་དོ་མཉམ་མིན་པ་དང་གང་ལེགས་མིན་པ་དེ་རེད།འདི་ནི་མི་དམངས་ཚིམ་པར་བྱེད་པའི་ཉིན་རེ་བཞིན་འཕར་བའི་བདེ་སྐྱིད་འཚོ་བར་མཁོ་བའི་ཚོད་འཛིན་གྱི་རྒྱུ་རྐྱེན་གཙོ་བོ་རུ་གྱུར་ཟིན།

གླེང་ཚུལ་གསར་པ།

སྟོབས་འབྱོར་དང་་དམངས་གཙོ་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འདི་བརྟན་པོར་འཛིན་པ་དང་།སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེན་པོ་འདི་བརྟན་པོར་འཛུགས་པ།ཏང་གི་གཞི་རྩའི་ལམ་ཕྱོགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་། མི་དམངས་ཀྱི་བདེ་སྐྱིད་འབྱུང་གཞི་འདི་ལ་བརྟན་པོའི་ངང་རྒྱུན་འཁྱོངས་བཅས་བྱས་ནས།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས།རང་སྟོབས་རང་སྤེལ།  དཀའ་སྤྱད་ལས་སྐྲུན་བཅས་བྱེད་པ་དང་། རང་རྒྱལ་འཛུགས་སྐྲུན་བྱས་ཏེ་སྟོབས་འབྱོར་དང་དམངས་གཙོ་དཔལ་ཡོན་ལྡན་པའི་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་ཆེད་དུ་འབད་བརྩོན་བྱ་དགོས།

གོ་དོན་གསར་པ།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གྲུབ་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྒྱུར། ང་ཚོ་ཏང་གིས་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམགྱི་དགོངས་དོན་གལ་ཆེན།ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་བར་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་བཅིང་འགྲོལ་དང་དངོས་ཐོག་བདེན་འཚོལ།  དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་ལ་རྒྱུན་འཁྱོངས་དང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ལ་རྒྱུན་འཁྱོངས། དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་དམ་དུ་སྦྲེལ་ནས། མཐོང་རྒྱ་ཟབ་མོའི་སྒོ་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ལ་ངོས་ཟིན་ཏེ།དཀའ་སྡུག་གི་སྒོ་ནས་གཞུང་ལུགས་འཚོལ་བ་དང་གལ་ཆེའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་བླངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གྲུབ།

        དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་གསལ་པོར་བཏང་ལ། སྤྱིའི་འོས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ཡིན་ཞིང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྟེང་།  ཕྱོགས་གཉིས་སུ་བགོས་ནས་དུས་རབས་འདིའི་དུས་དཀྱིལ་དུ་སྟོབས་འབྱོར་དང་དམངས་གཙོ་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་བསྐྲུན་པར་བསྐྱོད་པ་དང་། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་། དོ་མཉམ་མིན་པ་དང་གང་ལེགས་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་གསལ་པོར་བཏང་།  ངེས་པར་དུ་མི་དམངས་ནི་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་ལ་རྒྱུན་འཁྱོངས་དང་། མུ་མཐུད་དུ་མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་བྱེད་ཚུལ་ནིགནས་ལྔ་གཞི་གཅིགདང་འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ་ནིཁྱོན་ཡོངས་བཞིཡིན་པ་གསལ་པོར་བྱས་ལ། འགྲོ་ལམ་ལ་ཡིད་ཆེས་དང་།  གཞུང་ལུགས་ལ་ཡིད་ཆེས།  ལམ་ལུགས་ལ་ཡིད་ཆེས།རིག་གནས་ལ་ཡིད་ཆེས་བཅས་སྲ་བརྟན་དུ་གཏོང་བར་ནན་གྱིས་བསྟན།  ཁྱོན་ཡོངས་ནས་གཏིང་ཟབ་བཅོས་བསྒྱུར་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བདག་སྐྱོང་གི་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་དེ་ཡིན་པ་གསལ་པོར་བྱས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཡིན་པ་གསལ་པོར་བྱས།  ཏང་གི་དུས་རབས་གསར་པའི་དམག་ཤུགས་རྒྱས་པར་བྱེད་པའི་དམིགས་འབེན་ནི་ཏང་གི་མཛུབ་སྟོན་ལ་ཉན་པ་དང་རྒྱལ་ཁ་ཐོབ་པའི་དམག་འཁྲུག་རྒྱག་ཐུབ་པ། ཀུན་སྤྱོད་ལེགས་པའི་མི་དམངས་ཀྱི་དམག་དཔུང་ཞིག་འཛུགས་པ་དེ་ཡིན་ལ།མི་དམངས་དམག་དཔུང་འཛུགས་སྐྲུན་བྱས་ནས་འཛམ་གླིང་གི་དམག་དཔུང་ཕུལ་བྱུང་ཞིག་ཏུ་བསྐྲུན་ཐུབ་པ་གསལ་པོར་བྱས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བྱས་ཏེ་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་དགོས་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གྲུབ་པར་སྐུལ་འདེད་གཏོང་བ་གསལ་པོར་བྱས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ལེགས་པའི་གནས་བབ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ།ཏང་ནི་ཆེས་མཐོ་བའི་ཆབ་སྲིད་འགོ་ཁྲིད་ཀྱི་སྟོབས་ཤུགས་ཡིན་ལ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ་དང་། ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་འཛུགས་སྐྲུན་ཁྲོད་ཀྱི་གལ་ཆེའི་གོ་གནས་ཡིན་པ་འབུར་དུ་ཐོན་པ་གསལ་པོར་བྱས།

བླང་བྱ་གསར་པ།

      ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་དོན་གྱི་སྙིང་པོ་དང་ཕུན་སུམ་ཚོགས་པའི་དོན་སྤྱི་ལ་གོ་བ་གཏིང་ཟབ་ལེན་དགོས།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམགྱི་དགོངས་དོན་གལ་ཆེན།ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དེ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཆེས་གསར་པའི་གྲུབ་འབྲས་ཀྱང་ཡིན།གཞན་ཡང་ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ཀྱི་དྭངས་མ་ཡིན་པ་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་འབད་བརྩོན་བྱས་པའི་འགུལ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ལ།ངེས་པར་ཡུན་རིང་རྒྱུན་འཁྱོངས་དང་མུ་མཐུད་འཕེལ་རྒྱས་གཏོང་དགོས།

    ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་སྙིང་པོ་དང་ཕུན་སུམ་ཚོགས་པའི་དོན་སྤྱི་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། ལས་དོན་ཁག་གི་ཁྲོད་དུ་ཁྱོན་ཡོངས་ནས་ཡང་དག་པའི་སྒོ་ནས་དོན་འཁྱོལ་མཐར་ཕྱིན་བྱ་དགོས།

བཀོད་སྒྲིག་གསར་པ།

        དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཇུས་གཞི་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར།

གཅིགཏང་གིས་ལས་དོན་ཚང་མར་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས།

གཉིསམི་དམངས་ལྟེ་བར་འཛིན་པར་རྒྱུན་འཁྱོངས།

གསུམཁྱོན་ཡོངས་ནས་གཏིང་ཟབ་བཅོས་བསྒྱུར་ལ་རྒྱུན་འཁྱོངས།

བཞིའཕེལ་རྒྱས་གསར་པའི་འདུ་ཤེས་ལ་རྒྱུན་འཁྱོངས།

ལྔམི་དམངས་ཀྱི་རང་ཁྱིམ་རང་བདག་ལ་རྒྱུན་འཁྱོངས།

དྲུགཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྒྱུན་འཁྱོངས།

བདུནསྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བར་རྒྱུན་འཁྱོངས།

བརྒྱདའཕེལ་རྒྱས་ཁྲོད་ཀྱི་འགན་སྲུང་དང་དམངས་འཚོ་ལེགས་བཅོས་ལ་རྒྱུན་འཁྱོངས།དགུམི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་རྒྱུན་འཁྱོངས།

བཅུསྤྱིའི་ཆ་ནས་རྒྱལ་ཁབ་བདེ་འཇགས་ལྟ་བར་རྒྱུན་འཁྱོངས།

བཅུ་གཅིགཏང་གིས་མི་དམངས་དམག་དཔུང་གི་རྩ་བའི་འགོ་ཁྲིད་ལ་རྒྱུན་འཁྱོངས།བཅུ་གཉིསརྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིསདང་མེས་རྒྱལ་གཅིག་གྱུར་སྐུལ་

 འདེད་ལ་རྒྱུན་འཁྱོངས།

བཅུ་གསུམམིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གྲུབ་པར་སྐུལ་འདེད་ལ་རྒྱུན་

འཁྱོངས།

བཅུ་བཞིཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས།

   གོང་གི་དོན་ཚན་བཅུ་བཞི་སྟེང་།  དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་གཞི་གྲུབ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཏང་གི་རྩ་བའི་གཞུང་ལུགས་དང་རྩ་བའི་ལམ་ཐིག  རྩ་བའི་ཇུས་གཞི་བཅས་ལག་བསྟར་བྱེད་པ་དང་།ཆེས་ལེགས་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་དགོས།

      ༢༠༢༠ནས་བཟུང་དུས་རབས་འདིའི་དུས་དཀྱིལ་བར་ལ་དུས་རིམ་གཉིས་སུ་དགར་ནས་བཀོད་སྒྲིག་བྱས་ཆོག

           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར།  རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་རང་རྒྱལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ན། ༢༠༢༠ནས་བཟུང་དུས་རབས་འདིའི་དུས་དཀྱིལ་བར་ལ་དུས་རིམ་གཉིས་སུ་དགར་ནས་བཀོད་སྒྲིག་བྱས་ཆོག

        དུས་རིམ་དང་པོ། ༢༠༢༠ལོ་ནས་༢༠༣༥ལོའི་བར།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྟེང་ད་དུང་ལོ་ལྔར་འབད་བརྩོན་བྱས་ཚེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་དུ་འགྱུར་ངེས། དུས་དེར་ཐོན་དུས། རང་རྒྱལ་དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས་འབོར་ཆེན་འཕར་བ་དང་། གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་སྔོན་གྲལ་དུ་སླེབས་ཐུབ་ལ།མི་དམངས་འདྲ་མཉམ་གྱི་ཞུགས་པ་དང་འདྲ་མཉམ་གྱི་འཕེལ་རྒྱས་དབང་ཆ་ལ་འགན་སྲུང་གང་ལེགས་ཐོབ་ཐུབ།  ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་ཕལ་ཆེར་འཛུགས་ཐུབ།ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་འགྲོ་བ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་དབང་སྒྱུར་ནུས་པ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་ཐུབ། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོ་ཚད་གསར་པ་ཞིག་སྙེག་ཐུབ་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་པའི་སྟོབས་ཤུགས་མངོན་གསལ་གྱི་ཤུགས་ཆེ་རུ་འགྲོ་བ་རེད།ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་སྔར་ལས་རྒྱ་ཁྱབ་དང་གཏིང་ཟབ་ཏུ་འགྲོ་ལ།མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན། ཡོང་འབབ་འབྲིང་ཙམ་ཡིན་པའི་མང་ཚོགས་ཀྱི་བསྡུར་ཚད་མངོན་གསལ་མཐོ་རུ་འགྲོ་བ་དང་། གྲོང་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཧེ་བག་དང་སྡོད་དམངས་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་ཆུང་དུ་འགྲོ་བ་རེད།  རྩ་བའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱུང་ལ། མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ཡོང་བའི་གོམ་པ་བརྟན་པོ་སྤོས་པ་དང་།དེང་རབས་སྤྱི་ཚོགས་སྐྱོང་བའི་གནས་བབ་ཕལ་ཆེར་གྲུབ། སྤྱི་ཚོགས་ལ་གསོན་ཤུགས་རྒྱས་པ་མ་ཟད་འཆམ་མཐུན་གོ་རིམ་ཡོད་ལ།སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ལེགས་པོར་འགྱུར་ཞིང་།  མཛེས་སྡུག་ཀྲུང་གོའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱུང་།

    དུས་རིམ་གཉིས་པ།  ༢༠༣༥ནས་དུས་རབས་འདིའི་དུས་དཀྱིལ་བར། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱུང་བའི་རྨང་གཞིའི་སྟེང་ད་དུང་ལོ་ལྔར་འབད་པ་བྱས་ཚེ། རང་རྒྱལ་ནི་སྟོབས་འབྱོར་དང་དམངས་གཙོ་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་ཐུབ།  དུས་དེར་ཐོན་དུས།  རང་རྒྱལ་གྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན།    སྤྱི་ཚོགས་དཔལ་ཡོན།  སྐྱེ་ཁམས་དཔལ་ཡོན་བཅས་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་བ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་དབང་སྒྱུར་ནུས་པ་དེང་རབས་ཅན་མངོན་འགྱུར་བྱུང་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་བག་ཆགས་འཇོག་ནུས་སྔོན་ཐོན་ཡིན་པའི་རྒྱལ་ཁབ་ཏུ་གྱུར་པ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་འབྱོར་ཕྱུག་ཡོང་བ་ཕལ་ཆེར་མངོན་འགྱུར་བྱེད་ཐུབ།   རང་རྒྱལ་གྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་ཞིང་སྐྱིད་པའི་འཚོ་བ་མངའ་བ་དང་། ཀྲུང་ཧྭ་མི་རིགས་སྔར་ལས་ལྷག་པའི་སྒོ་ནས་དཔའ་ངར་ཆེ་བའི་ཉམས་འགྱུར་གྱིས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་ཀྲོང་ངེར་འགྱིང་ཆོག

བླང་བྱ་གསར་པ།

དུས་རབས་གསར་པའི་ནང་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ།  

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། དུས་རབས་གསར་པའི་ནང་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནི།  ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས། ཏང་གིས་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་གཙོ་བོར་བཟུང་བ་དང་།  ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་སྤྱི་ཁྱབ་བཀོད་འདོམས་སུ་བཟུང་བ།བསམ་བློའི་འདུ་ཤེས་བརྟན་པའི་དམིགས་ཡུལ་ནི་གཞི་རྩར་བཟུང་བ།  ཏང་ཡོངས་ཀྱིས་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་སློང་བྱེད་པ་བཅས་འབད་ཡུལ་དུ་བཟུང་སྟེ།   ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན།  ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་དང་།  ལམ་ལུགས་འཛུགས་སྐྲུན་ནང་དུ་བརྒྱུས་པ་དང་། གཏིང་ཟབ་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བྱས་ནས།  མུ་མཐུད་དུ་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་བ་དང་།  ཏང་འཛུགས་སྐྲུན་བྱས་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་སྔོན་གྲལ་དུ་བསྐྱོད་པ་དང་མི་དམངས་ཀྱིས་སེམས་གཏིང་ནས་བཀུར་བ།  རང་ཉིད་གསར་བརྗེ་བྱེད་ཕོད་པ།  དཀའ་སྡུག་སྣ་ཚོགས་ཀྱིས་ཉམས་ཚོད་ཐེག་ཐུབ་ཅིང་སྐྱེ་སྟོབས་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འགྱུར་བར་བྱེད་དགོས།



ཞོལ་མ།:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་གྲལ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གཟབ་རྒྱས་ཀྱི་མཛད་སྒོའི་ཐད་གཏོང་ལ་བལྟས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235