མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ལིས་ཁི་ཆང་གིས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལིའི་གྲོས་མོལ་ཐེངས་གཉིས་པ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2017-12-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལིའི་གྲོས་མོལ་ཐེངས་གཉིས་པ་བསྡུས།གྲོས་མོལ་མ་མཛད་པའི་སྔོན་ལ།ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ།ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་མ་བྱས།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལིའི་གྲོས་མོལ་ཐེངས་གཉིས་པ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད།རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་གྲོས་མོལ་དང་དེ་མིན་ཕྱི་འབྲེལ་ཐུག་འཕྲད་དང་དཔལ་འབྱོར་ནོར་སྲིད་འཐབ་ཇུས་གྲོས་མོལ།རིམ་པ་མཐོ་བའི་རྒྱལ་ཁབ་བདེ་འཇགས་དང་ཁྲིམས་སྐྱོང་གྲོས་མོལ་སོགས་རྐྱེན་སྲོལ་གྱིས་ནུས་པ་ཆེན་པོ་བཏོན་པར་ཁས་ལེན་བྱས།ཁོང་གིས་གསུངས་རྒྱུར།ཀྲུང་གོ་དང་ཁ་ན་ཏ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་དང་འཛམ་གླིང་གི་ཉོ་ཚོང་རྒྱལ་ཁབ་ཆེན་པོ་ཡིན་པ་དང་།ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན།ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་པར་ཕྱེས་པ་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་བཟང་དུ་བཏང་ནས་མུ་མཐུད་དུ་རྒྱལ་སྤྱིའི་དངུལ་གཏོང་གི་ས་ཁུལ་གཙོ་བོར་འགྱུར་བར་བྱེད་ངེས་ཡིན་ཟེར།

ཐི་ལུའུ་ཏོ་ཡིས་བཤད་རྒྱུར།ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་།རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད།ཁ་ན་ཏ་ཕྱོགས་ཀྱིས་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་ལ་དམིགས་ཏེ།རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད།ཁ་ན་ཏ་ཕྱོགས་ཀྱིས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པར་མ་ཟད།ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་ཅན་དང་རང་མོས་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་བཏང་ནས།འཛམ་གླིང་ཡོངས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ།ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ།ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་མ་བྱས།



ཞོལ་མ།: ཞི་ཅིན་ཕིང་གི་ཀྲུང་གོའི་ཕུགས་འདུན་སྐོར་གྱི་སྐད་ཆ་དུམ་བུ་བཅུ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235