མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

རྐང་ཚའི་གཞོན་ནུ་གཉིས་ཀྱིས་སྐད་འཕྲིན་དུ་འཇིགས་སྐུལ་གྱི་བརྙན་བསྐུར་པས་ཁྲིམས་ལྟར་བཀག་སྐྱིལ་བྱས།

ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར།  སྤེལ་དུས།:2017-12-28  རྩོམ་པ་པོ།:ནམ་མཁའ་ཚེ་རིང་།  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

‍  

        ཉེ་ལམ།རྐང་ཚ་རྫོང་སྤྱི་བདེ་ཅུའི་ཉེན་རྟོག་པས་སྐད་འཕྲིན་དུ་འཇིགས་སྐུལ་གྱི་བརྙན་བསྐུར་བའི་དོགས་གཞི་ཡོད་པའི་གཞོན་ནུ་གཉིས་ཤེས་རྟོག་བྱུང་ལ། རྫོང་སྤྱི་བདེ་ཅུའི་ཏང་ཨུས་གྱོད་དོན་དེ་གཙིགས་སུ་བཟུང་སྟེ། འཕྲལ་དུ་ཉེན་རྟོག་པ་རྩ་འཛུགས་བྱས་ནས་གྱོད་དོན་ལ་བརྟག་དཔྱད་བྱས་ཏེ་བདེན་དཔང་བླངས།

ཉེན་རྟོག་པས་བརྟག་དཔྱད་བྱས་པ་ལྟར་ན། ཀླུ་ཆེ་གེ་མོ་དང་ཆོས་ཆེ་གེ་མོ་གཉིས་ཀྱིས་མཚར་སྣང་གི་བསམ་བློས་སྐད་འཕྲིན་དུ་གདུག་རྩུབ་ཆེན་པོས་མི་གསོད་པའི་འཇིགས་སྐུལ་གྱི་བརྙན་བསྐུར་བར་གཏན་ཁེལ་བྱས་ཏེ་འཛིན་བཟུང་བྱས། ཀླུ་ཆེ་གེ་མོ་དང་ཆོས་ཆེ་གེ་མོ་གཉིས་ཀྱིས་ཀྱང་ཁྲིམས་འགལ་གྱིས་བརྙན་བསྐུར་བའི་ནོར་འཆུག་གི་བྱ་སྤྱོད་ངོས་ལེན་བྱས།

རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཡིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམསཀྱི་དོན་ཚན80ཚན་པ2པའི་གཏན་ཁེལ་ལྟར་དུ། ཀླུ་ཆེ་གེ་མོར་ཉིན10དང་ཆོས་ཆེ་གེ་མོ་ལ་ཉིན13གྱི་སྲིད་འཛིན་བཀག་སྐྱིལ་བྱས་པར་མ་ཟད། མི་རེར་སྒོར500ཡི་ཆད་པ་བཅད།

                                                               



ཞོལ་མ།:ལིས་ཁི་ཆང་གིས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་དང་མཉམ་དུ་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལིའི་གྲོས་མོལ་ཐེངས་གཉིས་པ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235