མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

【དཔེ་འཕྲིན།】མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས།

ཡོང་ཁུངས།:  སྤེལ་དུས།:2018-02-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

   

   ༼མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས༽ཞེས་པ་འདི་ནི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་འགན་འོག   ༼གངས་རྒྱན་མེ་ཏོག༽རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་པར་སྐྲུན་དང་མི་འགྱངས་པར་འགྲེམས་སྤེལ་བྱ་རྒྱུ་ཡིན་པའི་རྩོམ་རིག་དཔེ་ཚོགས་ཤིག་ཡིན་ལ།  དཔེ་ཚོགས་འདི་ཉིད་ལྷུག་རྩོམ་དེབ་གཅིག་དང་སྙན་ངག་དེབ་ལྔ།ཕྱོགས་བསྒྲིགས་དེབ་གཉིས་བཅས་བསྡོམས་པས་དེབ་བརྒྱད་ཀྱིས་གྲུབ་ཡོད་ཅིང་།  མིག་སྔར་མཚོ་ནུབ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་ཐོག་མའང་ཡིན།

  ཐེངས་འདིའི་རྩོམ་པ་པོའི་ཁྲོད་དུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་ལགས་དང་གཞོན་སྐྱེས་སྙན་ངག་པ་མོག་བུ་ཡེ་ཤེས་སྐྱབས། སྐྱེས་མ་སྙན་ངག་པ་མེ་ཏོག་སོགས་མཆིས་ཤིང་།དཔེ་ཚོགས་ཁྲོད་ཀྱི་བརྩམས་ཆོས་ཕལ་ཆེ་བ་ཞིག་རྩོམ་པ་པོ་རང་རང་གིས་ཉེ་དུས་སུ་གསར་རྩོམ་གནང་བའི་བརྩམས་ཆོས་གསར་བ་དག་ཡིན་པས།དཔེ་ཚོགས་ཀྱི་རྗོད་བྱེད་དང་བརྗོད་བྱ་གང་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་ཞིང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་ཡོད་པས།རྩོམ་རིག་ལ་དུངས་ཤ་ཟབ་པའི་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དུས་ལྟར་དུ་དོ་སྣང་དང་ཐུགས་ཁུར་ཡོད་པར་རེ་བ་དང་ཆབས་ཅིག  འདིས་ཀྱང་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བྱེད་ནུས་ཕྲན་ཙམ་འདོན་ཐུབ་པའི་སྨོན་འདུན་ཞུ།

གོང་མ།:ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞོལ་མ།:རྐང་ཚའི་གཞོན་ནུ་གཉིས་ཀྱིས་སྐད་འཕྲིན་དུ་འཇིགས་སྐུལ་གྱི་བརྙན་བསྐུར་པས་ཁྲིམས་ལྟར་བཀག་སྐྱིལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235