མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2018-05-18  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

2018-05-1710:03:17 ཀློག་གྲངས།226

1122843313_15264721540201n.jpg

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་སྟེ།ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་དམག་དོན་ཚན་རིག་གླིང་གི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་།དམག་དོན་ཚན་རིག་གླིང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།ཁོང་གིས་ནན་གྱིས་བསྟན་དོན། དམག་དོན་ཚན་རིག་ནི་དམག་དོན་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་དམག་དོན་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན།དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་སྐབས།ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ།ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་སྤེལ་བྱེད་པ།ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་།འཐབ་ཡུལ་ལ་ཁ་ཕྱོགས་པ་དང་དམག་དཔུང་ལ་ཁ་ཕྱོགས་པ།མ་འོངས་པར་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ།རིགས་གཞུང་དང་ཚན་རྩལ་མཉམ་བསྲེས་བྱེད་པ་དང་ཞིབ་འཇུག་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པ།དམག་དམངས་མཉམ་བསྲེས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།དེང་རབས་དམག་དོན་ཚན་རིག་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་ཧུར་ཐག་སྒོས་ཆུ་ཚད་མཐོ་བའི་དམག་དོན་ཚན་ཞིབ་ལས་ཁུངས་འཛུགས་སྐྲུན་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་བཅོ་ལྔའི་སྟེང་།ཞི་ཅིན་ཕིང་དམག་དོན་ཚན་རིག་གླིང་དང་དམག་དོན་གསོ་རིག་ཞིབ་འཇུག་གླིང་དུ་ཕེབས་ཏེ་འབྲེལ་ཡོད་ཚན་ཞིབ་བཟོ་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་གནང་།ཁོང་གིས་གྲུབ་འབྲས་མི་ཉུང་བ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབས་ཡོད་པ་མཐོང་རྗེས་དགའ་སྤྲོ་དཔག་མེད་སྐྱེས་པར་མ་ཟད་ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པའི་སྐུལ་མ་བཏང་།

དེར་མཐུད་ནས་ཞི་ཅིན་ཕིང་དམག་དོན་ཚན་རིག་གླིང་དུ་ཕེབས་ཏེ་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན། དམག་དོན་ཚན་རིག་ཞིབ་འཇུག་ལ་འཚོལ་ཞིབ་རང་བཞིན་དྲག་པོ་ལྡན་པས།གསར་སྐྲུན་དེ་སྔར་ལས་འབུར་ཐོན་ཡིན་པའི་གོ་གནས་སུ་བཞག་སྟེ་འཐབ་ཇུས་འཆར་འགོད་དང་རིམ་པ་མཐོ་བའི་ཇུས་འགོད་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་།དམག་དོན་རིགས་གཞུང་གསར་སྐྲུན་དང་རྒྱལ་སྲུང་ཚན་རྩལ་གསར་སྐྲུན།དམག་དོན་ཚན་ཞིབ་བྱ་བའི་རྩ་འཛུགས་རྣམ་པའི་གསར་སྐྲུན་བཅས་ལ་ཤུགས་བསྣན་ནས།དམག་དོན་ཚན་ཞིབ་གསར་སྐྲུན་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནམ་ཡང་འགྱུར་བ་མེད་པ་དང་།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ།རིམ་པ་སོ་སོའི་ཏང་རྩ་འཛུགས་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་ཏང་གི་འགོ་ཁྲིད་དེ་དམག་དོན་ཚན་ཞིབ་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་དང་མཉམ་བསྲེས་བྱེད་དགོས།ཚན་ཞིབ་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཚན་ཞིབ་འགྲོ་གྲོན་དོ་དམ་ལ་ཤུགས་བསྣན་ནས་དར་སྲོལ་བཟང་བོ་གསར་སྐྲུན་བྱེད་དགོས།རིམ་པ་སོ་སོས་རང་འགུལ་སྒོས་དོན་དངོས་ཀྱི་དཀའ་ཁག་སྣ་ཚོགས་ཐག་གཅོད་པ་དང་ཚང་མ་མཉམ་འབྲེལ་བྱས་ཏེ་ཧུར་ཐག་སྒོས་དུས་རབས་གསར་པའི་དམག་དོན་ཚན་ཞིབ་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།།

གོང་མ།:མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་གསུམ་པ་བསྡུས།

ཞོལ་མ།:【དཔེ་འཕྲིན།】མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235