མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་གསུམ་པ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-05-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

གསར་འགོད་པ།   བསོད་རྡོ།

ཉེ་ཆར།སྤྱི་ལོ2018ལོའི་མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་གསུམ་པའི་མཛད་སྒོ་གཏེར་ལེན་ཁ་རུ་བསྡུས།

རེབ་འདིའི་མདའ་འཕེན་གདན་ཞུ་འགྲན་སྡུར་ནི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་བཏང་སྟེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ་དང་། མེས་རྒྱལ་གྱི་ནོར་འབྱུང་གཤོང་ས་རུ་བསྐྱོད་དེ།མཚར་སྡུག་གི་ཚྭ་འདམ་སྣང་བརྙན་མངོན་མཚོན་བྱེད་ཅེས་པ་བརྗོད་བྱ་ཡིན་ལ། འགྲན་སྡུར་ནི་མི་རིགས་རིག་གནས་ཀྱི་མཁའ་དབུགས་སྟུག་པའི་མདའ་སྟོན་གཟབ་ལ་རྒྱས་ཤིང་།མཚོ་སྔོན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་སྤེལ་གཏོང་བ་དང་། ཧུར་ཐག་སྒོས་སྲོལ་རྒྱུན་མདའ་འཕེན་གྱི་འགྲན་ནུས་མཐོར་འདེགས་སུ་གཏོང་བ་བརྒྱུད་དེ།འགྲན་སྡུར་མིང་རྟགས་བཞེངས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་མི་རིགས་ལུས་རྩལ་རིག་གནས་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བྱས་ཏེ།སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བར་རྨང་གཞི་བསྐྲུན།

མཚོ་ནུབ་ཁུལ་མདའ་འཕེན་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོའམ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཅིན་ཧྲིན་ཞང་གིས་བཤད་རྒྱུར།ད་ལོའི་མཚོ་ནུབ་ཁུལ་གྱི་མདའ་འཕེན་གདན་ཞུ་འགྲན་སྡུར་ནི་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་མདའ་འཕེན་མཐུན་ཚོགས་ཡོད་ཚད་འགྲན་སྡུར་ནང་ཞུགས་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ།ཞིང་ཆེན་ཡོངས་ཀྱི་མདའ་འཕེན་རུ་ཁག་43ཡོད་པ་དང་། དེའི་ནང་སོག་རིགས་དང་བོད་རིགས། རྒྱ་རིགས།ཁ་ཆེའི་རིགས། ཟ་ལར་རིགས་སོགས་མདའ་བ་ལུས་རྩལ་པ་མི་960ཡོད། ཐེངས་འདིའི་འགྲན་སྡུར་རྣམ་གྲངས་ལ་རིམ་པ་གསུམ་དུ་བཀར་ཡོད་པ་སྟེ།སྲོལ་རྒྱུན་རྭ་གཞུ་དང་། དེང་རབས་ལྕགས་གཞུ། གཞུ་འཁོར་ལོ་མ་བཅས་ཡིན་ཟེར།

གཏེར་ལེན་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་མདའ་བ་ཁྲ་ཞོས་ལུང་གིས་བཤད་རྒྱུར།ཐེངས་འདིའི་འགྲན་སྡུར་སྟེང་རེ་བ་ཡིན་ན་འབྲས་བུ་ཡག་པོ་ཞིག་ལེན་རྒྱུ་དེ་ཡིན་ལ། ང་ཚོ་སོག་པོའི་མདའ་ཡི་རིག་གནས་འདི་དར་སྤེལ་གཏོང་རྒྱུ་དེའང་ཡིན་ཟེར།

ཉེ་བའི་ལོ་འགའི་ཚུན་ལ།ཞིང་ཆེན་ཕྱི་ནང་དང་། ལྷག་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་ཡི་མདའ་འཕེན་འགྲན་སྡུར་མཚོ་ནུབ་ཁུལ་དུ་བདེ་བླག་ངང་སྤེལ་བ་དང་བསྟུན་ནས།མང་ཚོགས་མང་པོ་ཞིག་མདའ་འཕེན་བྱ་འགུལ་ནང་ཞུགས་བཞིན་ཡོད། ན་གོར་གྲོང་ཁྱེར་ནས་ཡོང་བའི་མདའ་བ་མྰ་དཔའ་ཀྲིན་ནི་མདའ་འཕངས་ནས་ལོ་ངོ་བཅུ་ལྷག་འགོར་ཡོད་ལ།རྒྱལ་ནང་གི་མདའ་འཕེན་འགྲན་སྡུར་གང་མང་ལ་ཞུགས་མྱོང་བ་ཞིག་རེད། འགྲན་སྡུར་སྐུགས་ར་ནང་ཁོའི་གཟབ་ལ་ཚད་དང་ལྡན་པའི་མདའ་མོའི་མཐེབ་རྩལ་ལ་མདའ་བ་རྣམས་ཀྱིས་བསྟོད་བསྔགས་ཐོབ་ཀྱིན་ཡོད།

ན་གོར་གྲོང་ཁྱེར་སྐར་འབྲུག་དམངས་ཁྲོད་མདའ་འཕེན་རུ་ཁག་གི་རུ་གཙོ་མཱ་དཔའ་ཀྲིན་གྱིས་བཤད་རྒྱུར།མདའ་ཐོག་མ་འཕེན་དུས་ང་གཅིག་པུ་མ་གཏོགས་མེད་ལ། ད་ལྟ་མདའ་བ་བཅུ་ལ་ཉེ་བ་ཡོད། གཞུག་ནས་ཞིང་ཆེན་གྱི་ས་གནས་སོ་སོའི་མདའ་འཕེན་འགྲན་སྡུར་མང་པོ་ཡོད་པས།ང་ཚོ་རིམ་པ་བཞིན་དུ་འགྲན་སྡུར་ནང་ཞུགས་པ་ཡིན་ལ། གྲུབ་འབྲས་ཀྱང་མང་པོ་བླངས་མྱོང་ཟེར།

མདའ་འཕེན་པ་ནི་ལུས་རྩལ་རྣམ་གྲངས་མཆོག་ཤོས་ཤིག་ཡིན་པའི་ཆ་ནས།འདིས་མིའི་སེམས་ཁམས་ཀྱི་སྙིང་སྟོབས་དང་མཉམ་འཇོག་བྱེད་ཡུལ་གྱི་སྟོབས་ཤུགས་མཐོ་རུ་གཏོང་ཐུབ་པར་མ་ཟད།ད་དུང་དབུགས་ཀྱི་འབྱིན་རྔུབ་མ་ལག་ཀྱི་ནུས་པ་མཐོ་རུ་གཏོང་ཐུབ་ཅིང་། སྒལ་ཤ་དང་ལག་ངར་གྱི་ནུས་ཤུགས་སྦྱོང་བརྡར་བྱེད་ཐུབ་པས།མིག་ཤེས་ཀྱི་དབང་བོ་མཐོ་རུ་གཏོང་བར་ཕན་ནུས་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་ཁྲལ་མ་ལག་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་མི་རྒྱ་མཚོ་ཡིས་བཤད་རྒྱུར།མདའ་འཕེན་པ་ནི་ལུས་ཕུང་བདེ་ཐང་ལ་ཕན་པ་གང་ལེགས་སྩོལ་བཞིན་ཡོད་པའི་མི་ཚད། ད་དུང་མདའ་འཕང་ན་མིའི་རྣལ་སེམས་དང་ཐེག་ཤུགས།བློ་རྩེའི་ནུས་པ་གསོ་སྤེལ་བྱེད་ཐུབ་ལ། མིའི་མིག་གི་ནུས་པ་སླར་གསོ་ལ་ཕན་ཐོགས་ཡོད། སྒལ་རུས་ན་བ་དང་དཔུང་པ་ན་བ།སྐེ་ཚིགས་ན་བའི་ནད་སོགས་ལའང་ཕན་པ་མི་ཉུང་བ་ཡོད་ཟེར།

གོང་མ།:ཞི་ཅིནཕིང་གིས་བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་བྱ་བར་རྟོག་ཞིབ་མཛད།

ཞོལ་མ།:ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235