ཞི་ཅིན་ཕིང་གིས་མའི་ལི་ཆུག་སིའི་ཙུང་ལི་ལ་མཇལ་འཕྲད་གནང་།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་མའི་ལི་ཆུག་སིའི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ།  སྤེལ་དུས།:2018-07-31  རྩོམ་པ་པོ།:། རིན་ཆེན་མཚོ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

7月28日,国家主席习近平在毛里求斯会见毛里求斯总理贾格纳特。.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་མའོ་ལི་ཆུག་སི་ནས་ཙུང་ལི་ཅཱ་ཀུ་ནཱ་ཐི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་མའོ་ལི་ཆུག་སི་ནས་ཙུང་ལི་ཅཱ་ཀུ་ནཱ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མའོ་ལི་ཆུག་སི་རང་ཚུགས་བྱས་ནས་ལོ་ངོ་ལྔ་བཅུའི་རིང་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། མའོ་ལི་ཆུག་སི་ཡི་སྐབས་རིམ་པའི་སྲིད་གཞུང་གིས་སྔར་ནས་ད་བར་དུ་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མའོ་ལི་ཆུག་སི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་བ་བཟང་ཞིང་མཛའ་བརྩེ་ཧ་ཅང་ཟབ། ཀྲུང་གོ་དང་མའོ་ལི་ཆུག་སི་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཞེ་དྲུག་ཚུན་དུ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོ་ཕྱོགས་ཀྱིས་མའོ་ལི་ཆུག་སི་བར་གྱི་གྲོགས་པོ་བཟང་བོའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་མའོ་ལི་ཆུག་སི་བར་གྱི་མཛའ་བརྩེ་མཉམ་ལས་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མའོ་ལི་ཆུག་སི་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། འཕེལ་རྒྱས་ཀྱི་རྒྱུད་རིམ་དང་འཕེལ་རྒྱས་ལས་འགན་གཅིག་མཚུངས་ཡིན། མིག་སྔར། ཀྲུང་གོ་དང་མའོ་ལི་ཆུག་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གོ་སྐབས་གལ་ཆེན་གསར་བར་འཕྲད་ཡོད་པས། ང་ཚོས་མཐོ་རིམ་བར་གྱི་འགྲོ་འོང་གི་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛུགས་སྡེ་ཁག ས་གནས་སོགས་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་བཞིན་པའི་གནད་དོན་གལ་ཆེན་སྟེང་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས། དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱེད་པ། སྔ་མོ་ནས་ཀྲུང་གོ་དང་མའོ་ལི་ཆུག་སི་བར་གྱི་རང་དབང་ཉོ་ཚོང་ཆོད་དོན་འགོད་པ། མའོ་ལི་ཆུག་སི་རྒྱུད་གཅིག་ལམ་གཅིག་ཁྲོད་ཞུགས་པའི་དམིགས་བསལ་གོ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས། ཕན་ཚུན་རྒྱུས་ལོན་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མའོ་ལི་ཆུག་སི་བར་ནམ་ཟླའི་འགྱུར་ལྡོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་དམ་ཟབ་ཏུ་སྤེལ་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་དང་མཉམ་ལས་གཉིས་རྒྱལ་གྱི་ཐུན་མོང་ཚོགས་པ་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་བ་དང་། ཀྲུང་གོར་འཕེལ་རྒྱས་ཅི་འདྲ་བྱུང་ན་ཡང་། ཀྲུང་གོ་ནམ་ཡང་ཨ་ཧྥེ་རི་ཁ་སོགས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་འགྲེང་བ་དང་། ནམ་ཡང་ཨ་ཧྥེ་རི་ཁའི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་ཟླ་དགུ་བའི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་བསྡུ་རྒྱུ་ཐག་བཅད་པ་དང་། ངས་སྐབས་དེར་ཙུང་ཐུང་སྐུ་ཞབས་འདུ་བའི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཇུས་ཆེན་ལ་གྲོས་ཞིབ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཅཱ་ཀུ་ནཱ་ཐི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་མའོ་ལི་ཆུག་སི་ཡི་རྒྱལ་ཁོངས་བརྒྱུད་པ་མ་ཟད་ལོ་རྒྱུས་རང་བཞིན་གྱི་མཛའ་བརྩེའི་འཚམས་འདྲི་མཛད་པར་དགའ་བསུ་བྱས། ཅཱ་ཀུ་ནཱ་ཐི་ཡིས་བསྟན་དོན། མའོ་ལི་ཆུག་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཀྱི་རྒྱུན་འཛིན་དང་མི་གཞུང་འབྲེལ་འདྲིས་རྨང་གཞིར་བྱས་པའི་མཛའ་བརྩེའི་རྒྱུན་ཧ་ཅང་རིང་། འབྲེལ་བ་བཙུགས་པའི་ཚུན་དུ། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་རྟོན་དང་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་གསོན་ཤུགས་ལྡན་ཞིང་དམ་ཟབ་ཡིན་པའི་འབྲེལ་བ་བཟང་བོ་འཕེལ་རྒྱས་སུ་བཏང་། མའོ་ལི་ཆུག་སི་ཡིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་དེ་དུས་རབས་གསར་བར་ཞུགས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་བླངས་པའི་གྲུབ་འབྲས་ཆེན་པོར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་དགོངས་དོན་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད། མའོ་ལི་ཆུག་སི་ཡིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་དགའ་བསུ་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་གཉིས་ཕན་མཛའ་བརྩེའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ང་རང་ཉིད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་། མཉམ་དུ་སྔར་ལས་དམ་ཞིང་ཟབ་པའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅི་ཁྲི། ཝང་དབྱི། ཧི་ལི་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།



ཞོལ་མ།: ཐེམ་ཆེན་རྫོང་ནས་ཀྲུང་གོའི་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མའི་ཆུ་ཚད་རིམ་འཕར་གྱི་རྒྱུགས་གཞི་ཐོག་མ་བླངས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235