མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཝང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས།:  སྤེལ་དུས།:2018-08-27  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་བོད་ལྗོངས་བཅོས་སྐྱོང་འཐབ་ཇུས་དང་བོད་ལྗོངས་བྱ་བའི་རྩ་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་གཙོར་འཛིན་པ་དང་དམ་དུ་སྦྲེལ་ཞིང་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་གཞིར་འཛིན་ས་དང་རྐང་འཛུགས་ས་ཡིན་པ་གསལ་བོར་ཤེས་པར་བྱེད་པ་དང་། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་ལག་བསྟར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། ཧུར་ཐག་སྒོས་སྐྱེ་ཁམས་བདེ་འཇགས་རྣམ་པ་གསར་སྐྲུན་བྱེད་པ་དང་། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་དགོན་པའི་དོ་དམ་ལ་ཤུགས་སྣོན་ཞིང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་བོད་ལྗོངས་ཀྱི་དར་རྒྱས་གོང་འཕེལ་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་དགོས་ཟེར།

ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཝང་དབྱང་ཆབ་མདོ་དང་ལྷ་སའི་གནས་སྤོར་དབུལ་སྐྱོར་སྡེ་གསར་དང་འབྲོག་ཁུལ། ཐོན་ལས་ས་ཁུལ། ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ས་སོགས་ལ་ཕེབས་ཏེ།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར། དགོན་པའི་དོ་དམ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བོད་རང་སྐྱོང་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། འབྲེལ་ཡོད་ཕྱོགས་སོ་སོའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཝང་དབྱང་གིས་བསྟན་དོན། བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་བཟང་བོ་ལེན་པ་དེ་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་འགྲོ་བར་དོན་སྙིང་ཆེན་པོ་ལྡན། དབུལ་ཐར་སྤུས་ཚད་ཇེ་མཐོར་འགྲོ་བ་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལུགས་མཐུན་སྒོས་དབུལ་ཐར་གོ་རིམ་གཏན་འཁེལ་བྱེད་པ་དང་སྔར་ལས་བཟང་བོའི་སྒོ་ནས་དབུལ་སྐྱོར་ཕན་འབྲས་ལ་ཡིད་འཇོག་བྱེད་དགོས་ལ། བརྟན་འཇགས་སྒོས་དབུལ་ཐར་བྱེད་པ་དང་རིམ་བཞིན་ཕྱུག་པོར་སྒྱུར་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ད་ལྟ་ལག་བསྟར་བྱེད་པའི་དབུལ་སྐྱོར་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་དགོས་ལ། སྐྱེ་ཁམས་དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ་ཟུང་འབྲེལ་བྱས་ཏེ། བརྟན་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་མཐོ་སྒང་རི་ཁུལ་གྱི་སྐྱེ་ཁམས་གནས་སྤོར་བྱ་བ་བཟང་བོར་བསྒྲུབ་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་རྣམ་པ་གསར་སྐྲུན་བྱེད་དགོས། ཕྱི་ཕྱོགས་རོགས་སྐྱོར་དང་དབུལ་ཕོངས་མང་ཚོགས་རང་སྟེང་ནས་འབད་བརྩོན་བྱེད་པའི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་མཐོར་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཆོས་ལུགས་བྱ་བ་དེ་བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ལ་འབྲེལ་བ་ཡོད་པས། ངེས་པར་དུ་བདེ་སྡོད་ཉེན་བསམ་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྔར་ལས་བཟང་བའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་རྦད་ཆོད་སྒོས་ཏང་གི་འགོ་ཁྲིད་ལ་གོང་བཀུར་བྱེད་པ་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ལ། གནད་དོན་གཙོ་བོའི་ཐད་ནས་ལངས་ཕྱོགས་གསལ་བོ་ཡིན་དགོས་པ་དང་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཏུ་ཀླད་པ་གསལ་བོ་ཡིན་དགོས་ལ། སྤོབས་པ་ཆེན་པོས་རྒྱལ་ཁབ་ཁ་བྲལ་དུ་གཏོང་བའི་སྟོབས་ཤུགས་ཡོད་ཚད་ལ་འཐབ་རྩོད་བྱེད་དགོས་པ་དང་སྔར་ལས་ནུས་པ་ཡོད་པའི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་བཅས་སྲུང་སྐྱོབ་བྱེད་དགོས། ཆོས་སྲོལ་འཛུགས་སྐྲུན་དང་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་ཆོས་ཁྲིམས་སྡོམ་ཁྲིམས་བརྩི་སྲུང་ནན་མོ་བྱས་ནས། ཆོས་ལུགས་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་པ་དང་། ནང་བསྟན་ཆོས་ལུགས་ཀྱི་སྣང་བརྙན་བཟང་བོར་སྲུང་སྐྱོབ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

རྟོག་ཞིབ་མཛད་སྐབས། ཝང་དབྱང་གིས་ཆེད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བོད་རིགས་འགོ་ཁྲིད་ལས་བྱེད་པ་དང་བློ་མཐུན་རྒན་པ། དེ་མིན་ལྷ་ས་ན་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་མི་སྣར་འཚམས་འདྲི་མཛད།


གོང་མ།:ཧན་ཀྲིན་རྒྱལ་ཡོངས་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཞོལ་མ།:རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235