མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་དབྱི་ནོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2018-10-22  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ10པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་དབྱི་ནོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་དབྱི་ནོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཝ་དབྱི་ནོ་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་གནས་ཡོད། མིག་སྔའི་འཛམ་གླིང་གི་གནས་བབ་འོག་ཏུ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐུན་རྐྱེན་ཚང་ཞིང་དང་སྲ་བརྟན་ཡིན་པའི་གྲོགས་པོའི་འབྲེལ་བར་གཅེས་སྤྲས་ཆེན་པོ་བྱེད་བཞིན་ཡོད་པ་དང་། འགྱུར་བ་སྤུ་ཙམ་ཡང་མེད་པར་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་མཉམ་ལས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ལ་ཇུས་འགོད་བཟང་པོ་དང་བཀོད་སྒྲིག་བཟང་པོ་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རིམ་པ་གསར་པ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་མཉམ་ལས་རྐྱེན་སྲོལ་ནི་ང་ཚོའི་ཕྱོགས་གཉི་གའི་འགྲོ་འོང་གི་དམིགས་བསལ་ཐབས་ལམ་ཡིན་པས། དེ་ནི་ཧ་ཅང་གལ་ཆེ་ལ། དེས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་དམིགས་བསལ་རང་བཞིན་དང་གལ་ཆེན་རང་བཞིན་ཡང་མཚོན་ཡོད། ངས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྐྱེན་སྲོལ་དེ་ལག་བསྟར་བཟང་པོ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས་ཟེར།

ཏེན་ཞུའེ་ཞང་མཇལ་འཕྲད་ལ་ཞུགས།  །

གོང་མ།: ལིས་ཁི་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།

ཞོལ་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235