མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ལིས་ཁི་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།

ཡོང་ཁུངས།:  སྤེལ་དུས།:2018-11-13  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

http://img.qhtb.cn/material/news/img/640x/2018/11/20181113094132ACMK.jpg?E0O

ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ག་ཕོར་གྱི་ཙུང་ཐུང་བཞུགས་ཤག་ནས་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།འདི་ནི་གྲོས་མོལ་གྱི་སྔོན་ལ།ལིས་ཞན་ལུང་དང་ཙུང་ཐུང་བཞུགས་ཤག་གི་ཐང་ཆེན་ནས་ལིས་ཆི་ཆང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སིང་ག་ཕོར་གྱི་ཙུང་ཐུང་བཞུགས་ཤག་ནས་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན།སིང་ག་ཕོར་ནི་ཀྲུང་གོའི་མཛའ་མཐུན་ཁྱིམ་མཚེས་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་ལ།ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་ཟབ་ཞུགས་བྱེད་བཞིན་ཡོད།ཕྱོགས་གཉིས་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་པ་དང་དངོས་གཉེར་མཉམ་ལས་ཀྱི་ཕན་འབྲས་གཡུར་དུ་ཟ་ལ།ཕན་ཚུན་དངུལ་གཏོང་གི་གྲོགས་པོ་གལ་ཆེན་ཡིན། ཉིས་སྟོང་བཅོ་ལྔ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ག་ཕོར་ལ་རྒྱལ་དོན་འཚམས་འདྲི་མཛད་ནས།རྒྱལ་ཁབ་གཉིས་བར་དུ་བབ་བསྟུན་མདུན་སྐྱོད་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཡོད།ཀྲུང་གོས་སིང་ག་ཕོར་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་།གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་ཞིག་ལ་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན།ཀྲུང་གོ་དང་སིང་ག་ཕོར་བར་དུ་ཁྱད་སྟོབས་གསབ་རེས་ཀྱི་ཁྱད་ཆོས་ལྡན་པ་དང་།མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་ལ། སྦས་ཤུགས་ཧ་ཅང་ཆེ། ང་ཚོས་སིང་ག་ཕོར་དང་མཉམ་དུ་ཕྱོགས་གཉིས་ཀྱི་གསར་གཏོད་མཉམ་ལས་ཟབ་སྤེལ་བྱེད་པ་དང་།དངུལ་རྩ་དང་ཚན་རྩལ། ཁེ་ལས་སོགས་འཇོན་མིའི་གསོ་སྦྱོང་ལ་ཤུགས་སྣོན་འདོད་ཡོད།ཀྲུང་གོ་དང་སིང་ག་ཕོར་གྱི་རང་དབང་ཉོ་འཚོང་ཆོད་དོན་གྱི་རིམ་སྤོར་གྲོས་མོལ་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད་པས།ཕྱོགས་གཉིས་ཀྱིས་གོ་སྐབས་དེ་དམ་འཛིན་བྱས་ཏེ།ཕྱོགས་གཉིས་བར་གྱི་ཉོ་འཚོང་དངུལ་གཏོང་གི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་ཨེ་ཤ་ཡ་ཤར་མའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་།ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁུལ་ཁོངས་མཉམ་ལས་ཀྱི་དཀྱིལ་སྙིང་གོ་གནས་ལ་རྒྱབ་སྐྱོར་བྱེད་པ་ཡིན།ཀྲུང་གོས་ས་ཁུལ་གྱི་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ།རྒྱ་མཚོ་ལྷོ་མའི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་བསྟན།

ལིས་ཞན་ལུང་གིས་བསྟན་དོན།སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་བྱུང་བ་ཧ་ཅང་བཟང་།ཕྱོགས་གཉིས་ཀྱིས་ཉོ་འཚོང་དང་དངུལ་གཏོང་། ཚན་རྩལ། སློབ་གསོ།རིག་གནས་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ནས།གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

གྲོས་མོལ་གྱི་རྗེས་སུ།རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀྱི་རང་དབང་ཉོ་འཚོང་ཆོད་དོན་གྱི་རིམ་སྤོར་དང་མཉམ་འབྲེལ་མཉམ་གཏོང་།དངུལ་རྩ། ཚན་རྩལ། ཁོར་ཡུག རིག་གནས།སྒོ་ཁྲལ་སོགས་ཁྱབ་ཁོངས་ནས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

ཉིན་དེའི་ཕྱི་དྲོར།ལིས་ཞན་ལུང་གིས་ཙུང་ཐུང་བཞུགས་ཤག་གི་ཐང་ཆེན་ནས་ལིས་ཁི་ཆང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།

གོང་མ།:ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

ཞོལ་མ།:ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་དབྱི་ནོ་ལ་མཇལ་འཕྲད་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235