མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ལ་ཞུགས།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2018-12-03  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

20181202093759dkGu.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ལ་ཞུགས།ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་།རྒྱ་གར་གྱི་ཙུང་ལི་མཱོ་ཏེ་གཉིས་དང་མཉམ་དུ་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱིས་མཉམ་ལས་བྱེད་པའི་ཐད་ནས་དགོངས་འཆ་བརྗེ་རེས་ཟབ་མོ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ལ་ཞུགས།ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་།རྒྱ་གར་གྱི་ཙུང་ལི་མཱོ་ཏེ་གཉིས་དང་མཉམ་དུ་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱིས་མཉམ་ལས་བྱེད་པའི་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པ་ཕྱོགས་གསུམ་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་།ཕྱོགས་གསུམ་གྱི་ལྟ་བ་གཅིག་སྡུད་བྱེད་པ། ཕྱོགས་གསུམ་གྱི་མཉམ་ལས་སྤེལ་བ་བཅས་བྱས་ཏེ།འཛམ་གླིང་གི་ཞི་བདེ་དང་གཏན་འཇགས།འཕེལ་རྒྱས་བཅས་ལ་མཉམ་དུ་ཡར་སྐུལ་བྱེད་པར་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་བསྟན་དོན།ཀྲུང་གོ་དང་ཨུ་རུ་སི། རྒྱ་གར་བཅས་ནི་ཤན་ཤུགས་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་ལ།ཕན་ཚུན་བར་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན།རྒྱལ་ཁབ་གསུམ་ལ་འདྲ་མཉམ་གྱི་ཁེ་ཕན་རྒྱ་ཆེན་པོ་དང་ཉེ་མཚུངས་ཀྱི་འཕེལ་རྒྱས་དམིགས་འབེན་ཡོད་ལ།ས་ཁུལ་དང་འཛམ་གླིང་གི་མ་འོངས་པར་འགན་ཆེན་པོ་འཁུར་ཡོད། དེང་སྐབས་ཀྱི་གནས་བབ་འོག་ཏུ།ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་གསུམ་གྱི་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་ཟབ་མོ་དེ་འཛམ་གླིང་གནས་བབ་ཀྱི་འགྱུར་ལྡོག་ཁྲོད་དུ་སྔར་ལས་གལ་ཆེ་བའི་གཏན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་གྱི་སྟོབས་ཤུགས་སུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན།ཀྲུང་གོ་དང་ཨུ་རུ་སི།རྒྱ་གར་བཅས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་གྱོམ་རྒྱལ་ཁབ།ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་གལ་ཆེན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་དགོས།ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་།སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་ཡར་སྐུལ་བྱེད་པ།ལངས་ཕྱོགས་གསལ་པོས་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་།ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ།གསར་དར་དཔལ་འབྱོར་ཚོགས་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་རྒྱལ་ཁབ་གསུམ་པོས་སྔར་ལས་འདྲ་མཉམ་དྲང་གཞག་གི་རྒྱལ་སྤྱིའི་མ་ལག་འཛུགས་པར་འབད་བརྩོན་བྱེད་པ་དང་།འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་ཡར་སྐུལ་བྱས་ཏེ།དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་ཟེར།

མཱོ་ཏེ་ཡིས་བསྟན་དོན།རྒྱལ་ཁབ་གསུམ་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་།དཔལ་འབྱོར་དར་རྒྱས་ལ་ཡར་སྐུལ་བྱེད་པ། འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ།འགྲན་རྩོད་གསར་པ་མཉམ་བསུ་བྱེད་པ་བཅས་ཕྱོགས་ནས་ནུས་པ་ལེགས་པོ་བཏོན་ནས།ཕྱོགས་མང་རིང་ལུགས་དང་ཕྱོགས་མང་མ་ལག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།  །

གོང་མ།:རྩ་ཁྲིམས་གོང་བཀུར་དང་།རྩ་ཁྲིམས་སློབ་སྦྱོང་།རྩ་ཁྲིམས་བརྩི་སྲུང་།རྩ་ཁྲིམས་སྲུང་སྐྱོང་།རྩ་ཁྲིམས་བེད་སྤྱོད་བཅས་བྱ་དགོས།

ཞོལ་མ།:ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235