རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ལ། ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱིའི་གཞི་འཛིན་སའང་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པ་དང་།དོན་དངོས་དང་མཐུན་པ། དུས་རབས་གོང་འཕེལ་འགྲོ་བའི་བླང་བྱ་དང་མཐུན་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ་དང་།མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གང་ལེགས་སྒོ་ནས་ མཚོན་པ་དང་། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པ།མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་གང་ལེགས་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཀྱང་ཡིན།རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་བསྐྲུན་པར་འགན་ལེན་བྱེད་པ།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པ་དང་།ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་ནས་མདུན་སྐྱོད་བྱེད་པ་བཅས་ཀྱི་རྩ་བའི་ཁྲིམས་སྐྱོང་འགན་ལེན་ཡིན།
2018ལོའི་ཟླ3པའི་ཚེས11ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན》ལ་གྲོས་འཆམ་བྱུང་བ་མ་ཟད་ལག་བསྟར་ཁྱབ་བསྒྲགས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཅས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་སུ་ཕབ་ཅིང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མཚོན་པ་རེད།