མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལོ་སར་བསུས།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2019-01-29  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

20190129083946u4MN.jpg

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཞི་ཅིན་ཕིང་དང་ཝང་དབྱང་།ཧན་ཀྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་ཕྱིའི་མི་སྣ་དང་མཉམ་དུ་དགའ་སྤྲོའི་ངང་ལོ་སར་བསུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ས་མོ་ཕག་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་མཉམ་དུ་དགའ་སྤྲོའི་ངང་ལོ་སར་བསུས།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས།དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་གང་ལའང་མི་གཏོགས་པའི་མི་སྣ།འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གཉིས་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ།མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡང་ཡིན་པས།ཚང་མས་ལོ་བདུན་ཅུའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏང་མང་མཉམ་ལས་ལས་དོན་ཐད་བླངས་པའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་ནན་མོ་བྱས་ཏེ།དུས་རབས་གསར་པའི་ཏང་མང་མཉམ་ལས་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས།རང་རྒྱལ་གྱི་རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་གོང་སྤེལ་བཟང་པོ།འཐུས་ཚང་བཟང་པོ་བཅས་སུ་གཏོང་དགོས།དུས་ཡུན་རིང་པོར་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་གོམས་སྲོལ་བཟང་པོ་དར་སྤེལ་བྱས་ཏེ།ཆབ་སྲིད་ཀྱི་རྒྱུན་བཟང་པོར་སྐྱོང་བ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ།ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། བསམ་བློ་དང་རྩ་འཛུགས།ཀུན་སྤྱོད་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་།འཐུས་ཚབ་རང་བཞིན་ཆེ་བ། སྤྱོད་ཚུལ་ལེགས་པ།ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་འཐུས་ཚབ་མི་སྣའི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་ནས།ཏང་མང་མཉམ་ལས་ལས་དོན་གྱི་གོང་འཕེལ་ཐད་རྩ་འཛུགས་དང་འཇོན་མིའི་རྨང་གཞི་འདིང་དགོས་ཟེར།  

གོང་མ།:ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཀྲིག་ཨུན་ལེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞོལ་མ།:ལིས་ཁི་ཆང་གིས་ཨེ་ཁྭ་ཏོར་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལོས་ནོ་ལ་མཇལ་འཕྲད་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235