མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཀྲིག་ཨུན་ལེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།  སྤེལ་དུས།:2019-01-31  རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

4.jpg

ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར།ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།བློ་མཐུན་ཀྲིག་ཨུན་ལེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་རྗེས་དྲན་ཞུས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལེ་ཀྲན་ཧྲུའུ་དང་ཝང་དབྱང་།ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་གསུངས་རྒྱུར།བློ་མཐུན་ཀྲིག་ཨུན་ལེ་ནི་ཏང་ལ་བློ་དཀར་ཞིང་ཁྱོན་ཡོངས་སྲུང་སྐྱོབ་བྱེད་པའི་ཕུལ་བྱུང་དཔེ་ལེགས་མཁན་ཞིག་ཡིན།ང་ཚོས་བློ་མཐུན་ཀྲིག་ཨུན་ལེ་ལ་སློབ་སྦྱོང་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་།རང་རྟོགས་སྒོས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་ལ།རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་སྲུང་འཛིན་བྱེད་པ་དང་།བློ་ཐག་རྦད་ཆོད་སྒོས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱས་ཏེ།ཏང་ལ་བློ་དཀར་ཞིང་ཏང་ལ་དཀའ་ཁག་སེལ་རོགས་བྱེད་པ་དང་ཏང་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ།དམངས་ལ་བདེ་སྐྱིད་སྐྲུན་པ་དེ་རྩ་བའི་ཆབ་སྲིད་ཁག་ཁུར་དུ་བརྩིས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན།བློ་མཐུན་ཀྲིག་ཨུན་ལེ་ནི་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་ཐུབ་པ་དང་སྟོབས་ཤུགས་ཡོད་རྒུ་འདོན་པའི་ཕུལ་བྱུང་དཔེ་ལེགས་མཁན་ཞིག་ཡིན།ང་ཚོས་བློ་མཐུན་ཀྲིག་ཨུན་ལེ་ལ་སློབ་སྦྱོང་བྱས་ཏེ།སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱེད་པ་དང་སྤོབས་པ་ཆེན་པོས་འགལ་བར་གདོང་གཏོད་པ།གནད་དོན་ཐག་གཅོད་པར་མཁས་པར་བྱེད་དགོས་ལ།དུས་ཚོད་ལ་ངང་སྒུག་མི་བྱེད་པར་ཉིན་མཚན་མེད་པར་བརྩོན་པའི་སྙིང་སྟོབས་དང་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་།ཧུར་ཐག་སྒོས་གྲུབ་འབྲས་ངོ་མ་གསར་སྐྲུན་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ།ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་སྐབས་གསུངས་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་བློ་མཐུན་ཀྲིག་ཨུན་ལེ་ཡི་རླབས་ཆེན་དང་གཟི་བརྗིད་ཀྱི་མི་ཚེ་གང་བོ་ཕྱིར་དྲན་བྱས་པ་དང་བློ་མཐུན་ཀྲིག་ཨུན་ལེ་ཡིས་བཞག་པའི་བླ་མེད་བྱས་རྗེས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བློ་མཐུན་ཀྲིག་ཨུན་ལེ་ཡི་བླ་མེད་ཀུན་སྤྱོད་དང་འཛད་མེད་བྱས་རྗེས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ཏེ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་ལག་བསྟར་ནན་མོ་བྱེད་དགོས།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོགཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐབ་ཇུས་དང་བཀོད་སྒྲིག་ལྟར།དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ལྷོད་མེད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པ།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།  

གོང་མ།:པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ངོ༣༠འཁོར་བའི་རྗེས་དྲན་སྨོན་ལམ་པེ་ཅིང་དུ་འཚོགས་པ།

ཞོལ་མ།:ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལོ་སར་བསུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235