མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

འགྱུར་ལྡོག་ནི་གནས་འདི་ནས་འགོ་བརྩམས་པ་ཡིན།——བོད་ལྗོངས་ཀྱི་ལོ་ངོ60རིང་གི་རྨང་གཞིའི་སྒྲིག་བཀོད་སྐོར་བཀོད་པ།

ཡོང་ཁུངས།:  སྤེལ་དུས།:2018-03-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མིག་སྔའི་བོད་ལྗོངས་སུ། ལྷ་ཉིང་ལྕགས་ལམ་དང་། སྐྱེ་པ་ཐང་གློག་ཤུགས་ས་ཚིགས་སོགས་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་གྱི་རྫོགས་ལྡན་དུས་སྐབས་བསུས་ཤིང་། བོད་ལྗོངས་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རིང་ལ། བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། འཕྲིན་གཏོང་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་སྔོན་ཆད་ཅི་ཡང་མེད་པ་ནས་ད་ལྟ་རིམ་བཞིན་འཐུས་ཚང་དུ་གྱུར།

ལོ་ངོ60ཡི་རིང་ལ། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1ལྷག་བཏང་སྟེ་འཛུགས་སྐྲུན་ལས་གཞི་གཙོ་བོ800ལྷག་ལག་བསྟར་བྱས་ལ། རྨང་གཞི་སྒྲིག་ཆས་རྒྱུན་གཏན་ལས་བརྒལ་བའི་སྒོ་ནས་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས་ཤིང་། སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། ཕུན་སུམ་ཚོགས་ཤིང་ཡར་རྒྱས་གོང་འཕེལ་གྱི་བོད་ལྗོངས་གསར་བ་ཞིག་མི་རྣམས་ཀྱི་མིག་ལམ་དུ་བསྐྲུན་ཡོད།

འཛམ་གླིང་ཡང་རྩེ་རུ་རིམ་བཞིན་ལམ་ཆེན་བཏོད་པ།

རྙིང་བའི་དུས་སུ་བོད་ལྗོངས་སུ་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད་པ་དང་། དངོས་ཟོག་སྐྱེལ་འདྲེན་དང་ཡི་གེ་བསྐུར་བར་མི་དང་ཕྱུགས་ལ་བརྟེན་ནས་སྐྱེལ་དགོས། ལོ་ངོ60ཡི་རིང་ལ། བོད་ལྗོངས་ཀྱི་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འགག་གནད་མང་པོ་ལས་བརྒལ་ཐུབ་པ་བྱུང་།

བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་ཐོག་མ་སྟེ་ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་མཐོ་རིམ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ37.8ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར15.9བཏང་ཡོད། 2011ལོའི་ཟླ7པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ལྷ་ས་གྲོང་ཁྱེར་ནས་གོང་དཀར་གནམ་གྲུ་ཐང་བར་རླངས་འཁོར་གཏོང་བའི་དུས་ཚོད་ཕྱེད་ཀ་ཇེ་ཐུང་དུ་བཏང་།  

137923934_15535637568091n.jpg

འདི་ནི་འཛུགས་སྐྲུན་ཁྲོད་ཀྱི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལམ་མཚམས་རེད།(2018ལོའི་ཟླ10བའི་ཚེས16ཉིན་པར་བླངས།)

ལྷ་ས་ནས་གོང་དཀར་བར་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ7རིམ་བཞིན་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། མཚོ་བོད་ལྕགས་ལམ། ལྷ་གཞིས་ལྕགས་ལམ་བཅས་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱེད་འགོ་བརྩམས། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་མཚམས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཐང5འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པས། དེང་རབས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཕལ་ཆེར་གྲུབ་ཡོད་པ་རེད།

2018ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཡོངས་སུ་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི9.74ལ་སླེབས་ཡོད་དེ། ཤང་གྲོང34དང་སྲིད་འཛིན་གྲོང་ཚོ533ལ་ཨར་ལམ་བཏང་ཡོད་པ་དང་། སྲིད་འཛིན་གྲོང་ཚོ199ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས། ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་ལ་ཨར་ལམ་གཏོང་ཚད་སོ་སོ་ནས82.5%དང47.9%ལ་སླེབས་ཏེ། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཚད་སོ་སོ་ནས82.5%དང47.9%ལ་སླེབས་ཡོད།

ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་འོད་རབ་ཏུ་གསལ་བ།

དམངས་གཙོ་བཅོས་བསྒྱུར་མ་བྱས་གོང་དུ་བོད་ལྗོངས་སུ་ནུས་ཁུངས་ཧ་ཅང་དཀོན་པ་དང་། ནུས་ཁུངས་བེད་སྤྱོད་བྱེད་པར་གཙོ་བོ་སོག་རྐང་དང་ལྕི་བ་སོགས་ལ་བརྟེན་པ་ཡིན། སྟོང་ཝ125ཅན་གྱི་གློག་འདོན་ས་ཚིགས་གཅིག་མ་གཏོགས་མེད་པས་དམིགས་བསལ་དབང་ཆ་འཛིན་མཁན་ཉུང་ཤས་ཀྱིས་བེད་སྤྱོད་པར་མཁོ་འདོན་བྱས་པ་ཡིན།

བོད་ལྗོངས་ཀྱི་ཆུ་གློག་ས་ཚུགས་ཆེ་གྲས་ཐོག་མ་སྟེ་རྫམ་ཆུ་ཆུ་གློག་ས་ཚུགས་ནི2014ལོའི་ཟླ11པར་དངོས་སུ་གློག་འདོན་འགོ་ཚུགས་པ་ཡིན་ཞིང་། དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་སྟེང་སྟོང་ཝ་ཁྲི10ནས་སྟོང་ཝ་ཁྲི50རིམ་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཡིན། རྫམ་ཆུ་གློག་འོདན་ས་ཚུགས་དེ་ས་ངོས་ལས་མཐོ་ཚད་སྨི3300ཡན་གྱི་ཡར་ཀླུང་གཙང་བོའི་བར་རྒྱུད་དང་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེ་ནི་ཀྲུང་གོ་ཧྭ་ནེང་སྡེ་ཚོགས་ཀུང་ཟིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་བཞིན་ཡོད། ལོ་རེར་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར25ཇུས་འགོད་བྱས་ཡོད་པས། ས་གནས་དེའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་སྣེ་ཁྲིད་ཀྱི་ཕན་ནུས་མངོན་གསལ་ལྡན།    

137923934_15535637568871n.jpg

འདི་ནི་ལས་བཟོ་བས་ཡུལ་སྨད་ཤང་མངའ་ཁོངས་སུ་ལག་གཞི་ལག་བསྟར་བྱེད་བཞིན་པ།(2017ལོའི་ཟླ12པའི་ཚེས17ཉིན་པར་བླངས།)

དམངས་གཙོ་བཅོས་བསྒྱུར་བྱས་པའི་རིང་ལ། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་རྫམ་ཆུ་ཆུ་གློག་ས་ཚུགས་དང་མཚོ་བོད་དྲ་སྦྲེལ། ཁྲོན་བོད་དྲ་སྦྲེལ། བོད་དབུས་དང་ཆབ་མདོ་དྲ་སྦྲེལ་སོགས་གློག་དྲ་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ཐོག་དང་པོར་གློག་སྤྱོད་མི་གྲངས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། གློག་དྲ་གཙོ་བོ་རྫོང(ཆུས)63ལ་རྒྱུན་སྲིང་ཡོད་དེ། གློག་དྲ་གཙོ་བོའི་མི་གྲངས་ཁྱབ་ཚད81%ལ་སླེབས། རོང་འབྲོག་མང་ཚོགས་ལྷག་མ་རྣམས་ཀྱིས་གློག་ཤུགས་ཆུང་གྲས་ཁོངས་དོག་དྲ་རྒྱ་དང་། ཁྱིམ་སྤྱོད་འོད་གློག་མ་ལག་ལ་བརྟེན་ནས་གློག་སྤྱོད་བཞིན་ཡོད། ལྗོངས་ཡོངས་ཀྱི་དྭངས་གཙང་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་དང་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སོ་སོ་ནས་ལྡབ14500དང་ལྡབ7300འཕར་སྣོན་བྱུང་ཡོད།

རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི་ཆུ་ནུས་དང་། ཉི་ནུས། ས་འོག་གི་ཚྭ་ནུས་སོགས་ཐོན་ཁུངས་ཀྱི་འབོར་ཚད་ཆ་སྙོམས་སུ་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན་ཡོད་དེ། མིག་སྔར་ཆུ་གློག་གཙོ་བྱས་ཤིང་། ཉི་ནུས་དང་། རླུང་ནུས། ས་འོག་གི་ཚྭ་ནུས་བཅས་ནུས་ཁུངས་མང་པོ་ཕན་ཚུན་ཁ་གསབ་བྱས་པ་བརྒྱུད། ནང་ལོག་ས་ཁུལ་གྱི་གློག་དྲ་དང་ཕན་ཚུན་འབྲེལ་མཐུད་ཀྱི་ཕྱོགས་བསྡུས་ནུས་ཁུངས་མ་ལག་ཐོག་མར་གྲུབ་ཡོད།

ཞིང་ཆུ་གཏོང་ཁུལ་གྱི་ཆུ་འདྲེན་མ་ལག་ཕལ་ཆེར་གྲུབ་པ།

བོད་ལྗོངས་རྙིང་པའི་སྐབས་སུ་ཞིང་ལས་ཐོན་སྐྱེད་ཚང་མ་གནམ་ལ་བརྟེན་ནས་ཟ་མ་ཟ་བ་དང་། འབྲུ་རིགས་ཐོན་ཚད་ཅུང་དམའ་བ་ཡིན། ཞིང་ལས་ཐོན་སྐྱེད་བྱེད་སྟངས་དུས་ཡུན་རིང་པོར་གདོད་མའི་རྨོ་འདེབས་ཀྱི་རྣམ་པ་དང་། ངལ་རྩོལ་གྱི་ཡོ་བྱད་ཉུང་བས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་ཞན།

ད་ལྟ། “བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་གྲགས་པའི་གཞིས་རྩེའི་ས་གཞི་ཆེན་པོའི་སྟེང་ཞིང་ཆུ་འདྲེན་ཁུལ་ཡོངས་སུ་ཁེབས་ཡོད།

137923934_15535637569341n.jpg

འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་གྱི་ཞིང་བ་སྐལ་བཟང་གིས་ནས་འབྲེག་བཞིན་པ།(2018ལོའི་ཟླ9བའི་ཚེ13ཉིན་པར་བླངས།)

དམངས་གཙོའི་བཅོས་བསྒྱུར་བྱས་ཚུན། བོད་ལྗོངས་ཀྱི་ཆུ་བེད་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གྱུར་ཡོད། ཕུ་མདོ་སོགས་ཆུ་བེད་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ་སྤྱོད་འགོ་ཚུགས་ཤིང་། ཞིང་ཆུ་གཏོང་ཁུལ་ཆེ་གྲས་དང་གཙོ་གནད་ཞིང་ཆུ་གཏོང་ཁུལ་འབྲིང་ཆུང་བཅས་མུ་མཐུད་འཛུགས་སྐྲུན་བྱས་པར། ཞིང་སར་ནུས་ལྡན་ཞིང་ཆུ་འདྲེན་པའི་གཞི་ཁྱོན་མུའུ་ཁྲི345ཟིན་པ་དང་། གཟན་རྩྭ་ལ་ཆུ་འདྲེན་པའི་གཞི་ཁྱོན་མུའུ་ཁྲི18ཟིན་ནས་ཞིང་ཆུ་འདྲེན་ཁུལ་གྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།

དེང་རབས་འཕྲིན་གཏོང་རིམ་བཞིན་འཐུས་ཚང་དུ་གྱུར་བ།

བོད་ཀྱི་རྒན་རབས་པ་ཚོས་འཕྲིན་ཡིག་ཅིག་བསྐྱལ་ཆེད། རྟ་བཞོན་ཏེ་གཞིས་རྩེ་ནས་འགོ་བརྩམས་ཏེ་ལྷ་སར་ཕེབས་པར་ཉིན10དགོས། གློག་འཕྲིན་ཡོད་རྗེས་འདི་ལྟ་བུ་གནས་ཚུལ་རིམ་བཞིན་ཕྱིར་དྲན་ཞིག་ཏུ་གྱུར། ད་ལྟ་བོད་ལྗོངས་སུ་ཁྱབ་གདལ་དུ་སོང་ཡོད་པའི་ཁ་པར་གངས་ལྗོངས་མཐོ་སྒང་གི་འཚོ་བ་སྐྱེལ་པའི་བོད་རིགས་བུ་ཕྲུག་གིས་དུས་ཐོག་ཏུ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་ཐུབ་པ་མངོན་འགྱུར་བྱས།

དཔྱིད་ཐོག་མའི་དུས་སུ་བྱང་རྩྭ་ཐང་། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རེད། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་འབྲོག་པ་ཀརྨ་ཉིན་ལྟར་མཚེའུ་འགྲམ་དུ་ཕྱུགས་འཚོས་ནས་བསྡད་། བོད་རིགས་གླུ་གཞས་ཁ་པར་བཀོལ་བཞིན་ཡོད་པ་དང་། ག་དུས་ནས་ནང་མི་དང་མཉམ་དུ་སྐད་འཕྲིན་བསྐུར་ནས་ཁ་བརྡ་བྱེད་བཞིན་ཡོད།

དཔྱིད་དུས་ཀྱི་བྱང་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་འབྲོག་པ་ཀརྨ་ཉིན་རྒྱུན་ལྟར་མཚེའུ་འགྲམ་དུ་ཕྱུགས་འཚོས་ནས་བསྡད་ཡོད་དེ། ཁ་པར་ནང་གི་བོད་ཀྱི་གླུ་གཞས་ལ་ཉན་བཞིན་དུས་ཐོག་ཏུ་ཁྱིམ་མི་ལ་སྐད་འཕྲིན་བསྐུར་ནས་ཁ་བརྡ་བྱེད་བཞིན་ཡོད།

ད་ལྟ། མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དང་། འཛམ་གླིང་ཐོག་གི་ས་བབ་ཆེས་མཐོ་བའི་ཕུ་མ་བྱང་ཐང་ཤང་དང་། མི་འབོར་ཆེས་ཉུང་བའི་ཡུལ་སྨད་ཤང་། མེ་ཏོག་པདྨའི་གདན་ས་མེ་ཏོག་རྫོང་བཅས་ས་ཆ་མང་པོ་ཞིག་ལ་འཕྲིན་གཏོང་བརྡ་རྟགས་ཡོད་པ་རེད།

137923934_15535637570431n.jpg

འདི་ནི་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་གསེབ་མྱུར་སྐྱེལ་རླངས་འཁོར་རེད།(2018ལོའི་ཟླ4བའི་ཚེས19ཉིན་པར་བླངས)

ལོ་ངོ60ཡི་རིང་ལ། བོད་ལྗོངས་ཡོངས་ལ་ཁྱབ་པའི་འོད་སྐུད་དང་། འཁོར་སྐར། རྒྱང་རིང་ཁ་པར་དྲ་བ་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། རྫོང་རིམ་པ་ཡན་ལ4Gའཕྲིན་གཏོང་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཏེ། ཤང་ཚང་མར་འོད་སྐུད་འཐེན་པ་དང་། གྲོང་ཚོ་ཚང་མར་ཁ་པར་འཐེན་ནས། སྲིད་འཛིན་གྲོང་ཚོར་འོད་སྐུད་ཁེབས་ཚད98%ལ་སླེབས། རླུང་འཕྲིན་དང་། བརྙན་འཕྲིན། འཕྲིན་གཏོང་། འཕྲིན་སྦྲེལ་དྲ་བ་སོགས་དེང་རབས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཐབས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་དུས་མཉམ་དུ་འཕེལ་རྒྱས་བྱུང་བཞིན་ཡོད་ལ། དེ་དག་མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན།

ན་ནིང་གི་ལོ་མཇུག་བར་དུ། བོད་ལྗོངས་ཡོངས་སུ་སྒུལ་བདེའི་ཁ་པར་ས་ཚུགས་ཀྱི་གྲངས་འབོར་ཁྲི3.8ལ་སླེབས་པ་དང་། འཕྲིན་སྦྲེལ་དྲ་བའི་ལམ་ཡངས་དྲ་རྒྱ་མཐུད་ཁ་ཁྲི194.3ལ་སླེབས་ནས། འོད་སྐུད་གློག་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི18.67ཟིན། ཁ་པར་སྤྱོད་མཁན་ཁྱབ་གདལ་དུ་གཏོང་ཚད112.69%ལ་སླེབས་ཏེ། གཏན་འཇགས་ལམ་ཡངས་དྲ་རྒྱ་ཁྱབ་ཚད80.91/ དུད་ཚང་བརྒྱ་ལ་སླེབས་པ་དང་། སྤོ་འགུལ་ལམ་ཡངས་དྲ་རྒྱ་སྤྱོད་མཁན་ཁྱབ་ཚད83.35%བཅས་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

གོང་མ།:ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་གླིང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞོལ་མ།:【དཔེ་འཕྲིན།】མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235