མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
ཆེད་སྒྲིག་ལེ་ཚན།
 

ཝུན་གོ་ཏུང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།

ཡོང་ཁུངས།:  སྤེལ་དུས།:2019-10-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཝུན་གོ་ཏུང་གིསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ནང་། ཕུལ་བྱུང་ལ་བརྩོན་ལེན་དང་། རྩེ་གྲ་ཞིག་གསར་སྐྲུན་བྱས་ཏེ།  དུས་རབས་གསར་པའི་ཚད་ལྡན་གུང་ཁྲན་ཏང་ཡོན་ཞིག་བྱེད་པར་བརྩོན་ལེན་བྱ་ཞེས་བསྟན་པ་རེད

ཁག་གཉིས་པའིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་གཞིགས་ནས།   ཟླ10པའི་ཚེས15ཉིནཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཁུལ་ཏང་ཨུའིཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུན་གོ་ཏུང་གིསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དུས་རབས་གསར་པའི་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱེད་པཞེས་པ་བརྗོད་བྱ་བྱས་ཏེ།  ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསོན་ཉམས་ལྡན་པའི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཁྲིད་པ་རེད།
      ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་ཚོགས་གཙོ་ཀེ་ཕེ་ཅུན་ཞུགས་པ་དང་།  ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་བཅས་ཞུགས་ཡོད།

ཝུན་གོ་ཏུང་གིས་བསྟན་དོན། ཏང་ཡོངས་སུཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་  རྩ་བའི་ལས་འགན་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བློ་དཀར་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པབཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ནས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱིཀྲུང་གོའི་ཕུགས་འདུནམངོན་འགྱུར་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱ་དགོས་པ་དེ་རེད།དུས་རབས་གསར་པ་དང་མགོ་རྩོམ་ས་གསར་པར་རྐང་བཙུགས་ཏེ།  རླབས་ཆེན་གྱི་དུས་རབས་གསར་པའི་ནང་གུང་ཁྲན་ཏང་ཡོན་གྱིས་རང་ནུས་ཅི་ཐོན་འདོན་པ་དང་བྱས་རྗེས་འཇོག་པར་འབད་བརྩོན་བྱ་དགོས་ལ།  ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་དུས་རིམ་གྱི་རང་བཞིན་ལྡན་པའི་ཁྱད་ཆོས་ནི་ཅི་ཞིག་ཡིན་པ་དང་།  ལོ་རྒྱུས་ཀྱི་གནས་ཡུལ་གང་ཞིག་ཡིན་པ།  ཐོག་མའི་ལས་འགན་ཅི་ཞིག་ཡིན་པ་བཅས་གསལ་བོར་རྒྱུས་ལོན་བྱས་ནས། ཚད་གཞི་ལྔ་ལག་བསྟར་བྱེད་པ་དང་། འཇོན་ཐང་རིགས་བརྒྱདཇེ་དྲག་ཏུ་བཏང་སྟེ།  སྔ་ཕྱི་བར་གསུམ་དུ་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་ལས་གཞི་གསར་པའི་ཁྲོད་དུ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་བརྗིད་ཉམས་མཚོན་དགོས།

ཝུན་གོ་ཏུང་གིསནན་གྱིས་བསྟན་དོན།དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་གཙོ་འཛིན་གྱི་བསམ་བློ་ལག་བསྟར་བྱེད་པ་དང་།  རིགས་པའི་གཞུང་ལུགས་ཀྱི་ཚད་ལོན་དགོས་ལ།  ངེས་པར་དུ་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་སྟེ།  ཆབ་སྲིད་སྟེང་གི་ཚད་ལྡན་པ་ཞིག་བྱ་དགོས། བསམ་བློའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཏང་གཤིས་ཐོག་གི་ཚད་ལྡན་པ་ཞིག་བྱ་དགོས།མི་དམངས་ཀྱི་ལངས་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ། དམིགས་ཡུལ་ཐད་ཀྱི་ཚད་ལྡན་པ་ཞིག་བྱ་དགོས། མི་གཤིས་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་ཀུན་སྤྱོད་ཐད་ཀྱི་ཚད་ལྡན་པ་ཞིག་བྱ་དགོས།བྱ་བའི་སྟེང་དུ་ངེས་པར་དུ་ནུས་པ་འདོན་སྤེལ་བྱ་དགོས་ཤིང་། ལས་སྒོའི་སྟེང་གི་ཚད་ལྡན་པ་ཞིག་བྱ་དགོས། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ངེས་པར་དུ་ལག་བསྟར་བྱ་དགོས་ལ། སྒྲིག་ཁྲིམས་སྟེང་དུ་ཚད་ལྡན་པ་ཞིག་བྱ་དགོས།  འབད་བརྩོན་ངང་ཚྭ་འདམ་གྱི་གཤིན་ས་སྟེང་དུ་ཚད་ལྡན་གྱི་གུང་ཁྲན་ཏང་མིའི་དཔུང་ཁག་ཅིག་འཛུགས་དགོས་པ་དེ་ཡིན།

དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱིས་ཕུལ་དུ་བྱུང་བ་དང་རྩེ་གྲ་ཞིག་གསར་སྐྲུན་བྱས་ཏེ།གདོང་ལེན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་།  ཕུལ་བྱུང་གི་ཏང་ཡོན་ཞིག་བྱེད་པར་བརྩོན་ལེན་བྱ་དགོས་ལ། མིག་རྒྱང་རིང་པོ་དང་བླ་ན་མེད་པའི་བསམ་ཚུལ་ཡོད་དགོས་པ་དང་། མཐོང་རྒྱ་ཆེན་པོ་དང་བློ་ཁོག་ཆེན་པོ་ཡོད་དགོསངེས་པར་དུ་ཏང་དང་རྒྱལ་ཁབ་ལ་དགའ་ཞིང་། རྩ་འཛུགས་དང་གཙོ་འཛིན་ལ་བློ་དཀར་དགོས་ལ།  ངེས་པར་དུ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་མིག་དཔེ་བྱེད་པ་དང་།  འགན་འཁྲི་འཁུར་ཐུབ་ལ་རིག་གནས་ཀྱི་སྙིང་སྟོབས་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་དགོས།  རང་ཉིད་གསར་བརྗེ་དང་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་ཐུབ་དགོས་ལ།  རང་ཉིད་ལ་ཚོད་འཛིན་ནན་པོ་བྱས་ཏེ། བླང་བྱ་ནན་པོ་འདོན་དགོས།
      ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་།  སྤྱི་ཡོངས་ཀྱི་ལས་འགན་བཅས་ལ་དམིགས་ཏེ།  ཝུན་གོ་ཏུང་གིས་ཏང་ཡོན་ཡོངས་ལ་བརྗོད་བྱ་གཙོ་བོའི་སློབ་གསོའི་ཁྲོད་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ཏེ་རང་ཉིད་མཐོར་འདེགས་གཏོང་བ་དང་།  གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་དེ་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བའི་དོན་ཆེན་ཞིག་ཏུ་རྩིས་ནས།  ཞིབ་བསྡུར་ཁྲོད་དུ་བསམ་ཕྱོགས་གསར་པ་ཞིག་ཆགས་པངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ།  བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱེད་པའི་ཁྲོད་དུ་དམངས་ཀྱི་འདོད་འདུན་ཁོང་དུ་ཆུད་པར་བྱེད་པ། ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱས་ཏེ།  གནད་དོན་ཐག་གཅོད་པ་གཙོ་བོར་བཟུང་ནས་དག་ཐེར་བྱེད་པའི་ཁྲོད་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ།  སྤུས་ཚད་མཐོ་བའི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཁྲོད་དུ།  ཏང་ཡོན་གྱིཏང་གཤིས་གསོ་སྦྱོང་བྱས་ནས།  ཤུགས་ཆེན་པོས་སྤྱོད་གཙང་གི་ཏང་ཡོན་གྱི་གཤིས་ཀ་ཞིག་བཞེངས་དགོས།

ཆེད་དོན་ཏང་གི་སློབ་ཚན་བརྙན་འཕྲིན་ཚོགས་འདུའི་ཐོག་ནས་འཚོགས་པ་རེད།  ཁུལ་མགོ་ཁྲིད་ཧྲི་ཚུན་ཝུའུ་དང་སུང་ལི་མན། ཏིན་ཀྲུང་པའོ།  མཱ་ཞིན  ཅང་ཝེཧྥེང་།  ཆའོ་ཡ་ཆིན།  ཝང་རུན་ཡུའུལིའུ་གོ་ཧྲུནལི་ཅ་ཁྲེང་།  ཝང་ཞཱ་བཅས་དང་།  ཁུལ་ཁྲིམས་ཁང་གི་མགོ་འཛིན།  ཁུལ་ཞིབ་དཔྱོད་ཁང་གི་མགོ་འཛིན།  ཁུལ་ཨུའི་སྡེ་ཁག་སོ་སོ།ཁུལ་གཏོགས་ཀྱི་ལས་ཁུངས་སོ་སོ།  མི་དམངས་ཚོགས་པ་ཁགཁུལ་སྡོད་ཀྱི་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་ནུབ་ཡན་ལག་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་ནུབ་ཉིང་ལག་རུ་ཁག  མཚོ་ནུབ་མེ་གསོད་རོགས་སྐྱོར་ཉིང་ལག་གི་གཙོ་དཔོན།  ཁུལ་ཨུའི  ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁག་བཅས་ཁུལ་གྱི་ཚོགས་ར་དངོས་སུ་ཞུགས་པ་དང་། གྲོང་ཁྱེར་དང་རྫོང་།  སྲིད་ཨུ་བཅས་ནས་ཡན་ལག་ཚོགས་ར་བཙུགས།

ཡོང་ཁུངས།ཚྭ་འདམ་ཉིན་རེའི་ཚགས་པར།



ཞོལ་མ།:༢༠༡༩ལོའི«མཚོ་ནུབ་སྲིད་དོན»དེབ་གཉིས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235