མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཝུན་གོ་ཏུང་གིས་གདང་ལ་རི་བོའི་གྲོང་རྡལ་དུ་རྟོག་ཞིབ་མཛད་ནས་གཙོ་གནད་བྱ་བ་འགའ་ལ་ནན་གྱིས་བཤད་པ།

ཡོང་ཁུངས།:མཚོ་ནུབ་འཕྲིན་སྟེགས།  སྤེལ་དུས།:2017-08-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

ཟླ༨པའི་ཚེས༣ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོའི་གྲོང་རྡལ་དུ་ཕྱིན་ནས་རྟོག་ཞིབ་ཟབ་མོ་མཛད་ལ། ཞང་གྲོང་གི་ལས་བྱེད་མི་སྣ་དང་མང་ཚོགས།  མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ།འབྲོག་ལས་སྡེ་བའི་ཏང་ཡོན་རྒན་པ། འབྲི་ཆུ་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཚིགས་ཀྱི་དང་བླངས་པ་དང་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་ལྟ་རུ་ཕྱིན་པ་དང་འཚམ་འདྲི་ཞུས།

640.webp.jpg

ཝུན་གོ་ཏུང་གིས་ཏང་ཡོན་རྒན་པར་འཚམ་འདྲི་ཞུ་བ།  བསོད་ནམས་རྒྱ་མཚོས་པར་བླངས།

གདང་ལ་རི་བོའི་གྲོང་རྡལ།

གདང་ལ་རི་བོའི་གྲོང་རྡལ་ནི་མཚོ་བོད་མཐོ་སྒང་གི་དབུས་ཁུལ་དང་གཙང་གསུམ་མགོ་ཁུངས་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་གནས་ལ།   ན་གོར་མོ་གྲོང་ཁྱེར་དང་སྤྱི་ལེ ༤༢༥ ཡོད་པ་དང་།  ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་རྨིད༤༧༠༠ཡན་ཡིན་ཞིང་།མཚོ་ནུབ་ཁུལ་དང་དེ་མིན་ཞིང་ཆེན་ཡོངས་ཀྱི་མཚོ་ངོས་ཆེས་མཐོ་བ་དང་གནམ་གཤིས་ཆ་རྐྱེན་ཞན་པ། བྱ་བ་དང་འཚོ་བའི་ཁོར་ཡུག་ཆེས་དཀའ་ཁག་ཆེ་བའི་ས་གནས་ཤིག་ཡིན།

1

         གདང་ལ་རི་བོའི་གྲོང་རྡལ་སྲིད་གཞུང་དུ། ཝུན་གོ་ཏུང་གིས་ཞིབ་ཕྲའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་མཐར་ཕྱིན་དང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་།ནན་ཏན་གྱིས་གྲོང་རྡལ་འདིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་གྲོང་རྡལ་ཨང་དང་པོགསར་སྐྲུན།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད།སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་སོགས་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན།

2

དེའི་འཕྲོར་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུན་གོ་ཏུང་གིས་ཞིབ་ཕྲའི་ངང་གདང་ལ་གྲོང་རྡལ་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་དང་ཐོན་སྐྱེད།ཕྱུགས་རིགས་ཀྱི་བཙོང་ཚད།  རྩྭ་ར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།  ཁོང་གིས་བསྟན་དོན། གདང་ལ་རི་བོའི་གྲོང་རྡལ་གྱིས་དུས་རྒྱུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུ་མགོ་ཁུངས་སྡེ་བར་ལྟ་ཞིབ་མཛད་དུས་ཀྱི་གལ་ཆེ་བའི་མཛུབ་སྟོན་དགོངས་པ་བརྟན་པོར་སེམས་ལ་འཛིན་དགོས་ལ། འབད་བརྩོན་གྱིས་འཕེལ་རྒྱས་ལ་རེ་ནས་ལྗང་མདོག་དང་སྐྱེ་ཁམས། ཕན་འབྲས་མཐོ་བ། སྐྱེ་ལྡན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་དང་། འོས་འཚམ་གྱི་ཞིང་ཕྱུགས་གྲུབ་ཚུབ་ལ་བཀོད་སྒྲིག་བྱས་ཏེ།མུ་མཐུད་དུ་སྒྲིག་བཀོད་ཀྱི་ཕྱུགས་ལས་འཕེལ་རྒྱས་ལེགས་པོར་བྱེད་པ་དང་། ལྗང་མདོག་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ལ་བསམ་གཞིགས་ཟབ་མོ་གཏོང་དགོས་ལ། ས་ཁུལ་གྱི་གནས་བབ་ལེགས་པོ་དང་སྲོལ་རྒྱུན་གྱི་གནས་བབ་ལེགས་པོ་ལ་གཞི་བཅོལ་ནས།  ཕན་འབྲས་མཐོ་བའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བསྐྲུན་དགོས་པར་བཤད།

       གདང་ལ་རི་བོའི་གྲོང་རྡལ་ནི་མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད་ལ།མིང་གྲགས་ཧ་ཅང་ཆེ་བ་དང་ས་ཁོངས་ཤིན་ཏུ་རྒྱ་ཆེ། གནས་ཡུལ་ཧ་ཅང་གལ་ཆེན་ཡིན་པས། མུ་མཐུད་དུ་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་རྒྱུན་འཁྱོངས་དང་། ཧུར་བརྩོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་གྲོང་རྡལ་ཨང་དང་པོ་གསར་སྐྲུན་བྱེད་པ་ནི་འཕེལ་རྒྱས་ཀྱི་ཕྱིའི་ཆ་རྐྱེན་ཡིན་ལ།ནང་དུ་བྱུང་བའི་སྒུལ་ཤུགས་ཀྱང་ཡིན་པར་མ་ཟད།  ཁུལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་སླེབས་དགོས་པའི་དམིགས་ཡུལ་ཡང་ཡིན་ཏེ། གདང་ལ་རི་བོའི་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་ལེགས་པོར་བཟུང་བར་དོན་སྙིང་གལ་ཆེན་ལྡན།

3

འབྲི་ཆུའི་མགོ་ཁུངས་ཀྱི་གྲོང་རྡལ་ཨང་དང་པོཅི་ལྟར་གསར་སྐྲུན་བྱ་དགོས་ཤེ་ན།ཝུན་གོ་ཏུང་གིས་ནན་གྱིས་བཤད་རྒྱུར།  ངེས་པར་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱེད་དགོས་ལ།ངེས་པར་དུ་རྩྭ་ཐང་འཛུགས་སྐྲུན་ལེགས་པོ་བྱེད་དགོས།ངེས་པར་དུ་རྩྭ་ཐང་གི་རིག་གནས་རྒྱུན་འཛིན་ལེགས་པོ་བྱེད་དགོས།    ངེས་པར་དུ་ཡུལ་གྲུ་འདིར་འཚོ་གནས་བྱེད་པའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་མཐོར་འདེགས་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས་ལ།ཆུ་བོ་ཆེན་པོ་དག་གི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཏུ་རང་སྟེང་ལ་འཕེལ་རྒྱས་འབྱུང་དགོས།

དུས་རྒྱུན་དུ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གདང་ལ་རི་བོའི་གྲོང་རྡལ་གྱི་མཁར་གྲོང་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཤིང་།གདང་ལ་རི་བོའི་གྲོང་རྡལ་གྱིས་ཕྱུགས་ལས་འདེགས་སྐྱོར་རུ་བཟུང་བ་དང་ཐོན་ལས་གསུམ་པ་གཙོ་ཁྲིད་དུ་བཟུང་སྟེ།ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་ལ། ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མུ་མཐུད་དུ་འབྲོག་པ་མང་ཚོགས་ཀྱི་ཡང་སྒོ་འཕར་སྣོན་བྱ་དགོས་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་དངརྨང་གསུམའཛུགས་སྐྲུན་སྟེང་ལམ་བུ་གསར་བ་འཚོལ་བ་དང་། ཐོད་རྒལ་གསར་བ་བརྩོན་དགོས།  གདང་ལ་རི་བོའི་གྲོང་རྡལ་དུ་གཞི་རིམ་གྱི་ཏང་འཛུགས་ཚད་གཞི་བསྐྲུན་དགོས་ལ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཧུར་བརྩོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐྲུན་པའི་ལས་དོན་ཁག་ཏུ་ཞུགས་དགོས་ཤིང་། མུ་མཐུད་དུབྱས་རྗེས་ལེགས་པོ་གསར་སྐྲུན་དང་།ཁོང་ཡངས་སེམས་ཁམས་ཆེ་བ།   བྱ་བར་བློ་དཀར་བ།འགན་འཁུར་ཕོད་པ་བློས་གཏོང་ཐུབ་པ།  དྲིན་ལན་འཇལ་ཤེས་པ། བཅས་ཀྱི་མཚོ་ནུབ་སྙིང་སྟོབས་དར་སྤེལ་གཏོང་དགོས།

4

     རྟོག་ཞིབ་སྐབས་སུ། ཝུན་གོ་ཏུང་གིས་གདང་ལ་རི་བོའི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་བུ་བཀྲ་ཤིས་དང་ཚེ་རིང་བསམ་འགྲུབ་ལ་ལྟ་རུ་ཕྱིན་ནས་འཚམ་འདྲི་ཞུས་ལ།གང་ལ་ཐོན་ཡང་།  ཝུན་གོ་ཏུང་གིས་ཞིབ་ཕྲའི་ངང་ཁོང་ཚོས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་།མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་པར་སྐུལ་སློང་བྱས་ལ།རིམ་པ་སོ་སའི་སྲིད་གཞུང་དང་མཉམ་དུ་འབྲི་ཆུའི་མགོ་ཁུངས་ཀྱི་རྩྭ་ཐང་ལ་བདག་སྐྱོང་ལེགས་པོ་དང་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱེད་དགོས་པར་བསྟན།ཝུན་གོ་ཏུང་ད་དུང་འབྲི་ཆུ་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ས་ཚིགས་དང་བཅའ་སྡོན་དྲག་ཆས་ཉེན་རྟོག་རུ་ཁག་ཏུ་ཡོང་ནས།དང་བླངས་པ་དང་ཉེན་རྟོགས་དཔོན་དམག་ལ་འཚམ་འདྲི་ཞུས།

5

     གདང་ལ་གྲོང་རྡལ་ནས་ན་གོར་མོར་ལོག་པའི་ལམ་བར་དུ།  ཝུན་གོ་ཏུང་གིས་ཆུ་དམར་ཆུ་བོའི་ཟམ་ཆེན་འགྲམ་དུ་ཁུལ་ཆུ་བེད་ཅུའུ་ཡི་འགན་ཁུར་མི་སྣའི་ཁུལ་མངའ་ཁོངས་ཀྱི་ཆུ་དཔྱད་ཐོན་ཁུངས་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་ཡུལ་དངོས་སུ་དེའུ་འབུར་ལུང་བའི་ཆུ་མཛོད་ལ་བལྟས།

       ཁུལ་ཨུའི་རྒྱུན་ལས་དང་ན་གོར་མོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཡོན། ཁུལ་ཨུའི་རྒྱུན་ལས་དང་ཁུལ་དཔོན་གཞོན་པ་ཝང་ལིན་ཧུའུ་སོགས་མཉམ་དུ་རྟོག་ཞིབ་ཏུ་ཕྱིན།

གོང་མ།:ཞི་ཅིན་ཕིང་གིས་གཟི་ཚ་སྡེ་དགུར་ས་ཡོམ་བྱུང་བར་སློབ་སྟོན་གལ་ཆེན་གནང་བ།

ཞོལ་མ།:ཐེམ་ཆེན་རྗོང་གིས2017ལོའི་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྐུལ་འདེད་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235