མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་མ།  |  སོག་ཡིག་པར་མ།
 
པར་རིས་གསར་འགྱུར།
 

སྟོན་མགོའི་དབུས་ལམ་ལ་ལྟད་མོ་གསར་བ་ཞིག་ཡོད་དེ། འགོ་ཁྲིད་དང་ཆེད་མཁས་རྣམས“ལི་གྲོའི་ཚོགས་འདུ”ལ་འཛོམ།

ཡོང་ཁུངས།:མཚོ་ནུབ་འཕྲིན་སྟེགས།  སྤེལ་དུས།:2017-09-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

 ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཏེ།  དབུས་ལམ་རྫོང་མི་དམངས་སྲིད་གཞུང་དང་མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ།  མཚོ་སྔོན་གཙང་གསུམ་གཤིན་ས་སྐྱེ་ཁམས་ཞིང་ལས་ཚད་ཡོད་ཀུང་ཟི་སོགས་ཀྱིས་སྒྲུབ་འགན་བྱས་པའི2017ལོར་ཀྲུང་གོཚྭ་འདམ(རྒྱལ་སྤྱི)ལི་གྲོ་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་དང་སྐབས་གཉིས་པའི་མཚོ་སྔོནདབུས་ལམ་ལི་གྲོ་དུས་ཆེན་དེ་མཛེས་སྡུག་གི་དབུས་ལམ་ནས་སྤེལ།མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་རྒྱུན་ལས་ཐིན་ཀྲང་གཞོན་པ་ཏུའུ་མའོ་ཐིང་ཞུགས་པ་མ་ཟད་གསུང་བཤད་གནང་། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་གཙོ་མིང་ཧའེ་ཡིས་ཤིས་ཚིག་ཕུལ། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་དབྱང་ཡིའུ་ཀྲི་ཡིས་འགོ་ཚུགས་མཛད་སྒོ་ལ་འགོ་འཛིན་བྱས།

ཏུའུ་མའོ་ཐིང་གིས་བསྟན་དོན།

ཐེངས་འདིའི་ཚོགས་འདུ་ཡིས་ལི་གྲོའི་ཐོན་ལས་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ།  སྔར་ལས་ལྷག་པའི་སྒོ་ནས་ལི་གྲོའི་འདེབས་འཛུགས་ཁེ་ལས་དང་ཐོན་སྐྱེད་ཁེ་ལས་གཉིས་མཐུད་པ་སྐུལ་སྤེལ་བྱས་ནས།ལི་གྲོའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། གོ་སྐབས་དང་འགྲན་སློང་ད་དུང་མཉམ་ལས་ཀྱི་མ་དཔེ་ལ་ཞིབ་བསྡུར་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་པ་དང་དོན་སྙིང་གལ་ཆེན་ལྡན།  འདི་ནི་ལས་རིགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་།མཚོ་ནུབ་ཀྱིས་ཕྱི་རོལ་ལ་སྒོ་འབྱེད་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་སྟེགས་བུ་ལེགས་པོ་ཞིག་ཀྱང་ཡིན། རྒྱལ་ནང་དང་ཕྱི་རྒྱལ་ནས་ཡོང་བའི་ཁེ་ལས་དང་ཆེད་མཁས་པ། སྨྱན་བྱད་བཅས་མཉམ་དུ་གཟབ་རྒྱས་ཀྱི་གསོལ་སྟོན་ལ་འཛོམས་པས།  མཚོ་སྔོན་གྱི་ལི་གྲོའི་ལས་དོན་འཕེལ་རྒྱས་ལ་ཁས་ལེན་ཤིག་ཡིན་པ་མ་ཟད། དེ་བས་ཀྱང་རབ་མཛེས་མཚོ་སྔོན་ལ་བླ་ལྷག་གི་ཁས་ལེན་ཡང་ཡིན།

ཏུའུ་མའོ་ཐིང་གིས་བསྟན་དོན།

མཚོ་ནུབ་ཁུལ་གྱིས“ལོ་ལྔའི་འཆར་གཞིའི་བཅུ་གསུམ་པ འི” འཆར་འགོད་དཔེ་རིས་མངོན་འགྱུར་བྱུང་བ་ནི་ད་དུང་ལས་འགན་ལྕི་ལ་ལམ་ཐག་ཡང་ཀྱག་ཀྱོག་ཡིན།དུས་ཚོད་དམ་འཛིན་བྱས་ནས་མདུན་དུ་བསྐྱོད་དགོས། དེའི་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་བསམ་བློ་བཅིངས་བགྲོལ་དང་དཔའ་ངར་གྱིས་ལས་ལ་བརྩོན་དགོས་པ་མ་ཟད། ད་དུང་ཁེ་ལས་སོ་སོ་དང་མཉམ་ལས་རྩ་འཛུགས།དེ་མིན་སྤྱི་ཚོགས་ལས་རིགས་ཀྱིས་ཇུས་ཤུགས་མཉམ་འདོན་དང་སེམས་ནུས་གཅིག་སྒྲིལ་བྱེད་དགོས། མཚོ་ནུབ་ཁུལ་ཞིང་ཕྱུགས་སྡེ་ཁག་རིམ་པ་སོ་སོ་དང་ཁེ་ལས་སོ་སོའི་སྐབས་བཅུ་དགུ་པའི་ཚོགས་ཆེན་འགོ་ཚུགས་པའི་སྐབས་འདིར།ཐེངས་འདིའི་ཚོགས་འདུ་བརྒྱུད་དེ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་ཞིང་། གཏན་འཇགས་ཀྱི་བརྗེ་རེས་ནང་རྐྱེན་དང་སྟེགས་བུ་ལེགས་པོར་བཙུགས་ནས་འགྲུབ་དགོས་ཞེས་པའི་རེ་བ་བཏོན། “ཕྱིར་བགྲོད་པ་དང་ནང་སླེབས་པ”བརྒྱུད་དེ།    མིང་གྲགས་ཁེ་ལས་ནང་འདྲེན་བྱས་ནས་མཚོ་ནུབ་ཁུལ་ལི་གྲོའི་ཐོན་ལས་འཕེལ་རྒྱས་ནང་དུ་ཞུགས་ཏེ།མཉམ་ལས་མཉམ་ཕན་གྱི་གནས་བབ་གྲུབ་དགོས།  

མིང་ཧའེ་བསྟན་དོན།

མཚོ་ནུབ་ནི་མདོ་དབུས་མཐོ་སྒང་གི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་པ་དང་།  དུས་ཡུན་རིང་པའི་ལོ་རྒྱུས་དང་མི་རིགས་ཀྱི་རིག་གནས་འོད་སྟོང་འབར་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ལྡན་པས།   ཐོན་ཁུངས་འཛོམས་པའི་གཏེར་མཛོད་ཟེར་ཆོག་ལ། “ནོར་གཞོང”ཞེས་པའི་མཚན་སྙན་ཐོབ།  མདོ་དབུས་མཐོ་སྒང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེས་གསོན་ཤུགས་ལྡན་པའི་ས་ཁུལ་ཡིན་ལ། མཚོ་སྔོན་འཕེལ་རྒྱས་སུ་འཁྲིད་པའི་གལ་ཆེན་ས་ཁུལ་ཞིག་ཡིན།  མཚོ་སྔོན་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ནང་དུ་འདྲེས་པའི་འཐབ་ཇུས་ཀྱི་གྲལ་མགོ་དམག་ཡིན་ལ།  མཚོ་སྔོན་འཕེལ་རྒྱས་སུ་འཁྲིད་པའི་ས་ཁུལ་གཙོ་བོ་ཡང་ཡིན།  ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་པོའི་ཞབས་ཞུའི་སྒྲུབ་པར་ཕྲག་སྟེང་དུ་བླངས་ཡོད་པའི་འགན་ཁུར་གལ་ཆེན་ལྡན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྒོ་འབྱེད་པའི་སྐབས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་གཟིགས་ཞིབ་ལ་ཕེབས་ཤིང་།  “ཏན་ཏན་ཏིག་ཏིག་བཞིའི”གལ་ཆེན་བླང་བྱ་བཏོན་ཡོད།  ཞིང་ཆེན་སྲིད་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“བསྒྱུར་བ་བཞིའི”འདུ་ཤེས་གསར་བ་རྐང་ཚུགས་པ་དང་།   མཚོ་ནུབ“ཞིང་ཆེན་ཡོངས་ཀྱི་སྔོན་གྲལ་དུ་བསྐྱོད་པའི་བཞི”དང“མཚོ་སྔོན་འཕེལ་རྒྱས་དགོས་ན་མཚོ་ནུབ་ལ་རག་ལས་པའི”ཚན་རིག་གི་གནས་ངེས་གཏན་བྱས་ཡོད།  ང་ཚོ་ལ་ལོ་རྒྱུས་གསར་བ་འགོ་བརྩམ་པའི་སྟེང་མགྱོགས་མྱུར་སྒོས་འཕེལ་རྒྱས་དབྱིབས་སྒྱུར་བརྒལ་བའི་འགན་ཁུར་གལ་ཆེན་གནང་སྟེ་རེ་བ་ཆེན་པོ་བཅོལ་ཡོད།

འགོ་ཚུགས་པའི་མཛད་སྒོ་སྟེང་།  རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ལི་གྲོའི་ཆེད་མཁས་པ་སོ་སོར་རང་ཉིད་ཀྱི་ཞིབ་མཇུག་ཁོངས་གཏོགས་དང་ཟུང་འབྲེལ་བྱས་ནས་བརྗོད་བྱའི་གཏམ་བཤད་གནང་། ལི་གྲོའི་ཐོན་ལས་སྦྲེལ་ཐག་ཡོངས་ལ་བདེ་ཐང་ངང་ནས་རྒྱུན་མཐུན་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ལི་གྲོའི་འདེབས་འཛུགས་ཀྱི་གོ་སྐབས་དང་འགྲན་སློང་།  ལི་གྲོའི་འཚོ་བཅུད་བདེ་ཐང་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ཐད་ལ་ལྟ་ཚུལ་བསྟན།

2017ལོའི་ཀྲུང་གོ•ཚྭ་འདམ(རྒྱལ་སྤྱི)ལི་གྲོའི་ཐོན་ལས་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་དང་སྐབས་གཉིས་པའི་མཚོ་སྔོན•དབུས་ལམ་ལི་གྲོའི་དུས་ཆེན་སྤེལ་བ་ནི། སྲིད་གཞུང་དང་གཞུང་ལུགས་ལས་རིགས།  ཁེ་ལས་ལས་རིགས་བར་ལ་བསམ་བློ་བརྗེ་རེས་དང་ཚོང་དོན་ངོ་འཕྲད་གྲོས་མོལ། དངུལ་གཏོང་མཉམ་ལས་བཅས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཞིང་། མཚོ་ནུབ་ཁུལ་གྱིས་དགོངས་དོན་གཞིར་བཟུང་ནས་ཞིབ་ཕྲའི་བྱ་བ་བསྒྲུབ་པ་དང་མཐོ་སྒང་གི་ལྗང་མདོག་ལི་གྲོའི་ཐོན་ལས་ལེགས་པོར་བསྒྲུབ་སྟེ། ཁྱད་འཕགས་ཀྱི་སྐྱེ་དངོས་ཐོན་ལས་བདེ་ཐང་ངང་ནས་འཕེལ་རྒྱས་འགྲོ་བའི་དགོངས་དོན་ལ་སྐུལ་འདེད་གཏོང་བ་དང་།  ལི་གྲོའི་ཐོན་ལས་འཆར་གཞི་དང་ལས་གཞི་ཇུས་འགོད། བརྗེ་རེས་མཉམ་ལས་ཤུགས་ཚད་བཅས་ལ་ཤུགས་སྣོན། ལི་གྲོའི་ཐོན་སྐྱེད་ལས་སྣོན་འབྲེལ་ཡོད་ལག་རྩལ་ཞིབ་མཇུག་ཇེ་དྲག་ཏུ་བཏང་སྟེ།   སྔར་ལས་ལྷག་པའི་སྒོ་ནས་ཆགས་ཚུལ་ལུགས་མཐུན་དང་བཀོད་སྒྲིག་གནས་བབ་དང་མཐུན་པ།  ཐོན་སྐྱེད་དང་སློབ་གསོ། ཚན་རིག་ཞིབ་མཇུག་བཅས་ལ་ཟུང་འབྲེལ་གྱི་ཐོན་ལས་མ་ལག་གྲུབ་དགོས།

གོང་མ།:ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བཅུ་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཞོལ་མ།:ཞིས་ཅིན་ཕིང་གི་མི་རིགས་ལྟ་བ།

分享到: 更多
copyright@2007 www.haixi.gov.cn All Rights Reserved
པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
ICP 05001235