མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཁྲིད་དེ་ཧྲང་ཧེ་གྲོང་ཁྱེར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་ཚོགས་སར་ཕེབས་ཏེ་ཏང་ཞུགས་མནའ་ཚིག་བསྐྱར་འདོན་བྱས།

ཡོང་ཁུངས།:མཚོ་སྔོན་རླུང་འཕྲིན་དྲ་བ།  སྤེལ་དུས།:2017-11-01  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ།ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི།ཧན་ཀྲིན་བཅས་ཁྲིད་དེ་པེ་ཅིན་ནས་ཧྲང་ཧེ་དང་ཀྲེ་ཅང་ཅ་ཞིན་ལ་ཕེབས་ནས། ཧྲང་ཧེ་གྲོང་ཁྱེར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་ཚོགས་ས་དང་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་གསར་བརྗེ་བྱ་འགུལ་སྤེལ་སའི་གྲུ་གཟིངས་ལ་རྗེས་དྲན་བྱས།  

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་འགོར་རྗེས་ཀྱི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ།ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཁྲིད་དེ་པེ་ཅིན་ནས་ཧྲང་ཧེ་དང་ཀྲེ་ཅང་ཅ་ཞིན་ལ་ཕེབས་ནས།ཧྲང་ཧེ་གྲོང་ཁྱེར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་ཚོགས་ས་དང་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་གསར་བརྗེ་བྱ་འགུལ་སྤེལ་སའི་གསར་བརྗེའི་རྗེས་དྲན་གྲུ་གཟིངས་ལ་མཇལ་བ་མ་ཟད།ཏང་འཛུགས་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་ཞུགས་མནའ་ཚིག་བསྐྱར་འདོན་བྱས་པ་དང་།སྐབས་གསར་པའི་ཏང་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་ཆབ་སྲིད་ཡིད་ཆེས་བརྟན་པོ་མངོན་པར་བརྗོད།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ།ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་ནམ་ཡང་འབད་འཐབ་བྱས་ན་ད་གཟོད་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་འཕེལ་རྒྱས་སུ་འགྲོ་ཐུབ།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་བྱས་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ཅེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཏེན་ཞེའོ་ཞང་དང་ལིས་ཆང་།ཁྲིན་ཞི། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན།ཧྲང་ཧེ་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་བཅས་གོང་གི་བྱ་འགུལ་སྣ་ཚོགས་ལ་ཞུགས།

གོང་མ།:ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཞོལ་མ།:ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གཏེར་ལམ་རྫོང་དང་སྲིད་ཨུ་གསུམ་དུ་ཕྱིན་ཏེ་སྡེ་བའི༼གཞིས་ཁུལ༽སྡེ་དཔོན་བསྐོ་བཞག་ལས་དོན་ལ་མཛུབ་སྟོན་མཛད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235