མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་སྤེལ་བ།

ཡོང་ཁུངས།:མཚོ་སྔོན་པོ་དྲ྄་བ།  སྤེལ་དུས།:2017-11-13  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

http://www.amdotibet.cn/files/Content/18-224933-1.jpg
མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་སྤེལ།

    ཉེ་ཆར།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མེས་རྒྱས་སྔར་ལས་མཛེས་སྡུག་ལྡན་པར་སྨོན"ཞེས་པ་བརྗོད་བྱ་ཡིན་པའི་མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས།
   
ལོ་རེར་ཐེངས་རེ་སྤེལ་བཞིན་པའི་མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བརྒྱད་པ་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་དང་།མཚོ་ནུབ་ཁུལ་སློབ་གསོ་ཅུའུ། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཞིང་།ན་གོར་མོ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་།ན་གོར་མོ་གྲོང་ཁྱེར་སློབ་གསོ་ཅུའུ།ན་གོར་མོ་གྲོང་ཁྱེར་འབྲི་ཆུ་འགོ་ཁུངས་མི་རིགས་སློབ་གྲྭ་བཅས་ཀྱིས་འགན་སྒྲུབ་བྱས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་ནུབ་ཁུལགངས་རྒྱན་མེ་ཏོགརྩོམ་སྒྲིག་ཁང་།མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་བྱས་ཏེ་བསྡུས་པ་ཞིག་ཡིན།འགྲན་ཚོགས་སྟེང་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་མི་རིགས་སློབ་གྲྭ་སོ་སོ་ནས་ཡོང་པའི་འགྲན་ཞུགས་པ36དང་།དགེ་སློབ་དང་ལྟད་མོ་བ་ཆིག་སྟོང་ལྷག་ཡུལ་དངོས་སུ་ཕེབས་ནས་སྙན་ངག་གྱེར་འདོན་གྱི་གསོལ་སྟོན་ལ་རོལ་ཞིང་།འབྲེལ་ཡོད་འགོ་ཁྲིད་དང་གཙོ་སྒྲུབ་ལས་ཁུངས་ཀྱི་མི་སྣས་གཏམ་བཤད་དང་ཤིས་ཚིག་ཕུལ།

http://www.amdotibet.cn/files/Content/18-172419-5.jpg
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།

http://www.amdotibet.cn/files/Content/18-413350-6.jpg
སྙན་ངག་གྱེར་འདོན་བྱེད་བཞིན་པའི་རྣམ་པ།

   ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུ་བའི་ཆོ་ག་དང་བསྡོངས་ཏེ་འགྲན་སྡུར་འགོ་རྩོམ་མཛད་སྒོརཨ་མྱེས་ཞི་ཅིན་ཕིང་ང་ཚོའི་གམ་དུ་སླེབསདངབཀྲ་ཤིས་པའི་ཉིན་མོ》《ལང་ཚོའི་རྦབ་ཆུསོགས་རིག་རྩལ་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་སོགས་ཀྱིས་མདུན་བསུས་ཤིང་།སྙན་འཇེབས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་དགེ་རྒན་དང་ཕ་མ།སློབ་གྲྭ་དང་སྤྱི་ཚོགས། ཏང་དང་རྒྱལ་ཁབ་ལ་ཕུལ་བའི་བསྟོད་བསྔགས་མཚོན་པར་བྱས་ཏེ།དྲིན་གཟོ་ཡི་ཚིག་འབྲི་རེ་རེ་ཁ་གསལ་ཞིང་སྨྲ་དག་པའི་ལུས་ངག་གི་ཉམས་འགྱུར་དང་ནང་སེམས་ཀྱི་བརྩེ་བས་ཚོགས་ར་ཡོངས་ལ་དགའ་སྟོན་ཡོ་ལང་གི་རྣམ་པ་རྒྱས།

http://www.amdotibet.cn/files/Content/18-913095-4.jpg

   མཚོ་ནུབ་ཁུལ་གྱིས་མི་རིགས་སྐད་ཡིག་དང་སློབ་གསོ་གོང་སྤེལ་གྱི་བྱ་འགུལ་འདི་སྤེལ་ནས་ལོ་ངོ་བརྒྱད་ཀྱི་རིང་ལ།དགེ་སློབ་དང་ཁྱིམ་བདག་གིས་དགའ་བསུ་ཐོབ་ཅིང་། སྤྱི་ཚོགས་སུ་ཕན་འབྲས་བཞག་སྟེ།ཀུན་གྱིས་གདེང་འཇོག་ཐོབ་པའི་འབྲས་བུ་ལེགས་པོ་བླངས།ད་ལོར་ཡང་ལོ་སྔོན་མ་དག་དང་བསྡུར་ན་གོང་རིམ་འགོ་ཁྲིད་དག་གིས་ཐུགས་ཁུར་ཟབ་ཅིང་གྱེར་འདོན་གྱི་ཆུ་ཚད་ཇེ་མཐོར་སོང་ཡོད་པ་སོགས་ཕྱོགས་གང་ཐད་ནས་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད།

http://www.amdotibet.cn/files/Content/18-576105-2.jpg

    སྐད་ཡིག་ནི་མི་དང་མིའི་བར།མི་རིགས་དང་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཕྱིར།མཚོ་ནུབ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་དང་མེས་རྒྱལ་གྱི་བཀའ་དྲིན་བརྗོད་གཞིར་བཟུང་སྟེ་སྐབས་རིམ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས་དུས་ལྟར་སྤེལ་ཞིང་།ཕ་སྐད་རིག་གནས་དང་མེས་རྒྱལ་གྱི་ལོ་རྒྱུས་ལ་གཅེས་འཛིན་བྱེད་དགོས་པར་དྲན་སྐུལ་བྱས།ཐེངས་འདིའི་འགྲན་སྡུར་ལ་སློབ་ཆུང་ཚན་ཁག་དང་སློབ་འབྲིང་ཚན་ཁག་སོ་སོར་ཕྱེས་ནས་ཛ་དྲག་གི་འགྲན་སྡུར་བྱས་མཐར།སློབ་འབྲིང་རིམ་པ་དང་སློབ་ཆུང་རིམ་པར་སོ་སོར་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས།ཨང་གསུམ་པ་གསུམ་དང་རྟིང་སྐུལ་བྱ་དགའ་བཅོ་བརྒྱད་བཅས་སུ་དགར་ཡོད་ལ།གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་ནས་ཡོང་བའི་སློབ་གྲོགས་ཚེ་བརྟན་རྡོ་རྗེ་དང་ཟླ་བ་སྒྲོལ་མ་གཉིས་ལ་སློབ་འབྲིང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།འབྲི་ཆུའི་འགོ་ཁུངས་མི་རིགས་སློབ་གྲྭ་ནས་ཞུགས་པའི་སློབ་གྲོགས་གུ་རུ་འཚོ་ལ་སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ།
   
རྒྱུས་ལོན་པ་ལྟར་ན།མི་རིགས་སྐད་ཡིག་སློབ་གསོ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་གཙིགས་སུ་འཛིན་པའི་མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དགུ་བ་ཏུའུ་ལན་རྫོང་མཐོ་རིམ་སློབ་འབྲིང་དུ་འཚོག་རྒྱུ་ཡིན་པར་ཐག་བཅད་དེ་ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་ཚོགས་བདེ་བླག་ངང་མཇུག་སྒྲིལ་བར་བྱས།

http://www.amdotibet.cn/files/Content/18-870879-3.jpg

གོང་མ།:མཚོ་ནུབ་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ།

ཞོལ་མ།:སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235