མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཐེམ་ཆེན་རྫོང་མེ་རི་གྲོང་བརྡལ་གྲོག་རྒན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས༢༠༡༧ལོའི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་བསྡུས།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་བ།  སྤེལ་དུས།:2017-12-29  རྩོམ་པ་པོ།:བོང་སྟག་རི་ལུ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  ཉེ་ཆར།  མེ་རི་གྲོང་བརྡལ་གྲོག་རྒན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་དེ་ཐེམ་ཆེན་རྫོང་དུ་བསྡུས།

ཐེངས་འདིའི་མཛད་སྒོའི་སྟེང་གྲོག་རྒན་སྡེ་བའི་སྡེ་མི་ཡོངས་ཞུགས་པ་དང་། ཐོག་མར་སྡེ་དཔོན་གྱིས2017ལོའི་བྱ་བར་སྤྱི་བསྡོམས་བྱས་པ་དང་། སྔ་ཕྱིར་གྲོང་བརྡལ་གྱི་འགོ་ཁྲིད་རིམ་པས་མཉམ་ལས་ཁང་དང་འབྲེལ་ནས་མང་ཚོགས་ཀྱི་དམངས་འཚོའི་འཚོ་བའི་ཕྱོགས་ཀྱི་གཏམ་བཤད་སྤེལ།

    གྲོག་རྒན་མཉམ་ལས་ཁང་འདི་ནི2011ལོར་བཙུགས་པ་དང་། གཙོ་བོ་མང་ཚོགས་དག་གིས་ཐོན་ལས་གསུམ་པར་བརྟེན་ནས་འཚོ་བའི་ཡོང་སྒོ་ཇེ་ལེགས་སུ་གཏོང་བའི་མཉམ་ལས་ཁང་ཞིག་ཡིན་ལ། ས་གནས་ཀྱི་ཁེ་ལས་སྐོར་ཞིག་གིས་རྒྱབ་སྐྱོར་གྱི་འོག་ནས་མང་ཚོགས་ཀྱི་དམངས་འཚོའི་ཡོང་འབབ་ལ་རོགས་འདེགས་གང་ལེགས་ཐོབ་ཀྱིན་ཡོད།

    ཐེངས་འདིར་ཡང་ལོ་ངོ་གཅིག་རིང་གི་མཉམ་ལས་ཁང་གི་ཡོང་འབབ་བགོ་བཤ་བརྒྱབ་པ་དང་། ཁྱིམ་ཚང་བདུན་ཅུ་དོན་གཅིག་གི་སྡེ་མི་240ལ་མི་རེར་སྒོར་ཁྲི་གཅིག་གི་ཡོང་འབབ་ལྟར་བསྡོམས་པས་སྒོར་ཁྲི240ཡི་ཁེ་སྤོགས་བགོ་བཤའ་བརྒྱབ།

     མཛད་སྒོའི་སྟེང་། ཁེ་སྤོགས་བགོ་བཤའ་རྒྱག་པ་ལས་གཞན་ལོ་ན་དྲུག་ཅུའི་ཡན་གྱི་རྒན་པ་དང་།  དབང་བོ་སྐྱོན་ཅན། ཁྱིམ་ཚང་དཀའ་ངལ་ཅན་བཅས་ལ་རོགས་སྐྱོར་གྱི་མ་དངུལ་གནང་ཞི་སྡེ་བའི་འགོ་ཁྲིད་སྔ་མ་དག་ལ་གཟེངས་རྟགས་ཀྱི་དཔང་ཡིག་སོགས་བྱིན།

 གཞན་ཡང་མཉམ་ལས་ཁང་འདིས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡངས་སུ་གཏོང་ཆེད་དུ།  སྡེ་མི་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་། རྒན་གསོའི་ཆེས་མཐོའི་འགན་སྲུང་སོགས་ཀྱི་མ་དངུལ་མཉམ་ལས་ཁང་གི་ཁེ་སྤོགས་ལས་གཏོང་གིན་ཡོད་པར་མ་ཟད། རང་སྡེ་བའི་སློབ་གྲྭ་ཆེན་མོ་བ་དག་གི་སློབ་ཡོན་ཁ་ཚང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད།

  གྲོག་རྒན་མཉམ་ལས་ཁང་གིས་ཐོན་ལས་གསུམ་པར་བརྟེན་ནས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡངས་སུ་བཏང་བ་འདིས།  སྡེ་མི་ཡོངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་ཕན་ཁེ་གང་མང་བསྐྲུན་ཡོད།

གོང་མ།:ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས༢༠༡༨ལོའི་གནམ་ལོ་གསར་བར་ཚྭ་འདམ་རྟགས་ཅན་གྱི་ཀྱི་གྲུ་གཟིངས་ཆེན་མོའི་གྲུ་གཡོར་བཏེགས་ཏེ་མདུན་དུ་བསྐྱོད་དགོས་པའི་ཤིས་ཚིག་ཕུལ།

ཞོལ་མ།:མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བཞུགས་མོལ་གྲོས་ཚོགས་མཚོ་ནུབ་གྲོས་ཚོགས་ལྟེ་གནས་སུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235