མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས༢༠༡༨ལོའི་གནམ་ལོ་གསར་བར་ཚྭ་འདམ་རྟགས་ཅན་གྱི་ཀྱི་གྲུ་གཟིངས་ཆེན་མོའི་གྲུ་གཡོར་བཏེགས་ཏེ་མདུན་དུ་བསྐྱོད་དགོས་པའི་ཤིས་ཚིག་ཕུལ།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲྭ་ཚིགས།  སྤེལ་དུས།:2018-01-03  རྩོམ་པ་པོ།:མཚོ་ནུབ་སྲིད་དོན་འཕྲིན་སྟེགས།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་ཆེན་མོའི་གྲུ་གཡོར་བཏེགས་ཏེ་མདུན་དུ་བསྐྱོད་དགོས།

ལས་བྱེད་མང་ཚོགས་དྲུག་འབུམ་གྱི་ཕུགས་བསམ་བཏེགས་པའི་ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་ཆེན་མོ་ལོ་རྙིང་ཕར་ལ་བསྐྱལ་ནས་གནམ་ལོ་གསར་བ་ཚུར་ལ་བསུས།  ༢༠༡༨ལོའི་བཀྲ་ཤིས་པའི་ཉི་ཟེར་ཁྲོད་མདུན་དུ་བསྐྱོད་པའི་དུས་སྐབས་འདིར། ངས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་རྣམས་དང་མཚོ་ནུབ་ཀྱི་འཕེལ་རྒྱས་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་འདེགས་མཛད་པའི་རིམ་པ་སོ་སོའི་འགོ་ཁྲིད་དང་ལས་སྒོ་སོ་སོའི་མང་ཚོགས་རྣམ་པར་བཀའ་དྲིན་ལྷད་མེད་ཀྱི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་དུས་ཆེན་སྐབས་སུ་ལས་རྐང་བརྟན་སྲུང་བྱེད་བཞིན་པའི་བློ་མཐུན་རྣམས་ལ་ཁམས་འདྲི་ཞུ།

ལོར་འདིར། ཏང་ཡོངས་དང་རྒྱལ་ཡོངས་སུ་དགའ་སྐྱིད་ཀྱི་དོན་དག་ཧ་ཅང་མང་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པ་ནི་གནའ་བོའི་ཤར་ཕྱོགས་ཀྱི་གཡུ་འབྲུག་ཉིན་བཞིན་འཛམ་གླིང་གི་གར་སྟེགས་སུ་སྟངས་སྟབས་མངོན་པར་ཕྱིན་པ་མཚོན་ཞིང་། ཀྲུང་གོ་བ་རེ་རེའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་དུ་ཧུར་བརྩོན་བྱེད་པའི་ཆོད་སེམས་མེ་རུ་བསྒོས། དར་གོས་ཚོང་ལམ་སྟེང་དུ་སྙན་གྲགས་གསར་བ་ཁྱབ་ཅིང་ཡཱ་གླིང་དངུལ་གཏོང་ཁོངས་མི༨༤རུ་འཕར། མི་གྲངས་བྱེ་བ་གཅིག་ལ་ཉེ་བ་དབུལ་ཐར་བྱུང་། ཀྲུང་གོའི་ཤེས་རབ་དང་ཀྲུང་གོའི་ཇུས་གཞིའི་འཛམ་གླིང་སྙན་པར་སྒྲོན། རང་རྒྱལ་གྱི་ཧང་མུའུ་གྲུ་གཟིངས་ཆེན་མོ་བཟོས་ཤིང་འཛམ་གླིང་སྤྱིར་པར་འོད་རྡུལ་རྩིས་འཁོར་ཐོག་མར་གསར་གཏོད་མཛད། རང་རྒྱལ་གྱི་ཤེས་རབ་སྤྱན་རྟགས་ཀྱི་མཁའ་སྐར་བཏང་ཞིང་མའོ་ཙི་རྟགས་ཅན་གོམ་གང་ལེ་བར་ཆིག་སྟོང་ལ་བསྐྱོད་པ་མངོན་འགྱུར་བྱུང་སྟེ་འཛམ་གླིང་སྤྱི་པར་གཟི་ཉམས་ངོམས། དེ་མིན་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་བཅུ་གསུམ་པར་མཚོ་ནུབ་ཀྱི་འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཁུལ་དང་དབྱིབས་གསར་བཟོ་ལས་ཅན་གྱི་གནས་གཞི་དང་མཁར་ཤང་གཅིག་གྱུར་ཅན་དཔེ་སྟོན་ཁུལ་བཅས་ཀྱི་འཕེལ་ཕྱོགས་གཏན་ལ་ཕབ། དེ་དག་ཀུན་གྱིས་ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་ཆེན་མོ་མདུན་དུ་བསྐྱོད་པར་ཁོར་ཡུག་དང་གོ་སྐབས་ཆེན་མོ་བསྩལ།

ལོ་འདིར། ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་ཚོགས་ཆེན་བཅུ་དགུ་པའི་སྙན་གྲགས་ཁྲོད་དུ་དུས་རབས་གསར་བའི་རྒྱ་མཚོ་ཆེན་མོ་བརྒལ་ནས་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་གྱི་མཚོ་ངོགས་སུ་བཅར་བཞིན་ཡོད། ང་ཚོའི་ཁ་ལོ་ལེགས་པོ་བསྒྱུར་ནས་དཔལ་འབྱོར་འཕེལ་རྒྱས་རྣམ་པ་གསར་བ་ཞིག་ཏུ་བསྐྱལ་དགོས། ཏང་སྲོལ་སྲིད་གཙང་དང་སྤྱི་ཚོགས་སྤྱོད་བཟང་སྔར་བས་ལེགས་བསྒྱུར་སྒོས་གྲུ་གཟིངས་ལ་ཁ་ལོ་བསྒྱུར་དགོས། ང་ཚོའི་ཚད་མཐོན་པོའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་ནས་ལོ་འཁོར་གཅིག་ལོན་པའི་བྱ་འགུལ་དང་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་འབྱོར་འབྲིང་གི་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་ཆེན་སྐབས་གསུམ་པའི་བྱ་འགུལ་བཅས་སྤ་ཏེ།  བདེ་བླག་ངང་མཚོ་སྔོན་ན་གོར་མོ་ནས་ཨུ་རུ་སུའི་པོར་མའོ་ཀྲུང་ཨོ་གནམ་གྲུ་བཏང་སྟེ་ཚྭ་འདམ་གྱི་སྙན་གྲགས་ཀུན་ལ་ཁྱབ་པར་བགྱི་དགོས། ང་ཚོའི་ཐོག་མར་གླིང་གཉིས་ཡོན་ཧྲི་གཉིས་སོགས་ཀྱི་མི་འཇོན་ཐང་ཅན༡༣ནང་འདྲེན་བྱེད་པར་མ་ཟད་ཡོན་ཧྲི༦གི་ལས་དོན་ས་ཚིགས་བཙུགས་ཏེ།  རྒྱལ་ཡོངས་སུ་གྲོང་ཁྱེར་དང་ཁུལ་རིམ་པའི་མངའ་ཁོངས་རང་བཞིན་གྱི་མཐུན་འབྲེལ་ཐོག་མ་སྟེ་ཚྭ་འདམ་སྐྱེ་ཁམས་ཞིང་ཕྱུགས་ལས་གསར་གཏོད་མཐུན་འབྲེལ་དབུ་བརྙེས་ནས་ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་ཆེན་མོ་མདུན་དུ་བསྐྱོད་པར་དུས་རབས་གསར་བའི་སྒུལ་ཤུགས་བསྩལ།

ལོ་འདིར། ང་ཚོས་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་སྐུལ་ནས་མངའ་ཁོངས་སོ་སོའི་ལས་དོན་ཐད་ཁྱད་དུ་འཕགས་པའི་ནུས་པ་སྤྱད་དེ་གྲུབ་འབྲས་གང་ལེགས་ཐོབ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གྱི་མཚན་སྙན་བླངས་ཤིང་ཞིང་ཆེན་ཡོངས་སུ་མཁའ་སྐྱོད་ཉེན་རྟོག་རུ་ཁག་ཐོག་མར་བཙུགས་ཏེ། ལོ་ངོ་དུ་མར་ཐག་གཅོད་མ་ཐུབ་པའི་གྲོང་ཁྱེར་གྱི་དབྱིབས་ཟུར་གནད་དོན་ཐག་གཅོད་བྱུང་། རྒྱལ་ཡོངས་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེས་མཐོའི་བྱ་དགའ་ཡུན་བརྟན་རྟགས་མ་ཐོབ་ཅིང་བདེ་འཇགས་མཚོ་ནུབ་མིང་དོན་མཐུན་པར་བྱས། ཁུལ་ཡོངས་ཀྱི་གཙང་བོ་བཅུ་གཅིག་དང་མཚོ་མོ་ལྔའི་ཆུ་རྒྱུན་གཙོ་བོའི་ལམ་ལུགས་བཙུགས་ཏེ་ཚྭ་འདམ་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཐད་དུ་གོམ་པ་གསར་བ་སྤོས། ཀྲུང་དབྱང་གི་ལྟ་སྐུལ་གཟིགས་ཞིབ་བརྒྱུད་དེ་མཛེས་སྡུག་མཚོ་ནུབ་ཀྱི་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་ཡིན། ལྷག་ཏུ་དབུལ་སྐྱོར་མཁྲེགས་གཏོར་ཐད་དུ་མ་དངུལ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་གཅིག་དུང་ཕྱུར་བདུན་བཏང་སྟེ། ཞིང་སྡེ་གཞུང་ལམ་བསྟུད་མར་བསྐྲུན་པ་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་གཟིགས་ཞིབ་བྱས་ཏེ་གཏེར་ལམ་རྫོང་དབུལ་ཐར་ཁྲོད་བླངས། རང་ཁུལ་གྱིས་ཀྱང་ཞིང་ཆེན་ཡོངས་སུ་དབུལ་སྐྱོར་མཁྲེགས་གཏོར་བྱས་རྗེས་ཅན་གྱི་བྱ་དགའ་གཅིག་པུ་དེ་བརྩོན་ལེན་བྱས།

ལོ་འདིར། ཁུལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་སྐོར་ནས་བྱུང་སྐྱོན་བྱུང་ཞིང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། འཚོ་བའི་ཐོན་སྐྱེད་ཐད་ཆག་སྒོ་བསླངས་པས་ང་ཚོ་སྡུག་ལ་གཏད།  དྲ་རྒྱའི་དོན་རྐྱེན་ཡང་ཁ་ཤས་བྱུང་ནས་ཁུལ་ཡོངས་དང་ལྷག་ཏུ་ཞིང་ཆེན་ཡོངས་ལ་ཕྱོགས་ངན་པའི་ཤུགས་རྐྱེན་བཟོས། ཡིན་ཡང་ང་ཚོས་ཧུར་བརྩོན་བྱས་ཏེ་རྐྱེན་ངན་མེད་པར་བཟོས།  ཁུལ་ཡོངས་ཀྱི་སྲིད་གཙང་ཁོར་ཡུག་སྔར་བས་ལེགས་སྐྲུན་དགོས་པ་ང་ཚོས་ངེས་དགོས་ཏེ། མང་ཚོགས་ཁ་ཤས་ཀྱི་འཚོ་བ་དང་སློབ་ཡོན།  སྨན་བཅོས། ལས་ཞུགས་བཅས་ཀྱི་ཕྱོགས་ནས་དཀའ་ཁག་ཡོད་པར་གདོང་གཏད་དེ་ཐག་གཅོད་དགོས་པ་ནི་ང་ཚོ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འོས་འགན་ཡིན། ཡིད་ཆེས་ཡོད་པར་གྱིས་ཤིག  ཁུལ་ཏང་ཨུ་དང་སྲིད་གཞུང་གིས་འོས་འགན་དང་དུ་བླངས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ཏེ་མང་ཚོགས་ཀྱི་དཀའ་ཐག ཐོག་གཅོད་བྱེད་པ་་དམིགས་འབེན་དུ་བཟུང་ཞིང་།  རྒྱ་ཆེའི་ཏང་ཡོན་རྣམས་ཀྱི་སྣེ་འཁྲིད་དེ་སྤྱི་དམངས་སེམས་བཟང་ཅན་ཞིག་དང་ཏང་ཡོན་བློ་དཀར་བ་ཞིག  ལས་བྱེད་པ་འོས་འགན་ཅན་ཞིག་བྱས་ནས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་རྒྱུན་བསྐྱངས་ངེས་ཡིན།  

༢༠༡༨ལོར། གོམ་སྟབས་གསར་བའི་སྟངས་སྟབས་ལ་ཤེད་ཤུགས་ཀྱིས་བརྟས་ཡོད།  མཐོ་ཚད་གསར་བ་ཞིག་ནས་ང་ཚོ་འདས་པའི་གྲུབ་འབྲས་ལས་ཡིད་ཚིམ་པ་དང་ལོའི་དེའི་ཉམས་མྱོང་རྐྱང་བ་ལས་བབ་ཆགས་སུ་མི་སྡོད་པར། དུས་རབས་གསར་བར་བསྟུན་ནས་ཚད་གཞི་གསར་བར་བསྡུར་ཞིང་། རྣམ་པ་གསར་བ་མངོན་ནས་ལག་ལེན་གསར་བ་བཅས་ངེས་པར་དུ་ཡོད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བཅས་ཀྱི་མཛུབ་སྟོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཐུན་སྒྲིལ་ངང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་འཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་དངོས་ཐོག་བདེན་འཚོལ་གྱི་ལག་ལེན་བརྒྱུད་དེ། མཚོ་ནུབ་སྔར་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་མ་འོངས་པ་བསུ་བ་དང་རིགས་སོ་སོའི་མང་ཚོགས་སྔར་བས་ཁག་ཐེག་ལྡན་པ་དང་སྔར་བས་བྱང་ཚད་མཐོ་བ་རྒྱུད་སྤུས་བཟང་བ།  སྔར་བས་ལ་རྒྱ་ལྡན་པའི་འཚོ་བ་རོལ་ཐུབ་ཅིང་། ཚྭ་འདམ་གྱི་མི་བུ་སུ་ཡིན་རུང་དུས་རབས་གསར་བའི་ཉི་ཟེར་ལོངས་སུ་སྤྱོད་ཐུབ་པ་བྱ་ངེས་ཡིན།

༢༠༡༧ལོ་ལ་བདེ་མོ་བཞག་སྟེ༢༠༡༨ལོ་ཚུར་ལ་བསུ། ང་ཚོའི་བཀྲ་ཤིས་དུས་བཟང་གི་དུས་འདིར། སྡུག་གི་འཁུར་བོ་དོར་ནས་སྐྱིད་ཀྱི་འཛུམ་མདངས་མངོན་ཏེ། ཡིད་ཆེས་དང་རེ་སྒུག་གི་འཁེངས་ཤིང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གོམ་ཁ་གསར་བ་བསྒྱུར་ནས་ཚྭ་འདམ་རྟགས་ཀྱི་གྲུ་གཟིངས་མདུན་དུ་སྐྱོད་པར་སྐུལ་འདེད་དང་གྲུབ་འབྲས་ཕུན་སུམ་ཚོགས་པས་བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར༤༠ལོན་པར་སྐྱེས་སུ་ཕུལ།

མཐར། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་བདེ་སྐྱིད་དཔལ་ལ་རོལ་བར་སྨོན། བཀྲ་ཤིས་བདེ་ལེགས།

གོང་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།

ཞོལ་མ།:ཐེམ་ཆེན་རྫོང་མེ་རི་གྲོང་བརྡལ་གྲོག་རྒན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས༢༠༡༧ལོའི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235