མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-01-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཚོ་ནུབ་གྲོས་ཚོགས་ལྟེ་གནས་སུ་བསྡུས།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡོན་ཉིན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀོན་ཅུའུ་དང་ཕང་ཅན་ཡཱ།ལི་ཡོན་ཞིན། པའེ་ཏི་ཞིན་བཅས་ཀྲུའུ་ཞི་སྟེགས་བུའི་གྲལ་གཤར་སྔོན་མར་བཞུགས།

ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧའེ།ཁུལ་ཨུའི་ཧྲུའུ་ཅི་ཝང་ཅིན་ཀྲའེ། ཁུལ་ཨུའི་རྒྱུན་ཨུ་མུའོ་ཁྲུན་མིན། ཝང་ཡུང་།སུང་ལའེ་མིན། རྡོ་རྗེ་སོགས་དང་ཚོགས་ཆེན་ཀྱི་ཀྲུའུ་ཞི་ཚོགས་ཁག་གི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས།

ཐེངས་འདིའི་གྲོས་ཚོགས་ཀྱི་སླེབས་དགོས་པའི་འཐུས་མི༢༤༣ཡིན་ལ།དངོས་སུ་འཐུས་མི༢༠༤བསླེབས་ཤིང་ཁྲིམས་ལུགས་གཏན་ཁེལ་མི་གྲངས་དང་འཚམ།

དུས་ཚོད་བཅུའི་སྟེང་ཚོགས་ཆེན་དངོས་སུ་གཟི་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མགོ་བརྩམས།

ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་རང་ཁུལ་དུ་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དུ་ཟུར་ཞུགས་བྱེད་པའི་འཐུས་མི་དང་མཚོ་ནུབ་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམས་རྒྱུ་དེ་ཡིན།

གྲོས་ཚོགས་སུ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱེད་ཐབསའཆར་ཟིནསྒྲོག་འདོན་བྱས་ཤིང་།  ཐེངས་འདིའི་གྲོས་ཚོགས་ཀྱི་འདེམས་བསྐོ་བྱེད་ཐབསའཆར་ཟིནལ་གྲོས་ཐག་བཅད།

གོང་མ།:མཚོ་ནུབ་ཁུལ་གྱི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས་ཚྭ་འདམ་མཐོང་བ་ཀུན་སྨོན་ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

ཞོལ་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235