མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

མཚོ་ནུབ་ཁུལ་གྱི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་ལོ་སར་དགོང་ཚོགས་ཚྭ་འདམ་མཐོང་བ་ཀུན་སྨོན་ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

ཡོང་ཁུངས།:ཚྭ་འདམ་བོད་ཡིག་དྲ་ཚིགས།  སྤེལ་དུས།:2018-01-24  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཐེངས་འདིའི་དགོང་ཚོགས་ ཀྱི ་མདོ་འཛིན་པ་ རྣམ་པ།

བརྩེ་བ་འབྲི་ཆུའི་འགོ་ཁུངས་ལ་བཅངས་ཞེས་པའི་འགོ་རྩོམ་གླུ་བྲོ་ཟློས་གར།

དགོང་ཚོགས་སྟེང་མུ་འབྲེལ་བརྙན་འཕྲིན་ཟློས་གར༼འཚར་ལོངས་སྐྱ་བོ༽ཡི་བརྗོད་དོན་གླུ་དབྱངས་ལེན་མཁན་གླུ་མ་གྲགས་ཅན་གཡང་མོ་སྒྲོལ་མ་དང་གླུ་མ་ཆུང་ཆུང་བསྟན་འཛིན་དབང་མོ་གཉིས་ཀྱིས་ལེན་བཞིན་པ།

   ཉེ་ཆར།     ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་གཏིང་ཟབ་བྱེད་ཆེད་དང་།བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་ཡང་དག་འོག  གོམ་སྟབས་ཆེན་པོས་དུས་རབས་གསར་བར་བསྐྱོད་དེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུ་གསར་བ་ཕྱེས་ནས།མཚོ་ནུབ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།སྤྲོ་སྣང་དང་དགའ་སྟོན།འཆམ་མཐུན་གྱི་ལོ་སར་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་ཆེད།བོད་རབ་རྒྱན་ས་ཕོ་ཁྱི་ལོའི་མཚོ་ནུབ་ཁུལ་གྱི་བོད་ཀྱི་ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ༼ཚྭ་འདམ་མཐོང་བ་ཀུན་སྨོན༽ཞེས་པ་གཟབ་རྒྱས་ངང་འཚོགས།

   

གདན་ཞུའི་གླུ་བ་པད་མ་བསམ་འགྲུབ།

གདན་ཞུའི་གླུ་བ་མགར་བསམ་འགྲུབ་ཚེ་རིང་།

གླུ་བ་གྲགས་ཅན་ཚེ་རིང་དབང་འདུས།

མཚོ་ནུབ་ཀྱི་གླུ་མ་རྒྱ་གར་མཚོ་སྐྱིད།

བོད་ཀྱི་གླུ་མ་པད་མ་འཚོ།

གླུ་བ་བཀྲ་ཤིས་རྣམ་རྒྱལ།

གླུ་མ་དབང་མོ།

གླུ་བ་རིག་ལྡན་ཚེ་རིང་།

གྱང་བྲོ་གར་གྱི་སྟངས་སྟབས།

ས་ཆེན་རོལ་ཚོགས།

ཐེངས་འདིའི་མཚོ་ནུབ་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་བརྗོད་གཞི་ནི་རྒྱབ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕིང་ན་གོར་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་བོད་རིགས་སྡེ་བར་རྟོག་ཞིབ་ཏུ་ཕེབས་ནས་བོད་རིགས་སྤུན་ཟླ་མང་ཚོགས་དང་ལྷན་དུ་བདེ་སྐྱིད་འཚོ་བ་མཉམ་གླེང་བྱེད་པ་གཙོ་དབྱངས་སུ་བཟུང་ཞིང་།བརྩེ་བ་གཙང་གསུམ་འགོ་ཁུངས་ལ་བཅངས་ནས།མཛེས་སྡུག་གི་ཚྭ་འདམ་ལ་བསྟོད་གླུ་ལེན་པ་བརྗོད་སྙིང་བྱས།

དིང་གླིང་ཚན་སྡེབ།

   

དགོང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པ་བསོད་རྡོས་ཡུལ་དངོས་སུ་སྒྲིག་སྦྱོར་བྱེད་བཞིན་པ།

 རྒྱུས་ལོན་པ་ལྟར་ན།དགོང་ཚོགས་ཀྱི་སྒྲོམ་གཞི་དང་ནང་དོན་སོགས་ཀྱི་ཆ་ནས་རྣམ་པ་གསར་བ་དང་ཁྱད་ཆོས་ཐོད་བརྒལ་བྱེད་ཆེད།འཁྲབ་ཁྲིད་ཚན་ཆུང་སྔ་གཞུག་ཏུ་ན་གོར་མོ་དང་གཏེར་ལམ་རྫོང་།ཐེམ་ཆེན་རྫོང་སོགས་སུ་སོང་ནས་ས་གནས་ཀྱི་ཁྱད་ལྡན་རིག་རྩལ་འཚོལ་ཞིབ་དང་སྒྲིག་ཁྲིད་བྱས་ཤིང་།མཚོ་ནུབ་ཀྱི་ས་བབ་དང་མཚོ་ནུབ་ཀྱི་རིག་གནས་ལོ་རྒྱུས་མཚོན་པའི་གཞས་ཚིག་དང་དབྱངས་རྟ་གསར་རྩོམ་བྱས་ཏེ།དགོང་ཚོགས་ཀྱི་ཁྱད་ཆོས་ཐོན་པར་བྱས་ཡོད་ལ།ཞིང་ཆེན་ཕྱི་ནང་གི་མིང་གྲགས་སྒྱུ་རྩལ་པ་གདན་ཞུ་བྱས་ནས་དགོང་ཚོགས་ཀྱི་ཚད་གཞི་ཇེ་མཐོར་བཏང་བའི་མི་ཚད་ད་དུང་དགོང་ཚོགས་དྲིན་གཟོའི་ལེའུ་དང་ལྗང་མདོག་གི་ལེའུ།འཆམ་མཐུན་གྱི་ལེའུ་བཅས་རིགས་གསུམ་དུ་བཀར་ཏེ་རྣམ་པ་དང་ཆུ་ཚད་ཐོད་བརྒལ་བྱས།

   

དགོང་ཚོགས་ལེགས་འགྲུབ་བྱུང་བ།

 དགོང་ཚོགས་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཀོད་སྒྲིག་ལྟར།མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་།མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཁང་།ཀྲུང་གུང་ཐེམ་ཆེན་རྫོང་ཨུ།ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་།ཐེམ་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ།མཚོ་སྔོན་རི་དཀར་པོ་གློག་བརྙན་རིག་གནས་སྨྱད་བྱད་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་ལ།  ཀྲུང་གོ་བོད་ཀྱི་དྲ་བ་དང་།མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་།  གཏེར་ལམ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ནུབ་ཁུལ་མི་རིགས་གླུ་གར་ཚོགས་པ།ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འབྱུང་ཁུངས་མི་རིགས་སློབ་གྲྭ   ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་བྱས།

གོང་མ།:ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་རྒྱལ་ཁའི་ངང་གྲོལ།

ཞོལ་མ།:མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235