མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་བརྩམས།

ཡོང་ཁུངས།:  སྤེལ་དུས།:2018-03-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

政协海西州第十三届委员会第三次会议开幕

༢༠༡༨ལོའི་ཟླ༣པའི་ཚེས༢༥ཉིན།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གཏེར་ལེན་ཁ་ནས་ཚོགས་འགོ་བརྩམས།སྤྱི་ཚོགས་ལས་སྒོ་སོ་སོའི་སྲིད་གྲོས་ཨུ་ཡོན་ལྷན་འཛོམས་བྱུང་ཞིང་གྲོས་འདོན་ཇུས་འབུལ་དང་བློ་དཀར་འགན་སྒྲུབ་བཅས་བྱས་ཏེ།མཚོ་ནུབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་ཤེས་རབ་དང་སྟོབས་ཤུགས་བསྩལ།

ཐོན་དགོས་པའི་ཨུ་ཡོན༢༤༠ཡིན་ལ།དངོས་སུ་ཨུ་ཡོན༢༡༨འཛོམས་པས། སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་གྲངས་ཀ་དང་འཚམ།མཚོ་ནུབ་ཁུལ་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཁོམས་མིའམ་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡོན་གྱིས་གྲོས་ཚོགས་ཀྱི་མཛད་སྒོར་མདོ་འཛིན་བྱས།གྲོས་ཚོགས་འགོ་བརྩམས་པ་བསྒྲགས་ཤིང་།གྲོས་ཚོགས་སུ་ཞུགས་མཁན་ཡོངས་ཡར་ལངས་ནས་རྒྱལ་གླུ་བླངས།

གྲོས་ཚོགས་སྟེང་།མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་ཀླུ་ཁོ་རྒྱལ་གྱིས་སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ལས་དོན་སྙན་ཞུ་ཕུལ།མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ལའེ་ཧའེ་ལན་གྱིས་སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་གྲོས་གཞིའི་ལས་དོན་སྐོར་གྱི་གནས་ཚུལ་སྙན་ཞུ་ཕུལ།དུས་མཚུངས་སུ།ཡིག་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན།ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན།ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་ཚོགས་ཞུགས་མི་སྣ་ཡོངས་ལ་བརྒྱུད་སྤེལ་བྱས།

政协海西州第十三届委员会第三次会议开幕

༢༠༡༧ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པའི་དགའ་འོས་པའི་ལོ་ཞིག་ཡིན་ལ། སྐབས་གསར་པའི་སྲིད་གྲོས་ཀྱིས་རང་འགུལ་དུ་འོས་འགན་ལག་བསྟར་བྱས་ནས་གྲུབ་འབྲས་ལེགས་པོ་ལོན་པའི་ལོ་ཞིག་ཀྱང་ཡིན།ལོ་ངོ་གཅིག་གི་རིང་དུ་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་འགོ་ཁྲིད་འོག ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཡང་སྙིང་ལ་གདེང་ཚོད་ཟབ་མོ་བླངས།ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ལ་རྒྱུན་འཁྱོངས་དང་བསྒྱུར་བ་བཞིས་ཏན་ཏན་ཏིག་ཏིག་བཞི་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་པའི་བླང་བྱ་གལ་ཆེན་ལ་དམིགས་ཏེ།ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་ཏེ།  འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་སྟོབས་ལྡན་ཁུལ་བསྐྲུན་ཕྱིར་བྱས་རྗེས་གསར་པ་བཞག

 སྙན་ཞུ་ལས་བསྟན་དོན། སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་པའི་ཚུན་ལ།བསྡོམས་པའི་གྲོས་གཞི༡༣༤འབྱོར། གྲོས་གཞི༧༡ལ་ཞིབ་བཤེར་ཐོ་འགོད་བྱས་ཤིང།བསྐྱར་སྒྲུབ་བྱས་ཚད༡༠༠%ལ་བསླེབས།སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། ཨུ་ཡོན་རྣམ་པས་དམིགས་སའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དམ་འཛིན་བྱས་ཏེ། རིམ་པ་མི་འདྲ་བ་དང་ཁེ་ཕན་མི་འདྲ་བའི་ཚོགས་ཁག་གི་བསམ་གྲོས༥༨མྱུར་བར་ཚུར་སྣང་བྱས། སྡེ་དམངས་འདོད་བློདངམཚོ་ནུབ་སྲིད་གྲོསསོ་སོ་སྤེལ་ཐེངས༢བསྒྲིགས་ཏེ་དཔར་སྐྲུན་བྱས།དེའི་ཁྲོད་དུ་མི་རིགས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་རིག་གནས་ཐོན་ལས་སྔོག་འདོན་བྱས་ཏེ་རོང་འབྲོག་དམངས་ཀྱི་ཡོང་སྒོར་སྐུལ་འཁྲིད་དང་ཞིང་སྡེའི་སྤྱི་སྤྱོད་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ན་གཞོན་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་པ་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བའི་གནད་དོན་ལ་ཏང་སྲིད་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་ཏེ།འབྲེལ་ཡོད་སྡེ་ཁག་གིས་ལས་སྒྲུབ་དོན་འཁྱོལ་བྱེད་པར་འགན་ཁུར་བཞག་ནས་དམངས་འཚོའི་གནད་དོན་སྐོར་ཞིག་ཐག་གཅོད་བྱས།

政协海西州第十三届委员会第三次会议开幕

དུས་རབས་གསར་པའི་ནང་དུ་འགྲོ་ལམ་གསར་པ་བཏོད་ཅིང།དམིགས་འབེན་གསར་པར་འགན་འཁྲི་གསར་པ་གནང་།  ༢༠༡༨ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པར་འགོ་བརྩམས་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཕུ་ཐག་བཅད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་འགྲིམས་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན།སྙན་ཞུ་ལས་ནན་གྱིས་བསྟན་དོན།ལོ་ངོ་གསར་པའི་ནང་དུ། མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ།ནན་ཏན་སྒོས་མཚོ་ནུབ་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཇུས་གཞི་བཀོད་སྒྲིག་ལྟར།མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་སར་བསྙེག་པ་དང་གནད་ཕིགས་ཀྱི་འདུ་ཤེས་བརྟན་པོར་ཆགས་སུ་བཅུག་ནས།གྲུབ་འབྲས་དང་ནུས་ཆོད་གཙིགས་སུ་བཟུང་ནས་རྟོག་ཞིབ་དང་གྲོས་མོལ་སྔར་བས་ལེགས་པ་བྱས་ཏེ།དམངས་གཙོ་ལྟ་རྟོག་སྔར་བས་ཤུགས་ལྡན་ལ་ཐབས་འདོན་ཇུས་འབུལ་སྔར་བས་དོན་ཐོག་ཏུ་འཁྱོལ་བ།མི་དམངས་ཀྱི་འདོན་བློ་མྱུར་བར་ཚུར་སྣང། ཨུ་ཡོན་གྱི་ནུས་པ་གང་ལེགས་འདོན་པ།སྤྱོད་སྟངས་འཛུགས་སྐྲུན་སྔར་བས་ཏན་ཏན་ཏིག་ཏིག་ཏུ་སྤེལ་བ་བཅས་བྱས་ཏེ།  མཚོ་ནུབ་བཅོས་བསྒྱུར་འཕེལ་རྒྱས་སླད་དུ་སྔར་བས་ལེགས་པའི་བྱས་རྗེས་གསར་པ་འཇོག་དགོས།

གོང་མ།:བུན་གོ་ཏུང་གིས་གྲོང་ཁྱེར་དང་རྫོང་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་ཧྲུའུ་ཅི་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོར་འགན་ཁུར་གཙོ་བོ་བཞི་དང་ཏང་སྲིད་འགན་ཁུར་གསུམ་དོན་འཁྱོལ་བྱེད་པའི་གྲོས་ཚོགས་བསྡུས།

ཞོལ་མ།:སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235