མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

བུན་གོ་ཏུང་གིས་གྲོང་ཁྱེར་དང་རྫོང་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་ཧྲུའུ་ཅི་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོར་འགན་ཁུར་གཙོ་བོ་བཞི་དང་ཏང་སྲིད་འགན་ཁུར་གསུམ་དོན་འཁྱོལ་བྱེད་པའི་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-03-30  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར།བུན་གོ་ཏུང་གིས་ཧུར་ཐག་སྒོས་འགན་ཁུར་གཙོ་བོ་བཞི་དང་ཏང་སྲིད་འགན་ཁུར་གསུམ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱེད་ཆེད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་།གྲོང་ཁྱེར་དང་རྫོང་། བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་ཧྲུའུ་ཅི་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་འགན་ཁུར་ཇེ་དྲག་ཏུ་བཏང་སྟེ།བྱ་བའི་བྱེད་སྟངས་ཇེ་ལེགས་དང་སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ད་ལོའི་བྱ་བའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་དགོས་པ་བསྟན།

གྲོས་ཚོགས་ཀྱིས་རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་ཕྱོགས་ཡོངས་ནས་འགན་ཁུར་གཙོ་བོ་བཞི་དང་ཏང་སྲིད་འགན་ཁུར་གསུམ་ལག་བསྟར་བྱས་ནས།ཧུར་ཐག་སྒོས་འགན་ཁུར་ཁུར་ཐག་ཆོད་དགོས་ལ། བྱ་བ་ཞིབ་ཕྲ་བྱས་ནས།ངེས་པ་དོན་གྱིས་འགན་ཁུར་ཕྲག་ཏུ་འཁུར་བ་དང་སེམས་སུ་འཛིན་པ།ལག་ཏུ་བསྟར་བ་དང་དངོས་འབེབས་བྱེད་དགོས་པ་སྟེ།གཅིག་ནི་ནན་ཏན་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་དོན་འཁྱོལ་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་ནི་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པ།ཏང་འཛུགས་སྐྲུན་བྱེད་པའི་འགན་ཁུར་ཨང་དང་པོ་ཡིན་པས།སྐས་རིམ་སོ་སོ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ།ལྷག་པར་དུ་རུལ་སུངས་དང་དབུལ་སྐྱོར། ཞིང་བ་དང་དམངས་ཚིས་ཁྱབ་ཁོངས་ནང་གི་རུལ་སུངས་གནད་དོན་གཙང་བཤེར་བྱས་ཏེ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་པོར་བཟུང་ནས་ཕན་འབྲས་དངོས་ལེན་དགོས། གཉིས་ནི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་དམ་པོར་འཛིན་དགོས།རིམ་པ་སོ་སོའི་ཏང་ཨུའི་ཧྲུའ་ཅི་ཡིས་ཧུར་ཐག་སྒོས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དངོས་འབེབས་དོན་འཁྱོལ་བྱས་ནས།གཅིག་བསྡུས་སྒོས་སྡེ་བའི་དཔལ་འབྱོར་གཙང་བཤེར་བྱེད་པའི་བྱ་བར་ཤུགས་བསྣོན་བྱེད་དགོས་ཤིང་།རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྲུན་དང་དབུལ་ཐར་བྱ་བར་གྲུབ་འབྲས་བླངས་ནས།ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་དགོས་ལ།  ཁྱད་ལྡན་ཐོན་ལས་ལེགས་པོར་བསྒྲུབ་ཏེ།སྟོབས་ཤུགས་ཡོད་རྒུས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།གསུམ་ནི་འདུ་ཤེས་རྣམ་པའི་འགན་ཁུར་གཙོ་བོ་གཟབ་ནན་སྒོས་དངོས་འབེབས་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་དབུལ་ཐར་མཁྲེགས་གཏོར་བྱ་བ་ནི་དེང་སྐབས་ཀྱི་བྱ་བའི་འགན་ཁུར་གཙོ་བོར་བཞག་ནས།མཇུག་མཐའི་སྟོབས་ཤུགས་འབུལ་བར་ཤུགས་བསྣོན་དགོས་ལ།བདེ་བླག་ངང་རྒྱལ་ཁབ་ཀྱིས་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།ལྔ་ནི་ནན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་དངོས་འབེབས་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་གཟབ་ནན་སྒོས་ན་ནིང་གི་སྐྱེ་ཁམས་ཁོར་ཡུག་དོན་རྐྱེན་ལ་སྤྱི་བསྡོམས་བྱས་པའི་ཉམས་མྱོང་དང་བསླབ་བྱ་ཡིད་ལ་དམ་པོར་བཟུང་ནས།གནས་པའི་གནད་དོན་དང་དོན་རྩ་ལ་ཞིབ་འཇུག་དང་དབྱེ་ཞིབ་ཟབ་མོ་བྱེད་དགོས་ཤིང་།ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ཚོགས་པས་བཏོན་པའི་གནད་དོན་མཛུབ་སྟོན་དུ་བཟུང་ནས་དག་ཐེར་དང་ལེགས་བཅོས་བྱེད་ཐབས་ལམ་ལུགས་གཏན་འབེབས་བྱེད་དགོས་ལ།དག་ཐེར་ལེགས་བཅོས་ཀྱི་དུས་ཚོད་དང་བྱ་བའི་འཕར་རིམ་གསལ་བོ་བྱས་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས།དྲུག་ནི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་བཟོ་ལས་དང་བཙོ་སྦྱོང་།གཞུང་ལམ་དང་འགྲིམ་འགྲུལ། ཟས་རིགས་སོགས་ཀྱི་ཁྱབ་ཁོངས་ནང་གི་བདེ་འཇགས་ཐོན་སྐྱེད་ལ་ལྟ་ཞིབ་ནན་མོ་བྱེད་དགོས་ལ།གཙོ་བོ་ཁྱབ་ཁོངས་སོ་སོའི་ནང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ནས།བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་མེད་པར་བཟོ་དགོས། བདུན་ནི་གཟབ་ནན་སྒོས་ཁྲིམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཁུར་གཙོ་བོ་དངོས་འབེབས་དོན་འཁྱོལ་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་ངེས་པ་དོན་གྱིས་ཁྲིམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་སྤྱི་ཚོགས་བདེ་འཇགས་དང་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ།ཁྱབ་ཁོངས་གཙོ་བོ་དང་བདེ་འཇགས་མིན་པའི་སྤྱི་བའི་ས་གནས་སུ་གཅིག་བསྡུས་ཞིབ་བཤེར་བྱེད་པ་དང་དུས་ལྟར་ཞིབ་བཤེར་བྱས་ནས།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

བསོད་རྡོས་བསྒྱུར།

གོང་མ།:ཝང་ཅན་ཅོན་གྱིས་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་སྡེ་བ་རུ་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མིག་དཔེ་རུ་བཟུང་སྟེ།ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་དམ་པོར་འཆིང་དགོས་པའི་སྐུལ་མ་བཏང་།

ཞོལ་མ།:སྲིད་གྲོས་མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་བརྩམས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235