མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཐེམ་ཆེན་རྫོང་གིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་སྐབས་གཉིས་པ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2018-05-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

གསར་འགོད་པ།དོན་གྲུབ་ཚེ་རིང་། བོང་སྟག་རི་ལུ། འབྲུག་ལྷ།

         

ཚོགས་རའི་ཡུལ་དངོས།  

 ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ། སྲིད་ཁྲིམས་ཨུའི་ཧྲུའུ་ཅི།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུན་ཞོ་ཁྲིན་གྱིས་གཏམ་བཤད་གནང་བཞིན་པ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་།གུང་ཁྲན་ཏང་བཟང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་བ། ཏང་གི་ཁ་ལ་ཉན་ཏེ།ཏང་གི་རྗེས་སུ་འབྲངས་ཞེས་པའི་དྲིལ་སྒྲོག་སློབ་གསོ་དར་སྤེལ་དང་།དགོན་སྡེའི་གྲྭ་བཙུན་དག་གི་སྣ་འཛོམས་རང་བཞིན་གྱི་ཤེས་བྱ་མཐོར་འདེགས་གཏོང་ཆེད་དུ། ཉེ་ཆར།ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཐེམ་ཆེན་རྫོང་གི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་སྐབས་གཉིས་པ་སྤེལ།  

          དཔྱད་འདེམས་བཞུགས་གྲལ།

ཐེངས་འདིའི་འགྲན་སྡུར་ལ་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དག་གཙོ་བྱས་ཏེ།རྫོང་ཡོངས་ཀྱི་དགོན་པ་དགུ་ཡི་འཐུས་ཚབ་འགྲན་ཞུགས་མི་སྣ་ཉེར་བདུན་དང་། ཟུར་ཞུགས་གྲྭ་བཙུན་དང་མང་ཚོགས་བརྒྱ་ལྷག་ཞུགས་ཡོད་ལ།  ཤེས་བྱའི་འགྲན་སྡུར་གྱི་ནང་དོན་ལ་ཆོས་ལུགས་དང་།སྲིད་ཇུས། ཁྲིམས་ལུགས། སློབ་གསོ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། མི་སྒེར་གྱིས་དྲི་བར་དྲིས་ལན་འདེབས་པ་དང་།  འཕྲོག་ལན་འདེབས་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་ནས་མཐའ་འཇུག་འབྲུག་ཁྱུང་དགོན་པ་ལ་བྱ་དགའ་ཨང་དང་པོ་དང་།  བྲ་ཚ་དགོན་པ་ལ་བྱ་དགའ་ཨང་གཉིས་པ།བོང་སྟག་དགོན་པ་ལ་བྱ་དགའ་ཨང་གསུམ་པ། སེང་མོ་དགོན་པ་ལ་རྩ་འཛུགས་བྱ་དགའ་སོགས་ཐོབ།

     

 

              འགྲན་རའི་ཟུར་འགའ།

                          བྱ་དགའ་ཐོབ་པའི་འཐུས་ཚབ་པ།  

 དེ་ཡང་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དགོན་པའི་གྲྭ་བཙུན་དག་གི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་ཏང་།ཏང་དང་རྒྱལ་ཁབ་ལ་དགའ་བ་དང་། མི་དམངས་མང་ཚོགས་ལ་བློ་དཀར་བ། རང་ཉིད་ཀྱི་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་ཆེད་དུ།བོད་བརྒྱུད་ནང་བསྟན་དགོན་པའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་སྤེལ་ཞིང་།འགྲན་སྡུར་འདི་བརྒྱུད་ནས་དགོན་སྡེའི་གྲྭ་བཙུན་དག་གིས་སློབ་སྦྱོང་དང་འགྲན་རྩོད་ཀྱི་གོ་རིམ་བརྒྱུད་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་གོ་བ་ཡང་དག་པར་ལོན་པ་དང་རང་ཉིད་ཀྱི་ཕྱོགས་བསྡུས་ཤེས་བྱ་མཐོར་འདེགས་བཏང་བར་མ་ཟད།  དགོན་སྡེ་ཕན་ཚུན་བར་དང་།མི་སྒེར་བར་གྱི་མཐུན་སྒྲིལ་སྔར་ལས་ཇེ་དམ་དུ་བཏང་བས། མི་རིགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

            མཉམ་པར།  

གོང་མ།:ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་མཐུན་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཞོལ་མ།:ཝུན་གོ་ཏུང་འཁོར་དང་བཅས་པས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་འབྲེལ་སྤྱི་ཁང་གི་འགོ་ཁྲིད་དང་ཐོན་ཁུངས་ཕྱོགས་གཅིག་བསྡུས་ཀྱི་དོན་དག་ལ་མཐུད་སྦྲེལ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235