ཝུན་གོ་ཏུང་གིས་ཡིད་ཆེས་ཆེ་རུ་གཏོང་བ་དང་།གནད་ཐོག་ལ་ཤུགས་འདོན་པ།འགག་སྒྲོལ་དཀའ་སེལ།ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།-海西州人民政府.藏文网
མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཝུན་གོ་ཏུང་གིས་ཡིད་ཆེས་ཆེ་རུ་གཏོང་བ་དང་།གནད་ཐོག་ལ་ཤུགས་འདོན་པ།འགག་སྒྲོལ་དཀའ་སེལ།ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས།:ཚྭ་འདམ་ཉིན་རེའི་ཚགས་པར།  སྤེལ་དུས།:2018-07-23  རྩོམ་པ་པོ།:ཀླུ་དོན།  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཝུན་གོ་ཏུང་གིས་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དབྱེ་ཞིབ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་བཀོད་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཏུ་
ཡིད་ཆེས་ཆེ་རུ་གཏོང་བ་དང་། གནད་ཐོག་ལ་ཤུགས་འདོན་པ། འགག་སྒྲོལ་དཀའ་སེལ ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཟླ7 ཚེས18 ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་འགོ་ཁྲིད་མཛད་ནས་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དབྱེ་ཞིབ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་བཀོད་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང 2018 ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གྱི་བཀོད་སྒྲིག་མཛད་ལ།ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་དང་།ཁུལ་ཡོངས་ཀྱི་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་།ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཁོས་ནན་བཤད་བྱེད་གྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཡིད་ཆེས་ཆེ་རུ་གཏོང་བ་དང་།གནད་ཐོག་ལ་ཤུགས་འདོན་པ།འགག་སྒྲོལ་དཀའ་སེལ།ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་ལོ་སྨད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས།
     
ཝུན་གོ་ཏུང་གིས་བསྟན་དོན། ད་ལོ་ནས་བཟུང་ཁུལ་ཡོངས་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་ཞིང་ཆེན་དང་། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས་ལ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ལྔ་བཞིའི་འཐབ་ཇུས ལག་བསྟར་གཏིང་ཟབ་དང་།ཧུར་ཐག་གིས་རྙོག་འཛིང་དང་ཛ་དྲག་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་ཁ་གཏད་དགོས་ཤིང་། གཅིག་གྱུར་འཆར་འགོད་ཀྱིས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། གྲུབ་ཚུལ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ།ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གཞི་རྩའི་ཆ་ནས དུས་ཚོད་ཕྱེད་ཙམ་སོང་ཞིང་།ཉིན་རེའི་རྩིས་ཐོ་ལས་འགན་ཕྱེད་ཀ་ལེགས་གྲུབ མངོན་འགྱུར་འབྱུང་བའི་འཕེལ་རྒྱས་རྣམ་པ་ཆགས་ཡོད།ལོ་སྟོད་ལ་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི7.4 འཕར་བ་དང་། རྒྱལ་ཡོངས་དང་བསྡུར་ན་བརྒྱ་ཆའི་ཚེག0.6 ཡིས་མཐོ་ཞིང་། ཞིང་ཆེན་ཡོངས་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས1.5 ཡི་མཐོ།
   
ཝུན་གོ་ཏུང་གིས་ནན་གྱིས་བསྟན་དོན།  ས་ཁུལ་སོ་སོའི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་དུས་བབ་གསལ་རྟོགས་དང་དམིགས་ཚད་ལ་དམ་པོར་དམིགས་ནས།གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།ཞན་ཆར་ཁ་གསབ་དང་ཉམས་ཞན་སྟོབས་ཆེར་གཏོང་བ།སྐྱོན་གཞི་སེལ་བ་བཅས་བྱས་ཏེ།ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱ་དགོས།  

གཅིག་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་གནས་བབ་ཆེན་པོ་ཁོང་དུ་ཆུད་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕན་ཡོད་སྲིད་ཇུས་ཁོང་དུ་ལེགས་པར་ཆུད་པ་དང་།  ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་པའི་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གོང་འཕེལ་གཏོང་རྒྱུའི་སེམས་ཤུགས་བརྟན་པོ་བཅངས་ཏེ་གཡོ་འགུལ་མི་གཏོང་བ་དང་།ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་དགོས།  

གཉིས་ནས་གནད་དོན་ཁྲིད་ཕྱོགས་སུ་བཟུང་སྟེ། ཕྱོགས་ཡོངས་ནས་གཏིང་ཟབ་པའི་སྒོ་ནས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་བྱེད་པ་དང་། རྣམ་གྲངས་ནང་འདྲེན་དང་ཞིབ་བཤེར་ཆོག་མཆན།དོན་འཁྱོལ་ལག་བསྟར་བྱེད་པ་སོགས་ཀྱི་ལྷུ་ཚིགས་ཁྲོད་ཀྱི་གནད་དོན་དང་རྒྱུ་རྐྱེན་ལ་གཏིང་ཟབ་པའི་དབྱེ་ཞིབ་བྱ་དགོས་ལ།ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་གྲུབ་ཚུལ་འཚོལ་ཞིབ་ཁྲོད་དུ་གནས་པའི་ཞན་ཆ་དང་ཉམས་ཆུང་བའི་གནས་བཙལ་བ་དང་།གནད་འགག་ཡང་དག་བཙལ་ནས། འབུར་དུ་ཐོན་པའི་གནད་དོན་དང་འགལ་བ་གཙོ་བོ་གཙིགས་སུ་བཟུང་ནས་ཐག་གཅོད་དགོས་ཤིང་།ནུས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་དང་སྐྱོན་ཆ་སྐོང་དགོས། ཐོན་སྐྱེད་རྒྱུ་ཆ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།གོང་འོག་ཐོན་ལས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། འཕར་ཚད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས་ལ། བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བའི་རྣམ་པ་སྲ་བརྟན་དུ་གཏང་དགོས།

གསུམ་ནསལྔ་བཞིའི་འཐབ་ཇུསལ་དམིགས་ནས་གནད་སྨིན་ཤུགས་འདོན་དགོས་པ་དང་། དམག་འཐབ་ཆེན་པོ་གསུམམཐའ་གཅིག་ཏུ་ཡག་པོར་རྒྱག་དགོས་ཤིང་། མུ་མཐུད་དུ་ནུས་ཤུགས་ཆེན་པོའི་སྒོ་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་།ཚུར་ལན་བསམ་འཆར་གྱི་གནད་དོན་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་བཅོས་སྐྱོང་གནད་ལ་འཁེལ་བར་ཁག་ཐེག་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས་ལ། ཆད་ལུས་མེད་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དངུལ་རྩའི་ལས་དོན་སྐོར་གྱི་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་དགོས་པ་དང་། དངུལ་རྩའི་ཉམས་ཉེན་འགོག་སེལ་ལས་ཀ་ལེགས་པོར་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་གནོད་མེད་གཏེར་འཚོལ་གྱི་མཉམ་རུབ་དམག་འཐབ་ཆེན་པོ་དང་གལ་ཆེའི་རྣམ་གྲངས་ཆགས་པའི་ལོ་གསུམ་གྱི་འགུལ་སྐྱོད་ཆེན་མོ། ཚོང་གཉེར་ཁོར་ཡུག་བཅོས་སྒྲིག་ཆེན་མོ་བྱེད་པ།ཁེ་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་ཆེན་པོ་བྱེད་པ།ཚོང་འགུགས་བྱེད་སྒོ་ཆེ་གྲས་སྤེལ་བ་སོགས མཉམ་རུབ་དམག་འཐབ་ཆེན་པོ་ལྔལེགས་པོར་རྒྱག་དགོས་ལ། སྒྱུར་བཅོས་ཆེན་པོ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་དང་གློད་སྡོམ་ཞབས་གསུམ་བཅོས་བསྒྱུར། ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་དང་སྲིད་འཛིན་ས་ཁུལ་དབྱེ་འབྱེད་བཅོས་བསྒྱུར། ནུའོ་མུའུ་ཧུང་སྒྲིག་སྲོལ་བཅོས་བསྒྱུར་བཅས་ཀྱི་དོན་དག་ཁག་ལེགས་པོར་བཟུང་ནས། བཅོས་བསྒྱུར་གལ་ཆེན་ལག་བསྟར་བྱེད་པ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབ་དགོས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གཙང་སེལ་འགུལ་སྐྱོད་དང་ཁེ་ལས་མཉམ་འབྲེལ་གྱི་གྲོང་ཚོ་དར་རྒྱས་གཏོང་བའི“ 1 + 1 ”འགུལ་སྐྱོད་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས།

བཞི་ནས་ཧུར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་དང་འགྲན་སློང་ལ་ཁ་གཏད་དགོས་ལ།མཚོ་ནུབ་ཀྱི་ལས་དོན་བྱེད་སྟངས་ཀྱི་ལེགས་ཆ་འདོན་སྤེལ་བྱ་དགོས་ཤིང་། ཧུར་ཐག་གིས་ཁུལ་གྱིགལ་ཆེན་ལྔའིལས་དོན་གྱི་གཅིག་གྱུར་མཐུན་སྦྱོར་ཞབས་ཞུ་ཨུ་ཡོན་ལྷན་ཁང་དང་།གཙོ་གནད་ལས་དོན་སྐུལ་འདེད་ཚན་ཆུང་།ལྟ་སྐུལ་ཞིབ་བཤེར་ཆེན་པོའི་མི་ལྔའི་ཚོ་ཆུང་། བཀོད་འདོམས་པུའུ་གསུམ་དང་།ཚོང་འགུགས་ཆེན་པོ་ཨུ་ལྷན་དང་ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་མཐུན་སྦྱོར་ལ་སྐུལ་འདེད་བྱས་ཏེ།ཚོགས་འཛུགས་ལས་སྒྲུབ་དང་གཅིག་གྱུར་དམག་འཐབ་བརྒྱུད་ནས།  མཉམ་གཅིག་ཏུ་དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་གནོན་ཤུགས་དང་འགྲན་སློང་ལ་ཁ་གཏད་དགོས། དུས་མཚུངས་སུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་མིག་སྔར་གྱི་ཉེན་མེད་ངང་ཆུ་འབྲུབ་འགོག་པ་དང་། བདེ་འཇགས་ཐོན་སྐྱེད།སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་གཙོ་བོ་ལེགས་པར་བཟུང་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་ བྱ་དགོས།

ལྔ་ནས་གཟབ་ནན་གྱི་ལས་ཀའི་རྣམ་འགྱུར་དང་ཤུགས་དྲག་པོའི་འགན་ཁུར་གྱི་བསམ་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་ནང་དོན་གཙོ་བོར་དཔེ་བསྡུར་ནས།ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་མོ་བསུ་བའི་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱ་དགོས་ལ།གནད་དོན་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་དང་།ལས་ཀ་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ནས།ལེགས་ཆ་དང་ཞན་ཆ་གསལ་འབྱེད་བྱེད་པ་དང་།རང་བཤེར་རང་བཅོས་དང་དག་ཐེར་ཡོ་བསྲང་གི་དོན་འཁྱོལ་ལས་ཀ་ནན་ཏན་གྱིས་ལེགས་པོར་བསྒྲུབ་དགོས།འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས།འགན་འཁུར་པ་གཙོ་བོས་སྤྱི་ཡོངས་ནས་འགན་འཁུར་རྒྱུ་དང་།ཁག་བགོས་འགན་འཁུར་བས་རང་འགན་རང་འཁུར་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་དགོས་ཤིང་།ལས་ཀའི་གནད་དོན་གྱི་རྩིས་ཁྲ་འཛུགས་པ་དང་།འགན་འཁུར་མཁན་གཏན་འཁེལ་བྱ་དགོས་པ་མ་ཟད།བཅོས་སྒྲིག་གི་མྱུར་ཚད་དང་ཕན་འབྲས་ལ་དམ་པོར་དམིགས་ནས།ལྟ་སྐུལ་ཞིབ་བཤེར་ཆེན་མོ་ འགོ་མ་ཚུགས་གོང་ལ་གནད་དོན་གནད་འཁེལ་དུ་དག་ཐེར་ལེགས་བཅོས་བྱེད་པར་འགན་ལེན་བྱ་དགོས།ལྟ་ཞིབ་བསུ་བའི་ལས་དོན་དང་བསྟུན་ནས་མཚོ་ནུབ་ཀྱི་ལས་ཀའི་གསལ་ཆ་དང་།ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་བཟང་པོ་གང་ལེགས་སྒོ་ནས་མངོན་པ་དང་། ཧུར་ཐག་ཅིང་གྱ་ནོམ་པའི་ལས་ཀའི་རྣམ་འགྱུར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་ཞིབ་བཤེར་བསུ་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཁྱད་ཆོས་གཙོ་བོ་དང་།  མངོན་གསལ་དོད་པའི་གནད་དོན་སོགས་ཀྱིས་ཕྱོགས་ནས་གནད་དོན་འདི་དག་ཅི་ལྟར་ངོས་འཛིན་དགོས་ཚུལ།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་བསུ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ། ལོ་སྨད་ཀྱི་ལས་དོན་ལེགས་པོར་བསྒྲུབ་པ་སོགས་ཀྱི་ཐད་ལ་རེ་བ་བཏོན་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ལུང་ཞང་དང་ཁུལ་གྱི་འགོ་ཁྲིད་ཧྲི་ཚོན་ཝུའུ།རྡོ་རྗེ། ལཱང་ཡན་གོ དབྱིན་ཧའེ་མིང་།ཏིང་ཀྲུང་པའོ། དབྱི་ཅིང་། དབྱང་ཡོའུ་ཀྲི། ལོན་ཧྥེང་ཅང་། ཀྲང་ཅི་ཡོན་སོགས་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་པ་རེད།

གོང་མ།:ཀྲང་ཀོན་རོང་གིས་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྟོག་ཞིབ་ཚན་ཆུང་གི་སྣེ་འཁྲིད་དེ་ཝུན་ཀུའོ་ཏུང་གི་འགྲོ་རོགས་འོག་རང་ཁུལ་དུ་རྟོག་ཞིབ་བྱས།

ཞོལ་མ།:ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དགུའི་སྟེང་མཚོ་ནུབ་ཁུལ་གྱིས་ལས་གཞིའི་ཐད་སྒོར་ཐེར་ཆེན་བཞི་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་གཉིས་ས་ཡ་བཞི་ཡི་གྲོས་དངུལ་བཀོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235