མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཞི་ཅིན་ཕིང་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཐད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།:མི་དམངས་དྲ་བ།  སྤེལ་དུས།:2018-09-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པའི་ཐོག་གྲོང་གསེབ་དར་རྒྱས་འཐབ་ཇུས་དེ་དུས་རབས་གསར་པའི་ཞིང་གསུམ་ལས་དོན་གྱི་དམ་འཛིན་བྱེད་སར་བརྩིས་ཏེ།ཞིང་ལས་ཁྱོན་ཡོངས་ནས་རིམ་འཕར་ཡོང་རྒྱུར་སྐུལ་འདེད་དང་གྲོང་གསེབ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ།  ཞིང་པ་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བ་བཅས་བྱེད་དགོས་པའི་ནན་སྟོན་གནང་བ།

སྤྱི་ཟླ་དགུ་པའི་ཚེས་༢༡ཉིན་གྱི་ཕྱི་དྲོ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པ་གནང་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གྲོང་གསེབ་དར་རྒྱས་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གནས་བབ་ཧྲིལ་པོའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་དང་འབྲེལ་བ་ཡོད་པ་དང་།  དུས་རབས་གསར་པའི་ཞིང་གསུམ་ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་ས་ཡིན།  ང་ཚོས་འཐབ་ཇུས་གལ་ཆེན་དེར་གོ་བ་གཏིང་ཟབ་ལོན་པ་དང་།  སྔ་བར་ཕྱི་གསུམ་དུ་ཞིང་གསུམ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ལ་བརྩི་བ་དང་།  རིག་ལམ་གསལ་བ།ངོས་འཛིན་གཏིང་ཟབ་ཐུབ་པ།  ལས་དོན་ཡག་པོ་དང་ཏན་ཏིག་ངང་སྒྲུབ་པ།  ཞིང་ལས་ཁྱོན་ཡོངས་ནས་རིམ་འཕར་དང་།  གྲོང་གསེབ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ།  ཞིང་པ་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་གནང་ཡོད།

    ད་ལོའི་སྤྱི་ཟླ་དགུ་པའི་ཚེས་༢༣ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་མ་དེ་ཡིན་པ་དང་།སློབ་སྦྱོང་འགོ་མ་ཚུགས་གོང་ཞི་ཅིན་ཕིང་གིས་ཐོག་མར་སྤྱི་ཟླ་དགུ་པའི་ཚེས་༢༣ཉིན་ནི་སྟོན་མཉམ་ཉིན་མོ་ཡིན་ཞིང་།  རང་རྒྱལ་གྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་མ་དེ་ཡང་ཡིན་པས་ང་རང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ཞིང་པ་ཁྲི་སྟོང་མང་པོར་དུས་ཆེན་གྱི་འཚམས་འདྲི་དང་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།

    ཞི་ཅིན་ཕིང་གིས།  ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གཏན་འཁེལ་བྱས་པ་ནི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་གཏན་འབེབས་གནང་བ་ཞིག་ཡིན་ཞིང་།  དེས་ཞིང་གསུམ་ལས་དོན་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པའི་རྨང་གཞིའི་གནས་བབ་སྔར་ལས་ལྷག་པ་མངོན་པ་དང་།  ཤུགས་རྐྱེན་གཏིང་ཟབ་ལྡན་པའི་དོན་ཆེན་ཞིག་ཡིན།  སྟོན་མཉམ་གྱི་དུས་འདིར།  རྒྱལ་ཡོངས་ས་ཕྱོགས་གང་སར་ཞིང་ལ་ལོ་ལེགས་བྱུང་བ་དང་།ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་བཞིན་མཆིས།རྒྱ་ཆེའི་ཞིང་པ་ཚོས་ལོ་ལེགས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུ་བ་དང་སྤྲོ་བ་མཉམ་སྤྱོད་བྱེད་བཞིན་ཡོད་པས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གཉེར་བ་ནི་དུས་ལ་བབས་པ་ཞིག་རེད།  རང་རྒྱལ་ནི་ཞིང་ལས་རྒྱལ་ཁབ་ཆེན་མོ་ཡིན་པས་ཞིང་ལས་ལ་མཐོང་ཆེན་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་མང་ཚོགས་བློ་སེམས་བདེ་བ་དང་རྒྱལ་སྐྱོང་གི་འགག་གནད་ཅིག་ཡིན།  རྒྱ་ཆེའི་ཞིང་པས་རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན།  བསྒྱུར་བཅོས་སོགས་ལོ་རྒྱུས་ཀྱི་དུས་མཚམས་སོ་སོར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  ད་ལོ་ནི་གྲོང་གསེབ་བསྒྱུར་བཅོས་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན་པ་དང་།  ལོ་ངོ་བཞི་བཅུའི་རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།  རྒྱ་ཆེའི་ཞིང་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་།སྤྱི་ཚོགས་ཡོངས་ནས་ཞིང་ལས་ལ་དོ་ཁུར་དང་གྲོང་གསེབ་ལ་ཐུགས་ཁུར།  ཞིང་པར་གཅེས་སྐྱོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ་དང་།  ཞིང་པ་ཁྲི་སྟོང་མང་པོས་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་བྱེད་པའི་ཧུར་སེམས་དང་།  རང་འགུལ་རང་བཞིན།  གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་པ།  གྲོང་གསེབ་དར་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་།  དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འགྱུར་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ།  གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་དང་།  ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལམ་བུ་གསར་པའི་ཐོག་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་བསྒྱུར་བཅོས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལེའུ་གཏོད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

    སློབ་སྦྱོང་འགོ་མ་ཚུགས་གོང་།  གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཆེད་དོན་བརྙན་པར་སྟོན་པ་དང་།  དེ་རྗེས་བློ་མཐུན་ཧན་ཁྲང་ཧྥུ་དང་ལིའུ་ཡུང་ཧྥུས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་།  ཁོང་ཚོས་རང་སྡེ་ཁག་གི་ལས་ཀའི་དོན་དངོས་དང་ཟུང་སྦྲེལ་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་པའི་མྱོང་ཚོར་དང་བསམ་འཆར་གླེང་གནང་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམ་པས་ཁོང་ཚོའི་གཏམ་བཤད་ནན་ཏན་ངང་གསན་གནང་བ་མ་ཟད་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་བ་དང་།  ཁོང་གིས།ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མེད་ཚེ།རྒྱལ་ཡོངས་ཧྲིལ་པོའི་དེང་རབས་ཅན་ཡོང་མི་སྲིད།  དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བཟོ་ཞིང་འབྲེལ་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་གང་འདྲ་བྱེད་མིན་གྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད།  རང་རྒྱལ་འདི་ཉིད་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཅིག་ཡིན་པ་དང་།   བཟོ་ཞིང་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་ནུས་པ་དང་ཆ་རྐྱེན་ལྡན་ཡོད་པས་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བདེ་བླག་གཏོང་ཐུབ།  བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན།  རང་རྒྱལ་གྱི་རྒྱ་ཆེའི་ཞིང་པས་བཟོ་ལས་ཅན་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་།   ཞིང་ལས་གོང་འཕེལ་དང་གྲོང་གསེབ་འཛུགས་སྐྲུན་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ།  རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།རང་རྒྱལ་ལ་མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པ་དང་།  བཟོ་ལས་ཅན་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་གང་དུ་སླེབས་ནའང་གྲོང་ཁྱེར་དང་གྲོང་གསེབ་ཡུན་རིང་མཉམ་དུ་གནས་རྒྱུ་རེད།  ལོ་ངོ་བཞི་བཅུའི་གོང་།  ང་ཚོས་གྲོང་གསེབ་བསྒྱུར་བཅོས་བྱས་པ་བརྒྱུད་བསྒྱུར་བཅོས་སྒོ་དབྱེ་འགོ་བཙུགས་ཡོད།  ལོ་ངོ་བཞི་བཅུའི་རྗེས་ཀྱི་ད་ཆ།  ང་ཚོས་གྲོང་གསེབ་དར་རྒྱས་བཏང་བ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་འཕེལ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཏོན་གནང་བ་དང་།

    ཞི་ཅིན་ཕིང་གིས།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་དམིགས་འབེན་ཡིན་པ་དང་།  ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ནི་སྤྱིའི་མཛད་ཕྱོགས་ཡིན་པ།  ཐོན་ལས་དར་རྒྱས་དང་།  སྐྱེ་ཁམས་གནས་སྡོད་ལ་འཚམ་པ།  ཡུལ་སྲོལ་དཔལ་ཡོན་ལྡན་པ།  བཅོས་སྐྱོང་ནུས་ལྡན།  འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ནི་སྤྱིའི་བླང་བྱ་ཡིན་པ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་འཕེལ་གཏོང་བའི་སྒྲིག་གཞི་ནང་རྐྱེན་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ལམ་ལུགས་ཀྱི་འགན་སྲུང་ཡིན།  ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་གཞི་གཅིག་ཇུས་བཀོད་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཞིང་ལས་རྒྱལ་ཁབ་ཆེན་མོ་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་མཆོངས་བརྒལ་བྱེད་དགོས།  མ་དངུལ་གཏོང་བ་དང་།  རྒྱུ་རྐྱེན་ཆ་སྦྱོར།  སྤྱི་པའི་ཞབས་ཞུ། ལས་བྱེད་པ་བཀོད་སྒྲིག་སོགས་ཀྱི་ཐད་བྱ་ཐབས་ནུས་ལྡན་བཟུང་སྟེ་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་ཞན་ཆ་གསབ་རྒྱུ་མགྱོགས་སུ་གཏོང་དགོས་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་བཏང་ནས་ཞིང་ལས་དེ་རེ་བ་ཡོད་པའི་ཐོན་ལས་ལ་འགྱུར་བ་དང་།  ཞིང་པ་རྣམས་ཡིད་དབང་འགུག་ཤུགས་ཆེ་བའི་ལས་རིགས་ལ་འགྱུར་བ།  གྲོང་གསེབ་དེ་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་ལ་འགྱུར་བ་བྱེད་དགོས།  ཞིང་ལས་དང་གྲོང་གསེབ་དཔལ་འབྱོར་གྱིས་ཁྲོམ་རའི་དགོས་མཁོའི་འགྱུར་བ་དང་འཚམ་པ་དང་།  ལེགས་བསྒྱུར་རིམ་འཕར་མགྱོགས་སུ་གཏོང་བ།  ཐོན་ལས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་།  གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་།  གྲོང་གསེབ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ།གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན།  གྲོང་གསེབ་ཀྱི་སྤྱི་ཚོགས་དཔལ་ཡོན་ཚད་གཞི་མཐོ་རུ་འགྲོ་བ།  གྲོང་གསེབ་ཀྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་གསོན་ཤུགས་ཀྱིས་ཁེངས་པ་དང་ཞི་མཐུན་ཡིན་ལ་གོ་རིམ་ལྡན་པར་འགྱུར་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པ་སྐོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་གྱི་འཐབ་ཇུས་ལག་བསྟར་བྱེད་པར།དང་ཐོག་དངོས་པོའི་ཆོས་ཉིད་གཞིར་བཟུང་ལས་དོན་སྒྲུབ་དགོས། མི་འབོར་དུང་ཕྱུར་༡༣ལྷག་ཙམ་ཡོད་པའི་རང་རེའི་རྒྱལ་ཁབ་ཆེན་པོ་འདིར།གྲོང་གསེབ་དར་རྒྱས་ལག་བསྟར་བྱེད་པ་ནི་སྔར་བྱུང་མ་མྱོང་བ་ཞིག་དང་། ཕྱིས་འབྱོར་འབྱུང་མི་སྲིད་པའི་རླབས་ཆེའི་གསར་གཏོད་ཞིག་ཡིན་པས།ད་ཡོད་ཀྱི་མ་དཔེ་འདྲ་བཤུས་བྱེད་སའི་ཉམས་མྱོང་གང་ཡང་མེད། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་གཉིས་པོའི་ཞིང་ལས་ཚོང་གཉེར་གཙོ་གཟུགས་ཀྱི་གོང་འཕེལ་དམ་དུ་བཟུང་ནས།བང་རིམ་གཉིས་ཀྱི་རྣམ་པའི་ཐོག་ནས་ནང་རྐྱེན་གསར་པ་སྐྲུན་ཐོག ཞིང་ལས་ཚོང་གཉེར་གྱི་ལས་ཆོད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།རང་རྒྱལ་གྱི་ཞིང་ལས་ཤེས་དཔལ་ནི་ལོ་རྒྱུས་ཡུན་རིང་བ་དང་། གཏིང་ཚད་ཧ་ཅང་ཟབ་པ་ཞིག་ཡིན་པ་དང་།དེ་ནི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་ཡིན་པས། རང་སྐྱོང་དང་ཁྲིམས་སྐྱོང་བྱེད་པ་དང་ཆབས་གཅིག  སྤྱོད་བཟང་གིས་སྤྱི་ཚོགས་སྐྱོང་བའི་ནུས་པར་ཡང་དོ་སྣང་བྱས་ཏེ།གུས་ལུགས་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས། ཁྲིམས་སྐྱོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱ་རྒྱུར་ཕན་ཚུན་གཞོགས་འདེགས་ཐུབ་པ་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་རྣམ་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་།བསྒྱུར་བཅོས་ཀྱི་ཐད་ནུས་ཤུགས་འདོན་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་དང་ནང་རྐྱེན།དེ་བཞིན་སྲིད་ཇུས་ཀྱི་མ་ལག་ཁག་འཐུས་ཚང་ཅན་དུ་འཛུགས་སྐྱོང་བྱ་དགོས་པ། སྣེ་མང་རང་བཞིན་གྱི་མ་འཇོག་འགན་སྲུང་སྒྲིག་གཞི་འཐུས་ཚང་འཛུགས་དགོས་པ།ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཐད་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་དགོས་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཁག་མཉམ་སྦྲེལ་མཉམ་མཐུད་ལེགས་པོ་ཡོང་ཐུབ་པ་བྱ་དགོས་པ།ཤེས་ལྡན་མི་སྣ་དང་། ས་ཞིང་། མ་རྩ་སོགས་གྲུབ་ཆ་དེ་དག་གྲོང་ཁྱེར་དང་གྲོང་གསེབ་བར་ཕྱོགས་གཉིས་འཁོར་སྐྱོད་ཡོང་ཐུབ་པ་བཅས་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་འཛུགས་དགོས་པ་དང་།སྤྱི་པའི་ཞབས་ཞུ་དེ་ཉིད་གྲོང་གསེབ་ཀྱི་ཕྱོགས་སུ་སྣུར་སྲིང་དང་། སྤྱི་ཚོགས་བྱ་གཞག་གི་ཕྱོགས་སུ་རྒྱ་ཁྱེབས་ཡོང་ཐུབ་པ་བྱ་དགོས།དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལེགས་པོ་རྒྱག་རྒྱུ་ནི་གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་སྔོན་འགྲོའི་ལས་འགན་ཡིན།དབུལ་ཕོངས་གྲོང་ཚོ་དང་། དེ་གར་གནས་པའི་རྫོང་དང་ཤང་ཁག་གི་མིག་སྔའི་ལས་དོན་གྱི་གཙོ་གནད་ནི་དབུལ་སྒྲོལ་འགག་གཏོར་བྱ་རྒྱུ་དེ་ཡིན་པས།དམིགས་འབེན་མི་འགྱུར་བ་དང་། གནད་དོན་གྱི་ལྟེ་བ་ཁ་ཐོར་དུ་མི་འགྲོ་བ། ལས་དོན་གྱི་འཁོར་ལམ་མི་བརྗེ་བ་སོགས་རྒྱུན་འཁྱོངས་ཐུབ་པ་བྱ་དགོས་རྒྱུའི་ནན་སྟོན་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར།རིམ་ཁག་ཏང་ཨུད་དང་། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་དང་།ཏང་གི་གོང་འོག་དང་། སྤྱི་ཚོགས་ཕྱོགས་ཁག་གི་ཤུགས་ཆེའི་སྟོབས་ཤུགས་ཁྱོན་ཡོངས་ནས་གཅིག་བསྡུས་བྱ་དགོས།གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ལེགས་པོ་བྱ་དགོས་པ་དང་།གྲོང་གསེབ་ཀྱི་ས་ཞིང་ཁག་མཉམ་སྡེབ་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ་དང་།རྣམ་པ་གསར་པའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་བཏང་ནས། ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་དགོས།གྲོང་གསེབ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལེགས་པོ་བྱས་ནས།འགོ་ཁྲིད་ཚན་ཁག་སྟོབས་ཆེར་གཏོང་དགོས།

    ཤེས་ལྡན་མི་སྣའི་དར་རྒྱས་ནི་གྲོང་གསེབ་དར་རྒྱས་གྱི་རྨང་གཞི་ཡིན་པ་དང་།གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྒྲིག་གཞི་དང་ནང་རྐྱེན་གསར་གཏོད་བྱ་དགོས་པ་དང་།གྲོང་གསེབ་ཀྱི་ད་ཡོད་ཤེས་ལྡན་མི་སྣའི་གསོན་ཤུགས་ལ་སྐུལ་སྤེལ་གང་ལེགས་བཏང་སྟེ། གྲོང་ཁྱེར་ནང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གྲོང་གསེབ་ཏུ་བྱ་གཞག་གསར་གཏོད་བྱེད་པར་འདྲེན་འགུག་བྱ་དགོས་པ་བསྟན་གནང་ཡོད།

    ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་གཤམ་གསལ་གྱི་འབྲེལ་བ་ཁག་གི་ཐག་གཅོད་ལེགས་པོ་བྱ་དགོས།དེ་ཡང་གཅིག་ནས། ཕུགས་རྒྱང་རིང་བའི་དམིགས་འབེན་དང་དུས་ཐུང་དམིགས་འབེན་དབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས།གྲོང་གསེབ་འཛུགས་སྐྲུན་གྱི་ཆོས་ཉིད་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་།སྤུས་ཚད་ལ་སྣང་ཆེན། འཚབ་འཚུབ་མེད་པར་འཛུགས་སྐྲུན་བཅས་བྱ་དགོས་པ་དང་། ལས་དོན་གཅིག་གི་རྗེས་སུ་གཅིག་སྒྲུབ་པ་དང་།ལོ་གཅིག་གི་རྗེས་སུ་གཅིག་བྱས་ཏེ་སྒྲུབ་པ་ལས། གཞི་ཁྱོན་ཆེན་པོ་དང་མགྱོགས་ཚད་ཁོ་ནར་ཆགས་ཞེན་དང་།རི་བོང་ཅལ་འདྲོགས། འཁྱོག་ལམ་ཐོག་འགྲོ་བ་སོགས་ཕྱོགས་ཡོངས་ནས་གཏན་འགོག་བྱ་དགོས། གཉིས་ནས།མཐོ་རིམ་འཆར་འགོད་དང་རྨང་གཞིའི་འཚོལ་ཞིབ་དབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས།ཏང་ཀྲུང་དབྱང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་མཐོ་རིམ་ཇུས་འགོད་ཁ་གསལ་བཟོས་ཟིན་པ་དང་།ས་གནས་ཁག་གིས་རང་སོ་སོའི་དོན་དངོས་གནས་ཚུལ་དང་འཚམ་པའི་ཇུས་གཞི་འདིང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་ཧེ་བག་ཁོངས་སུ་ལེགས་པོ་ཆུད་པ་བྱ་དགོས་པ།གྲོང་ཚོ་སོ་སོའི་གནས་བབ་དང་བསྟུན་དགོས་པ། ཞིང་པ་མི་འབོར་དུང་ཕྱུར་མང་པོའི་གཙོ་གཟུགས་ནུས་པ་དང་ཐོག་མའི་གསར་སྐྲུན་སྙིང་སྟོབས་གང་ལེགས་འདོན་སྤེལ་བྱ་དགོས་པ།གཞི་རིམ་གྱི་ལག་ལེན་གསར་སྐྲུན་ཁག་ལ་ཕྱོགས་བསྡོམས་ལེགས་པོ་བཅས་བྱ་དགོས། གསུམ་ནས། ཁྲོམ་རའི་གཏན་འཁེལ་ནུས་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས།སྔར་བས་གོམ་གང་མདུན་སྤོས་ཀྱིས་བསམ་བློར་བཅིངས་འགྲོལ་དང་། རེས་སྐོར་གསར་པའི་གྲོང་གསེབ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ།སྲིད་གཞུང་གིས་འཆར་འགོད་སྣེ་ཁྲིད་དང་། སྲིད་ཇུས་རྒྱབ་སྐྱོར། ཁྲོམ་རའི་ལྟ་སྐུལ། ཁྲིམས་སྐྱོང་འགན་སྲུང་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།བཞི་ནས། མང་ཚོགས་ཀྱི་འཐོབ་འཚོར་དང་གོང་འཕེལ་གྱི་དུས་མཚམས་དང་མཐུན་པ་བྱ་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས།ཞིང་པ་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ། ཁོང་ཚོའི་གནས་ཚུལ་དངོས་དང་མཐུན་པ་བཅས་ཀྱི་ཁེ་ཕན་གནད་དོན་ལ་གཞིགས་ནས།གྲོང་གསེབ་གོང་འཕེལ་དང་དམངས་འཚོའི་ཞན་ཆ་ཁ་གསབ་བྱ་ཤུགས་མགྱོགས་སུ་བཏང་ནས། ཞིང་པ་མི་གྲངས་དུང་ཕྱུར་མང་པོར་དངོས་དངོས་རྗེན་རྗེན་གྱི་འཐོབ་ཚོར་དང་།བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་ཡོང་ཐུབ་པ་བྱེད་པ་དང་ཆབས་གཅིག རྒྱུན་མཐུད་གོང་འཕེལ་གྱི་ཡུན་རིང་སྒྲིག་གཞི་ཆགས་པ་བྱ་དགོས་པ།གང་ཐུབ་ཅི་ཐུབ་དང་རང་ནུས་ཀྱི་ཐུབ་ཚོད་ཀྱིས་ལས་དོན་སྒྲུབ་དགོས་པ་ལས། དོན་དངོས་ཀྱི་དམིགས་འབེན་དང་ཁ་བྲལ་མི་རུང་ལ།ཕྱི་ཚུལ་རིང་ལུགས་དང་ཕྱི་ཚུལ་ལས་གྲྭ་དེ་བས་འཛུགས་མི་ཉན་པའི་ནན་སྟོན་གནང་ཡོད།

གོང་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞོལ་མ།:ནང་སོག་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོགས་པས་རང་ཁུལ་དུ་མི་རིགས་མཐུན་སྒྲིག་་ཡར་ཐོན་དང་སོག་རིགས་སྐད་ཡིག་མཉམ་སྒྲུབ་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235