མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དགུ་པ་གཏེར་ལམ་རྫོང་དུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2018-10-15  རྩོམ་པ་པོ།:པད་མ་རིག་འཛིན།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༦༩ལོན་པའི་དུས་འདིར།མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་སློབ་གསོ་ཅུའུ།ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས།ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་པའི་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བ་ཞེས་པའི་བརྗོད་དོན་བྱ་འགུལ་ཏེ༼མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དགུ་བ༽དེ་ཟླ་བཅུ་བའི་ཚེས༡༣ཉིན་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་དུ་བདེ་བླག་ངང་བསྡུས།

  བྱ་འགུལ་གྱིས་༼གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས། ཏང་གི་རྗེས་སུ་འབྲངས༽ཞེས་པ་བརྗོད་བྱར་བཟུང་སྟེ། མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་བྱེད་པའི་ཕན་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་ཆེད་དང་། ནན་ཏན་གྱིས་༼འདུ་ཤེས་བཞི༽དཀྱིལ་སྙིང་དུ་བཟུང་སྟེ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་༼སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས༽ཀྱི་ཐབས་ཇུས་དོན་འཁྱོལ་བྱེད་ཆེད།མཚོ་ནུབ་ཁུལ་གྱིས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སུམ་བཅུ་ལྷག་རྩ་འཛུགས་བྱས་ཏེ་ཐེངས་འདིའི་འགྲན་ཚོགས་འདི་སྤེལ་བ་ཡིན། འགྲན་ཚོགས་ཁྲོད་སློབ་མ་རྣམས་ཀྱིས་དུང་བའི་རླབས་ཀྱི་ཟེགས་མ་དང་དབྱངས་ཅན་ངག་གི་འགྱུར་ཁུག་གིས་མེས་རྒྱལ་ལ་དགའ་བའི་སྦྱོར་བ་ཡིས་མཚོ་ནུབ་ཁུལ་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་དང་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་མཚོན་ཡོད།

  བྱ་འགུལ་འདིའི་དམིགས་ཡུལ་ནི་རྒྱ་ཆེ་བའི་ན་ཆུང་གཞོན་ནུ་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སྐྱེད་སྲིང་དང་། ན་ཆུང་སློབ་གྲོགས་རྣམས་ཀྱིས་ཆུང་དུས་ནས་མི་རིགས་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱས་ནས་མི་རིགས་སྐད་ཡིག་གི་བཀོལ་སྤྱོད་དང་རྩོམ་རིག་འབྲི་སྦྱོང་ཐད་ཀྱི་ནུས་པ་མཐོར་འདེགས་བྱ་རྒྱུ།སློབ་རའི་རིག་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་འདི་བསྡུས་པ་ཡིན་ལ།འགྲན་ཚོགས་འདི་ལྟ་བུ་བརྒྱུད་ནས་མཚོ་ནུབ་ཁུལ་གྱིས་ན་ཆུང་སློབ་བུ་མང་པོའི་བློ་གྲོས་ཀྱི་གཤིན་སར་མི་རིགས་སྐད་ཡིག་དང་རྩོམ་རིག་གསར་རྩོམ་གྱི་ས་བོན་གྲངས་མེད་གཏོར་ཏེ་མ་འོངས་པའི་མཚོ་ནུབ་ས་ཁུལ་གྱི་མི་རིགས་སྐད་ཡིག་འཕེལ་རྒྱས་དང་སློབ་གསོ་ཡར་སྐུལ།རྩོམ་རིག་གསར་རྩོམ་སོགས་ཀྱི་ཐད་འཇོན་མི་མང་པོ་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

གོང་མ།:མཚོ་ནུབ་ཁུལ་གྱིས་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས།

ཞོལ་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་རེ་དགུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235