མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཧན་ཀྲིན་གྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས།:  སྤེལ་དུས།:2019-04-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཟླ་བཞི་བའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་ནན་ཧའེ་ནས་ཨ་མེ་རི་ཁའི་ཨེ་ཁི་སུན་མེ་ཧྥུའུ་ཀུང་ཟི་ཡི་ཏུང་ཧྲི་ཀྲང་དང་ལག་བསྟར་དཔོན་པོ་ཝུའུ་ཏི་ལུང་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ་བཞི་བའི་ཚེས་བཞི་ཉིན་ཀྲུང་ནན་ཧའེ་ནས་ཨ་མེ་རི་ཁའི་ཨེ་ཁི་སུན་མེ་ཧྥུའུ་ཀུང་ཟི་ཡི་ཏུང་ཧྲི་ཀྲང་དང་ལག་བསྟར་དཔོན་པོ་ཝུའུ་ཏི་ལུང་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་དངོས་ཟོག་དང་ངལ་རྩོལ་པ། མ་དངུལ་རྒྱལ་ནང་གི་ཚོང་རར་ཞུགས་པར་ཆོག་མཆན་འགོད་པའི་སྔོན་གྱི་རྒྱལ་དམངས་ཀྱི་ཐོབ་ཐང་དང་ལྡོག་ཕྱོགས་ཀྱི་གསལ་ཁྲའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱི་ཚོང་དངུལ་གཏོང་ནང་འདྲེན་བྱེད་ཀྱིན་ཡོད་པས། ཨེ་ཁི་སུན་མེ་ཧྥུའུ་ཀུང་ཟིས་ཀྲུང་གོ་ནས་དངུལ་གཏོང་མཉམ་ལས་རྒྱ་སྐྱེད་པ་དང་། རྡོ་སྣུམ་རྫས་འགྱུར་ལས་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པར་དགའ་བསུ་ཞུ་བ་ཡིན་ལ། ཁྱེད་ཚོས་མུ་མཐུད་དུ་རང་སྟེང་གི་སྔོན་ཐོན་ལག་རྩལ་བེད་སྤྱད་དེ། ཚོང་རའི་སྒྲིག་ལམ་དང་ཚོང་ལས་ཀྱི་རྩ་དོན་ལྟར་ཀྲུང་གོ་ཕྱོགས་དང་མཉམ་ལས་སྤེལ་བ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཞུགས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཝུའུ་ཏི་ལུང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་དང་བཅོས་བསྒྱུར་སྒོ་འབྱེད་བྱེད་ཐབས་ཀྱིས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱི་ཀྲུང་གོ་ནས་དངུལ་གཏོང་བྱེད་པའི་གོ་སྐབས་བཟང་བོ་བསྐྲུན་པ་དང་། ང་ཚོར་སྐུལ་སློང་ཆེན་པོ་ཐེབས་ལ། ཡིད་ཆེས་ཇེ་བརྟན་དུ་བཏང་། ཨ་ཁི་སུན་མེ་ཧྥུའུ་ཀུང་ཟིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོའི་ལས་གཞི་འཛུགས་སྐྲུན་མྱུར་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གོང་མ།:དབུས་ལམ་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་གྱིས་བྱེ་རླུང་འགོག་སྲུང་བྱེད་པའི་ལྗང་མདོག་གི་ལྕགས་རི་གསར་སྐྲུན་བྱས་པ།

ཞོལ་མ།:ལིས་ཁི་ཆང་གིས་རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235