མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

དབུས་ལམ་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་གྱིས་བྱེ་རླུང་འགོག་སྲུང་བྱེད་པའི་ལྗང་མདོག་གི་ལྕགས་རི་གསར་སྐྲུན་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2019-04-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན།སྐྱེ་དངོས་ཁྲི་ཕྲག་གི་མྱུ་གུ་དཔྱིད་ཀར་འབུས་པ་དང་རྒྱ་ལྕང་གི་མྱུ་གུ་ནི་མིས་འདེབས་འཛུགས་བྱེད་དགོས་ཞེས་པའི་དཔེ་ནང་བཞིན།ཟླ4པའི་ཚེས6ཉིན།མཚོ་ནུབ་ཁུལ་དབུས་ལམ་རྫོང་གིས་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་ལྷག་ལ་ཉེ་བ་རྩ་འཛུགས་བྱས་ཏེ།ཞི་ལེ་ཀུའུ་གྲོང་རྡལ་གྱི་ཨ་ཧུ་ཐང་དུ་འོངས་ནས་སྡོང་ཕྲུག་འདེབས་འཛུགས་ཀྱི་འོས་འགན་ལ་ཟབ་ཞུགས་བྱས་པ་རེད།དེ་ལས་གཞན་མཚོ་ནུབ་ཁུལ་དབུས་ལམ་རྫོང་གིས2019ལོའི་རྒྱལ་གཉེར་ས་ཁོངས་ལྗང་སྒྱུར་གྱི་བྱ་བ་ཡང་དངོས་སུ་འགོ་ཚུགས་པ་རེད།

སྡོང་ཕྲུག་འདེབས་འཛུགས་ཀྱི་ཡུལ་དངོས་སུ་ཚོན་མདོག་གི་དར་ཆས་ཁེངས་པ།ལས་བྱེད་པ་དང་མང་ཚོགས་ཀྱིས་ལྕགས་ཁེམ་དང་འཇོར་བཟུང་ནས་ས་བརྐོ་བ་དང་སྡོང་ཕྲུག་གི་མྱུ་གུ་ས་དོང་དུ་འཛུགས་པ།ས་ཕྱིར་འདེད་པ་སོགས་ལས་རིམ་མི་འདྲ་བ་རེ་རེ་ཧ་ཅང་ཞིབ་ཚགས་དང་ནན་ཏན་སྒོས་སྒྲུབ་ནས།གནམ་ས་གཡོ་བ་ལྟ་བུའི་ཚ་རླབས་ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད།ཏང་ཡོན་སྔོན་སྐྱོད་རུ་ཁག་གི་སྣེ་ཁྲིད་འོག་སྡོང་ཕྲུག་གི་མྱུ་གུ་མི་འདྲ་བ་རེ་རེ་ཀྲོང་ངེར་འགྱིང་ཤིང་།དཔྱིད་དཔལ་གྱི་ཉི་འོད་དྲོན་མོའི་འོག་གསོན་སྟོབས་ཀྱི་མྱུ་གུ་རྒྱས་ཏེ།དབུས་ལམ་ས་ཁུལ་གྱི་ས་ཆེན་ལ་གསོན་ཤུགས་སྔ་ན་མེད་པ་ཞིག་བསྣན་ཡོད།

2019ལོར་དབུས་ལམ་རྫོང་གིསཚ་འདམ་གཞོང་དུ་སྤྱི་ལེ་ཆིག་སྟོང་ལྷག་ལ་བྱེ་འགོག་ལྗང་མདོག་ལྕགས་རི་བསྐྲུནཞེས་པ་གཞིར་བཟུང་སྟེ།དབུས་ལམ་རྫོང་དུ་ས་མུའུ་ཁྲི་གཅིག་ལྷག་ལ་སྡོང་འཛུགས་འཛུགས་སྐྲུན་བྱས་ཤིང་།འཆར་གཞི་ལྟར་ན། རྒྱལ་གཉེར་ས་ཁོངས་ལྗང་སྒྱུར་མུའུ་ཁྲི13.5ཡོངས་འགྲུབ་བྱ་རྒྱུ་ཡིན་པ་རེད།དེའི་ཁྲོད་མིས་རྩོལ་བས་འདེབས་འཛུགས་བྱས་པའི་སྡོང་ཕྲུག་མུའུ་ཁྲི2.5ཡོད་པ་དང་གསོ་སྐྱོང་བྱས་པའི་ནགས་ཚལ་ལ་མུའུ་ཁྲི2 བཀག་སྡོམ་བྱས་པའི་སྡོང་ཕྲུག་གི་རྒྱ་ཁྱོན་ལ་མུའུ་ཁྲི9བཅས་ཡོད།ཤང་དང་སྡེ་བའི་དར་རྒྱས་ཀྱི་འཐབ་ཇུས་དང་མི་འཚོ་སྡོད་བྱེད་པའི་ཁོར་ཡུག་གི་དག་སྒྲིག་གཞིར་བཟུང་སྟེ།མཛེས་སྡུག་གི་མཁར་གྲོང་ལྗང་སྒྱུར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་སྡེ་གྲོང་གི་ལྗང་སྒྱུར་ལ་སྐུལ་འདེད་བྱེད་པ།སློབ་རྭའི་ལྗང་སྒྱུར་དང་ར་སྐོར་གྱི་ལྗང་སྒྱུར་ལ་སྐུལ་འདེད་བྱེད་པ་བཅས་ཀྱིས་ལོ་གཅིག་གི་ནང་སྡོང་ཕྲུག་ཁྲི100ལྷག་འདེབས་འཛུགས་བྱས་ནས་མངའ་ཁོངས་དེའི་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་པ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན།དེར་མཐུད་ནས་དབུས་ལམ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ།མི་དམངས་མང་ཚོགས།སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་དམངས་ཡོངས་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་པ་དང་།དེར་མ་ཟད་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་སྒོས་སྐོར་གཡེང་ལྟ་རྟོག་ནན་མོ་དང་ལག་རྩལ་མཛུབ་སྟོན་བྱེད་དུ་བཅུག་ནས།སྡོང་ཕྲུག་རེ་རེའི་གསོན་ཚད་ལ་ཁག་ཐེག་དང་ལྗང་སྒྱུར་ལ་ཁག་ཐེག་བྱས།ལྗང་མདོག་སྐྱེ་ཁམས་ཀྱི་དབུས་ལམ་འཛུགས་སྐྲུན་ཐད་ལ་སྲ་བརྟན་གྱི་འགན་སྲུང་བརྟན་པོ་མཁོ་སྤྲོད་ཀྱིས་ཚ་འདམ་གཞུང་གི་ལེ་དབར་སྟོང་གི་བྱེ་འགོག་ལྗང་སྒྱུར་འཛུགས་སྐྲུན་ལ་ལྕགས་རི་བསྐྲུན་པ་རེད།

གོང་མ།:ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཞོལ་མ།:ཧན་ཀྲིན་གྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235