མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་གྲོས་ཚོགས་གཟབ་རྒྱས་ངང་མགོ་བརྩམས།

ཡོང་ཁུངས།:མཚོ་ནུབ་བརྙན་འཕྲིན་ཁང་།  སྤེལ་དུས།:2019-06-21  རྩོམ་པ་པོ།:མཚོ་ནུབ་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན།  ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་གྲོས་ཚོགས་སུ་གཟབ་རྒྱས་ངང་མགོ་རྩོམ་མཛད་སྒོ་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ལའེ།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཀྲི་བཅས་མགོ་རྩོམ་མཛད་སྒོར་ཞུགས།  ཁུལ་ཨུའི་ཧྲུའུ་ཅིའམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུན་གོ་ཏུང་གིས་ཤིས་ཚིག་ཕུལ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མེང་ཧའེ་ཡིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།  

ཝང་ཡུས་ཡན་གྱིས་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་བཅུ་གཉིས་པའི་མཚོ་ནུབ་ཡན་ལག་ཚོགས་ར་གཟབ་རྒྱས་ངང་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།  ཝང་ཡུས་ཡན་དང་ ཀྲང་ལའེ།ཏུའུ་ཏེ་ཀྲི་བཅས་ཀྱིས་མཉམ་དུ་མགོ་རྩོམ་སྒང་བུ་མནན།

བིན་གོ་ཏུང་གིས་ཤིས་ཚིག་ཁྲོད་ཐོག་མར་ཀྲུང་གུང་མཚོ་ནུབ་ཁུལ་ཨུ་དང་མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་། མཚོ་ནུབ་ཁུལ་སྲིད་གྲོས།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ།  རྒྱང་རིང་ནས་ཕེབས་པའི་མགོ་ཁྲིད་དང་།  སྐུ་མགྲོན།གྲོགས་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།  ཁོས་བཤད་རྒྱུར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ནི་རང་ཞིང་གི་གཞི་རྒྱ་ཆེས་ཆེ་ཞིང་།རིམ་པ་ཆེས་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་རྒྱས་སྟོན་ཞིག་ཡིན།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་འཚོགས་ནས་ལོ་ངོ20རིང་། མཚོ་ནུབ་ཁུལ་ནས་ཐོག་དང་པོར་ཡན་ལག་ཚོགས་ར་བཙུགས་པ་འདིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་མཚོན་པ་མ་ཟད།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཀྱི་ལས་བྱེད་མང་ཚོགས་ལ་ཡིད་ཆེས་བརྟན་པོ་ཡོད་པའང་མཚོན་ཡོད་ལ།ཚྭ་འདམ་སྒོ་འབྱེད་ལ་ཕན་ནུས་ལྡན་པའི་རོགས་འདེགས་བྱས་ཏེ།  སྔར་ལས་མང་པོའི་ཚོང་མགྲོན་དང་དངུལ་གཏོང་མཚོ་ནུབ་ལ་ཕྱོགས་ནས། མཚོ་ནུབ་ལ་མ་དངུལ་གཏོང་བའི་སྟེགས་བུ་རྒྱ་ཆེན་པོ་ཞིག་བསྐྲུན་པ་དང་།མཚོ་ནུབ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་སྟངས་དང་རིམ་འཕར།   སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ཟེར།

ཝུན་གོ་ཏུང་གིས་བཤད་རྒྱུར།  མཚོ་ནུབ་མེས་རྒྱལ་གྱི་ནོར་གཞོང་དུ་ཆགས་ཡོད་ལ།མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་རིམ་པའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གཅིག་པུ་གནས་འདིར་བསྐྲུན་ཡོད་པས།  རང་ཞིང་གི་བཟོ་ལས་རྟེན་ཞིག་གལ་ཆེན་ཞིག་ཡིན།མིག་སྔར་ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས།  ལྕགས་རིགས་བཙོ་སྦྱོང་། ནུས་ཁུངས་གསར་བ།རྒྱུ་ཆ་དང་ཁྱད་ལྡན་སྐྱེ་དངོས།རིག་གནས་གནས་སྐོར་སོགས་མཉམ་བསྲེས་འཕེལ་རྒྱས་ཐོན་ལས་ཀྱི་མ་ལག་བཅས་གྲུབ་ཡོད།    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་།མཚོ་ནུབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚྭ་མཚོར་རྟོག་ཞིབ་སྐབས་ཀྱི་འཛུབ་སྟོན་སེམས་ལ་དམ་པོར་བཅངས་ནས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་འཕེལ་རྒྱས་ལ་བཟུང་བའི་བླང་བྱ་ལྟར་དང་།མཚོ་ནུབ་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་གནས་བབ་ལེགས་པོར་རྐང་བཙུགས་ཏེ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་བྱེད་རྒྱུ་ཡིན་པ་དང་།སྟོང་ཅན་ལྔ་ཐོན་ལས་ཁྱུ་ཚོགས་བསྐྲུན་པར་ཇུས་འགོད་དང་། ཐོན་ལས་ཆེན་པོ་བཅུའི་རྟེན་གཞིའི་འཛུགས་སྐྲུན་ལ་ཇུས་གཞི་འཐེན་ནས།ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་ལས་གཞི་གལ་ཆེན་ལག་བསྟར་བྱེད་དགོས་པ་དང་། ཤུགས་ཆེན་པོས་གཉེར་ཚོང་གི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ།ཁེ་ལས་པ་རྣམས་ལ་དངུལ་གཏོང་ལས་དར་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་། ཚྭ་འདམ་གཤོང་ས་དེ་ཁྱད་དུ་འཕགས་པའི་དངུལ་གཏོང་གི་གཤིན་ས་རུ་འགྱུར་རུ་འཇུག་དགོས།མཚོ་ནུབ་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཆེས་ཟོལ་མེད་ཀྱི་ལྷག་བསམ་དང་ཆེས་ལེགས་པའི་ཁོར་ཡུགཆེས་བཟང་པའི་ཞབས་ཕྱི་ཡིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འཐེན་བྱེད་རྒྱུ་ཡིན་ཟེར།

     ཝུན་གོ་ཏུང་གིས་བཤད་རྒྱུར།མཚོ་ནུབ་ཀྱིས་དུས་དང་རྣམ་པ་ཀུན་དུ་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་འོགཐེངས་འདིའི་ཚོང་ཚོགས་གོ་སྐབས་སུ་བཟུང་རྒྱུ་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཏན་ཏིག་བཞིའི་གལ་ཆེའི་བླང་བྱ་དོན་འཁྱོལ་བྱས་ཏེ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་སོ་སོ་ཁྱོན་ཡོངས་ནས་དངོས་འབེབ་བྱེད་དགོས་པ་དང་།ལྔ་བཞི་འཐབ་ཇུས་ལག་བསྟར་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད། སྔོན་དུ་བསྐྱོད་པ་གཉིས་ཁྱོན་ཡོངས་ནས་མངོན་འགྱུར།སྐས་རིམ་གསུམ་དུ་སླེབས་པར་བརྩོན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་བྱེད་རྒྱུ་ཡིན་ཟེར།

རང་བྱུང་ཐོན་ཁུངས་པུའུ་གཏེར་རྫས་ཐོན་ཁུངས་སྲུང་སྐྱོབ་ལྟ་སྐུལ་ཟི་དང་ཧི་ནན་ཞིང་ཆེན།མཚོ་སྔོན་ཞིང་ཆེན་ཐད་གཏོགས་ཐིན་དང་ཅུའུ་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར།ཞིན་ཅང་རང་སྐྱོང་ལྗོངས་པཱ་ཡུན་ཀའོ་ལི་སོག་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཅིག་ཆོན་གྲོང་ཁྱེར་དང་།ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན།ཚོགས་འདུར་གདན་ཞུ་བྱས་པའི་རྒྱལ་ནང་གི་མིང་དུ་གྲགས་པའི་ཁེ་ལས་དང་ཚོང་བའི་རྩ་འཛུགས་སོགས་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་མི་སྣ།ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་།ཁུལ་ཡོངས་ཀྱི་ས་གནས་སོ་སོའི་འགན་ཁུར་བློ་མཐུན་དག་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་སྟེང་།མཚོ་ནུབ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཧན་ཆིན་ཀུ་ལུ་སྒྱུ་རྩལ་ཚོགས་པས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཚོང་གཏམ་ཚོང་ཚོགས་མཚོ་ནུབ་ཡན་ལག་ཚོགས་ར་རུ་བྱ་འགུལ་སྤེལ་བའི་སྐབས་དེར།རང་ཁུལ་གྱིས་མཚོ་ནུབ་ཆེད་དོན་མིང་འགོད་དང་ཆེད་དོན་གླེང་སྟེགས་སོགས་ཚོང་གཉེར་དང་རིག་གནས་བྱ་འགུལ24ཙམ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་དང་སྐུ་མགྲོན་སྟོང་ལྷག་ཐེངས་འདིའི་ཚོང་ཚོགས་སྟེང་ཞུགས་ཡོད།

གོང་མ།:ཚྭ་འདམ་གཞོང་དུ་སྐོར་ལམ་མཁའ་འགྲུལ་ཤར་གཏོང་བྱས།

ཞོལ་མ།:ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་མེད་དུ་མི་རུང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235