མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
པར་རིས་གསར་འགྱུར།
 

མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་གཅིག་པ་མཚོ་ནུབ་ཁུལ་ནས་འཚོགས་པ།

ཡོང་ཁུངས།:  སྤེལ་དུས།:2019-08-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

2019ལོའི་ཟླ7པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་གཅིག་པ་མཚོ་ནུབ་ཁུལ་ནས་འཚོགས།

རང་ཞིང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་རིགས་ཀྱི་ཆེད་མཁས་པ་རྣམས་མཚོ་ནུབ་ཁུལ་དུ་ལྷན་འཛོམས་བྱུང་ནས། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཚུན་ལ་མི་རིགས་སྐད་ཡིག་ལོ་ཙཱའི་འཕེལ་རྒྱས་ལོ་རྒྱུས་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་རིང་ལ་རང་ཞིང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ཐད་ལ་ཐོབ་པའི་འོད་སྟོང་ལྡན་པའི་གྲུབ་འབྲསསྤྱི་བསྡོམས་དང་ཕྱིར་དྲན་བྱས་པ་རེད།
       རང་ཞིང་གི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་འི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་།  ཀྲུང་ཧྭ་མི་རིགས་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གཙོ་བོར་བཟུང་ནས།  མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་པ་བཅས་དམིགས་འབེན་བྱས་ཏེ།  ཧུར་བརྩོན་གྱིས་བྱ་བ་ཁག་ལ་སྐུལ་འདེད་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ་རེད། ལོ་ངོ་བདུན་ཅུ་རིང་ལ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བའི་འོག   མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་གྱིས་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ལས་བྱེད་མང་ཚོགས་དང་འབྲེལ་འདྲིས་ཀྱི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཡང་དག་པའི་སྒོ་ནས་ཏང་དང་སྲིད་གཞུང་གིཡིག་ཆ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པས། རྒྱ་ཆེ་བའི་གྲངས་ཉུང་མི་རིགས་ལས་བྱེད་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཁྱབ་བསྒྲགས་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད།  ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལ་རང་ཞིང་གིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས  ཁོར་ཡུག་སྲུང་སྐྱོང་།  སྐྱེ་ཁམས་སྲུང་སྐྱོང་།  ཞིང་ལས་དེང་རབས་ཅན་སོགས་ཐབས་ཇུས་གལ་ཆེན་གྱི་ལོ་ཙཱའི་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།
      ཚོགས་འདུའི་ཐོག་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱིསཧུར་ཐག་གིས་རྒྱ་ཆེ་བའི་གྲངས་ཉུང་མི་རིགས་ལས་བྱེད་མང་ཚོགས་འདུ་ཤེས་བཞིསྲ་བརྟན་དུ་འཛུགས་དང་།  རང་རློན་བཞིབརྟན་པོར་བཏང་ནས།  སྲུང་སྐྱོང་གཉིསབྱེད་ཐུབ་པར་ཁྲིད་སྟོན་བྱས་ཏེ ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་མི་རིགས་ས་ཁུལ་དུ་དོན་འཁྱོལ་བྱེད་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།
        ཚོགས་འདུའི་ཐོག་ད་དུང་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ཀྲུང་དབྱང་གི་རྗེས་སུ་དམ་པོར་འབྲང་བ་དང་།   མཚོ་སྔོན་གྱི་དོན་དངོས་དང་འབྲེལ་བ།   མང་ཚོགས་ཀྱི་རེ་སྒུག་ལ་བསྟུན་པ་བཅས་བྱས་ཏེ། ཁྱོན་ཡོངས་ལ་དམིགས་པ་དང་སྤྱི་ཁོག་རྟོགས་པར་བྱ་དགོས་ལ།  རྣམ་པ་གསར་བའི་སྒོ་ནས་མི་རིགས་སྐད་ཡིག་ལས་དོན་ལ་གསར་གཏོད་དང་གོང་འཕེལ་ཡོང་བར་སྐུལ་འདེད་བྱས་ནས།  མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་དུས་རབས་དང་མཐུན་པར་བྱེད་པ་དང་། བསམ་བློ་གསར་བ་དང་ཚད་མཐུན་པ། བླང་བྱ་གསར་པ་དང་མཉམ་འགྲོས་བྱ་དགོས་པའི་བླང་བྱ་བཏོན་ཡོད།  

ཚོགས་ཞུགས་ཀྱི་འཐུས་ཚབ་མི་སྣ་སོ་སོས་བཤད་རྒྱུར།  མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་ཀ་བྱེད་མཁན་ཞིག་བྱེད་ན་མི་རིགས་སྐད་ཡིག་ལོ་ཙཱའི་ལས་ཀ་བྱེད་མཁན་གྱིསཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རྩ་འཛུགས་དང་ཐུན་མོང་གི་འདུ་ཤེསབརྟན་པོ་འཛུགས་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།  མི་རིགས་སྐད་ཡིག་ལོ་ཙཱ་ནི་འབྲེལ་ཐག་ཏུ་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་གཞག་དགོས་ཞེས་བཤད་པ་རེད།

གོང་མ།:རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཏེར་ལེན་ཁ་གྲོང་ཁྱེར་དུ་འཚོགས་པ།

ཞོལ་མ།:ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་སྤྱི་བསྒྲགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235